མང་རྫོང་སྟོང་སྐོར་གཡུང་དྲུང་གསང་སྔགས་གླིང་ནས་རྩ་བླ་བོན་བརྒྱ་ཚང་ལ་གདུང་མཆོད་འཚོགས་པ།

[ཟླ་ཚེས། 2018-09-03 00:33:00][རྩོམ་པ་པོ། སྟོང་རུ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20180903002453.jpg

མང་རྫོང་སྟོང་སྐོར་གཡུང་དྲུང་གསང་སྔགས་གླིང་ནས་རྩ་བའི་བླ་མ་བོན་བརྒྱ་ཚང་དགོངས་པ་ཞི་དབྱིངས་སུ་གཤེགས་པར་གདུང་མཆོད་འཚོགས་པ།

微信图片_20180903002500.jpg

      ངེད་སྟོང་སྐོར་གཡུང་དྲུང་གསང་སྔགས་གླིང་ནས་གསང་སྔགས་རིག་པ་འཛིན་པ་གཙོས་དད་ལྡན་ལྷ་སྡེ་མི་སྐྱ་ཕོ་མོ་རྒན་གཞོན་ཡོངས་ནས་༧སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་སྐུ་པར་མཐོང་གྲོལ་ཆེན་མོའི་མདུན་དུ་དངོས་འབྱོར་ཡིད་ལས་སྤྲུལ་པའི་མཆོད་པ་བཤམས་ནས། དད་མོས་གུས་པ་ཆེན་པོས་ཚེ་དབང་སྨོན་ལམ་དང་མ་ཏྲི། གཞན་བསྔོ་བ་སྨོན་ལམ་སོགས་སྒོ་གསུམ་གུས་པས་གདུང་མཆོད་གཟབ་རྒྱས་ཕུལ་བ་དང་། སྡེ་མི་ཡོངས་ཀྱིས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་འབད་བརྩོན་གྱིས་ཉིན་ཐུན་བརྒྱད་ཀྱིས་དགེ་ལ་འབད་དེ་ཉིན་རེར་ཁྱིམ་ཚང་བཅོ་ལྔ་ལྷག་གིས་མར་མེ་བརྒྱ་མཆོད་རེ་ཚོགས་བསགས་སྒྲིབ་སྦྱོང་དུ་བསྔོ་ཞིང་། བསྙེན་གནས་ཆོག་བརྒྱད་བདུན་གྱི་སྡོམ་པ་སྲུང་བའི་ཞོར་དུ་སྙིང་པོ་རྣམ་གསུམ་འབུམ་རེ་སྔོན་འགྲོ་ལྟར་སྦྱོང་བ་དང་། དད་ལྡན་མང་པོས་ཞེ་དགུ་མ་ཚང་གི་བར་དུ་དམར་ཟས་མི་ཟ་བ་ཁས་ལེན་པ། འགའ་རེས་ལོ་གཅིག་ལ་དམར་ཟས་མི་ཟ་བའི་དམ་བཅས། རིན་པོ་ཆེའི་འདས་མཆོད་སྒྲུབ་པའི་སྐབས་སུ་བོན་བརྒྱ་དགོན་པའི་འདུས་པ་སྤྱི་ལ་ཇ་གོས་ཀྱིས་ཐོག་དྲངས་ཏེ་དམངས་སྒོར་ཁྲི་གཅིག་འདས་མཆོད་སྒྲུབ་པའི་མཆོད་ཡོན་དུ་འབུལ་བ་ལགས་སོ།།

微信图片_20180903002541.jpg

微信图片_20180903002510.jpg

微信图片_20180903002524.jpg

微信图片_20180903002529.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།