《གནའ་བོའི་གཉའ་གླུའི་ཡིག་ཆ་ཕྱོགས་བསྒྲིགས》ཞེས་པའི་དཔར་བསྐྲུན་འགྲེལ་སྤེལ་གྱི་ཚོགས་འདུའི་མཛད་སྒོ་སྤེལ།

[ཟླ་ཚེས། 2018-09-09 00:24:12][རྩོམ་པ་པོ། ཚུལ་ཁྲིམས་ཕུན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20180908232827.jpg

      དེ་རིང་སྟེ་༢༠༡༨/༩/༨ཉིན་མངའ་རིས་སྒར་རྫོང་མོན་འཚེར་སུམ་སྣའིགནའ་བོའི་གཉའ་གླུའི་ཡིག་ཆ་ཕྱོགས་བསྒྲིགསཞེས་པ་དཔར་བསྐྲུན་འགྲེལ་སྤེལ་གྱི་ཚོགས་འདུའི་མཛད་སྒོ་འཚོགས་པ་ཡིན།  

 微信图片_20180908232852.jpg

གཉའ་གླུའི་མཚམས་སྦྱོར་ནིགཉའ་རབས་གླུ་གཞུང་གི་རྒྱབ་ལྗོངས་དང་ལོ་རྒྱུས་དང་འབྲེལ་བའི་གླེང་གཞི ཞེས་པའི་ནང་དུ་གཉེན་སྟོན་གྱི་མགོ་མཇུག་བར་གསུམ་ཞིབ་ཏུ་བརྗོད་ཡོད།  གཉའ་རབས་ཡིག་རྙིང་འདིའི་མ་དཔེ་ནི་མངའ་རིས་ཁུལ་སྒར་རྫོང་མོན་འཚེར་དགུང་ལོ་བརྒྱད་ཅུ་གྱ་ལྔར་སོན་པའི་མེས་པོ་བསོད་ནམས་དབང་གྲགས་ཀྱི་ཡིན་ཞིང་།

 微信图片_20180908232928.jpg

ཁོང་གཉའ་གླུ་ལ་ཤིན་ཏུ་དགའ་པོ་ཡོད་པས་རིག་གསར་སྐབས་སུ་གཉའ་རབས་གླུ་གཞུང་འདི་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་སྦས་སྐུང་དང་བདག་གཅེས་ཉར་ཚགས་བྱས་འདུག་པས་གཡར་པོ་ཞུས་ཏེ་ང་ཚོ་གཉའ་རབས་གླུ་གཞུང་འདི་ལ་མོན་འཚེར་གྱི་རྩོམ་སྒྲིག་ཚོགས་ཆུང་བཙུགས་ཤིང་དཔེ་བཤུ་དང་དག་སྒྲིག་བྱས་པ་དང་།  མངའ་རིས་ས་ཁུལ་སྲིད་ཧྲུའུ་དང་།   རིག་གནས་ཅུས།  དེ་བཞིན་སྒར་རྫོང་གི་སྲིད་གྲོས་དང་།  རིག་གནས་ཅུས་དང་།   མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བཅས་ཀྱི་རྒྱབ་སྐྱོར་ཚད་མེད་འོག་ཏུ་ གཉའ་རབས་གླུ་གཞུང་གི་དཔེ་རྙིང་དངོས་ཀྱི་པར་རིས་མང་པོ་དང་།  

 微信图片_20180908233032.jpg

དེ་བཞིན་མ་དཔེ་ངོས་བཤུས་མ་ཆ་ཚང་དང་།   དག་བཤེར་བྱས་པའི་བུ་དཔེ་ཚར་གཅིག   ཟུར་བཀོལ་བཅས་གླུ་གཞུང་ཆ་ཚང་ཡོད་པའི་ཉེ་སྔོན་དུ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིསགནའ་བོའི་གཉའ་གླུའི་ཡིག་ཆ་ཕྱོགས་བསྒྲིགསཞེས་པ་པར་སྐྲུན་ལེགས་གྲུབ་བྱུང་ཞིང་ས་གནས་འདིར་ཚར་ལྔ་སྟོང་འབྱོར་བས།  མངའ་རིས་སྒར་རྫོང་མོན་འཚེར་སུམ་སྣའིགནའ་བོའི་གཉའ་གླུའི་ཡིག་ཆ་ཕྱོགས་བསྒྲིགས།ཞེས་པ་དཔར་བསྐྲུན་འགྲེལ་སྤེལ་གྱི་ཚོགས་འདུའི་མཛད་སྒོ༢༠༡༨ /༩/༨ཉིན་འཚོགས་ཤིང་།   

 微信图片_20180908233047.jpg

སྒར་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ཚེ་བརྟན་དང་།  རིག་དངོས་ཅུས་ཀྱི་ཅུས་ཀྲང་ནོར་བུ་དབང་གྲགས།  མོན་འཚེར་ཤང་གི་ཤང་ཀྲང་ཀུན་དགའ་སོགས་འབྲེལ་ཡོད་ཀྱི་ལས་ཁུངས་དང་།  གཉའ་རབས་གླུ་གཞུང་རྩོག་སྒྲིག་ཚོགས་ཆུང་དང་།  གཉའ་གླུའི་རྒྱུན་འཛིན་མི་སྣ་བཅས་ཚོགས་འདུ་ལ་ཞུགས་ཡོད་པ་རེད། ༢༠༡༨/༩/༨ཉིན།

微信图片_20180908233101.jpg

微信图片_20180908233056.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།