བླ་མ་བྱ་བྲལ་གཡུང་དྲུང་དོན་གྲུབ་མཆོག་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ།

[ཟླ་ཚེས། 2018-05-28 09:27:14][རྩོམ་པ་པོ། ཁྱུང་ཐོག་རྒོད།][རྩོམ་ཁུངས། མེ་ལོང་ཡེ་ཤེས་དྲ་བ།][ཀློག་གྲངས། ]

གཡུང་དྲུང་བོན་གྱི་བཀའ་འགྱུར་ཉར་ཚགས་གནང་མཁན་ཉག་རོང་དབལ་ཁྱུང་དགོན་གྱི་བླ་མ་བྱ་བྲལ་གཡུང་དྲུང་དོན་གྲུབ་མཆོག་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ།

1527470870113199.gif

   ཉག་རོང་དབལ་ཁྱུང་དགོན་པའི་བླ་མ་བྱ་བྲལ་གཡུང་དྲུང་དོན་གྲུབ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་གཟིགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་འཕྲལ། ཉག་རོང་དབལ་ཁྱུང་དགོན་གྱི་གྲྭ་གཡུང་དྲུང་ཐོགས་མེད་ནས་གྲྭ་ཚང་ལ་སྙན་ཞུ་དང་འབྲེལ་གོ་སྒྲིག་གནང་སྟེ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཙུག་ལག་ཁང་དུ་དམ་པ་གང་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་རྣམ་ལྔའི་མཆོད་པ་བཤམས་ཤིང་འདུས་མང་ཡོངས་ནས་བླ་མ་མཆོད་པའི་སྒོ་ནས་གདུངས་མཆོད་གསོལ་འདེབས་སྨོན་ལམ་གང་ཟབ་གནང་།

1527470870987106.gif1527470870232199.gif

   དམ་པ་གང་ཉིད་སྐུ་འཚོ་བཞུགས་ཀྱི་སྐབས་སུ་དུས་འགྱུར་གྱི་གཉན་འཕྲང་ནང་སྐུ་སྲོག་ལ་མ་འཛེམས་པར་གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེ་སྦས་སྐུང་ཉར་ཚགས་གནང་མཁན་གཙོ་བོ་ཡིན་པ་མ་ཟད། མཁའ་འགྲོ་མཁའ་སྤྱོད་དབང་མོ་ཞིང་ཁམས་གཞན་དུ་ཕེབས་པ་ནས་བཟུང་དབལ་ཁྱུང་དགོན་པའི་རྟེན་དང་བརྟེན་པར་ཐུགས་འགན་གཙོར་བཞེས་མཛད་པ་བཅས་མདོར་ན་བསྟན་དང་འགྲོ་བར་ཞབས་ཞུ་བླ་མེད་བསྒྲུབས་པའི་བཀའ་དྲིན་རྗེས་སུ་དྲན་བཞིན་ཁྱུང་ཐོག་རྒོད་ནས་ཕྱི་ལོ་ ༢༠༡༨ ཟླ་ ༠༥ ཚེས་ ༢༧ ཉིན།


 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།