རྒྱལ་རོང་ཁ་སྐད་སློབ་དེབ་རྩོམ་སྒྲིག་གི་ཚོགས་འདུ་འབར་ཁམས་སུ་འཚོགས།

[ཟླ་ཚེས། 2018-05-14 18:31:19][རྩོམ་པ་པོ། གསར་འགོད་པ་མགོན་པོ་ཚེ་བརྟན།][རྩོམ་ཁུངས། རྔ་བའི་གསར་འགྱུར་འཕྲིན་སྟེགས།][ཀློག་གྲངས། ]

1.jpg 

   ཟླ་5བའི་ཚེས་12ཉིན། འབར་ཁམས་གྲོང་ཁྱེར་གྱི་སྲིད་གྲོས་དང་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་གཉིས་ཀྱིས་རྩ་འཛུགས་བྱས་པའི་རྒྱལ་རོང་ཁ་སྐད་སློབ་དེབཀྱི་རྩོམ་སྒྲིག་ལས་ཀའི་གྲོས་ཚོགས་དེ་འབར་ཁམས་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས་པ་རེད།

5.jpg
མཁས་དབང་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

2.jpg
འབར་ཁམས་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚེ་དབང་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

     ཐེངས་འདིའི་གྲོས་ཚོགས་སུ་འབར་ཁམས་གྲོང་ཁྱེར་གྱི་སྲིད་གྲོས་དང་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱི་འགོ་ཁྲིད་དང་།རྒྱལ་རོང་ཁ་སྐད་སློབ་དེབཁག་དང་པོའི་རྩོམ་སྒྲིག་མི་སྣ། འབར་ཁམས་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་བཅས་མི་བདུན་ཅུ་ལྷག་ཚོགས་འདུར་ཞུགས་ཡོད། ཚོགས་འདུར་འབར་ཁམས་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་མགོན་གྱིས་མགོ་འཛིན་མཛད་ཅིང་། འབར་ཁམས་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚེ་དབང་ལགས་ཀྱིས་གསུང་བཤད་གནང་བ་དང་། རྔ་བ་ཁུལ་རྩོམ་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་རྒྱལ་རོང་ཁ་སྐད་སློབ་དེབཁག་དང་པོའི་ལག་བསྟར་སྤྱི་ཁྱབ་རྩོམ་སྒྲིག་པ་སྒྲོལ་དཀར་སྐྱིད་ལགས་ཀྱིས་ཁ་སྐད་སློབ་དེབ་འདི་རྩོམ་སྒྲིག་བྱས་པའི་སྐོར་གྱི་གནས་ཚུལ་སྙན་ཞུ་གནང་། དེ་མིན་ཚོགས་འདུར་མཁས་དབང་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་སོགས་རྒྱལ་རོང་རིག་གནས་ཕྱོགས་ཀྱི་ཆེད་མཁས་པ་མང་པོས་གསུང་བཤད་གནང་བ་རེད།

4.jpg
འབར་ཁམས་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མཚམས་གནས་དགོན་གྱི་མཆོག་སྤྲུལ།
རྒྱལ་རོང་ཁ་སྐད་སློབ་དེབ》(དང་པོ།ཡི་སྤྱི་ཁྱབ་རྩོམ་སྒྲིག་པ་ཀུན་བཟང་ལགས་ཀྱི་སློབ་དེབ་གཉིས་པའི་རྩོམ་སྒྲིག་ལས་ཀར་བཀོད་སྒྲིག་གནང་བ།

6.jpg
རྔ་བ་རྒྱལ་རོང་རིག་གནས་ཞིབ་འཇུག་ཚོགས་པའི་བློ་འདྲི་ས་བྱང་ཆུབ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

7.jpg
འབར་དགེ་སློབ་འབྲིང་གི་སློབ་གཙོ་གཞོན་པ་བརྟན་ལོ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

 རྒྱུས་ལོན་པ་ལྟར་ན།རྒྱལ་རོང་ཁ་སྐད་སློབ་དེབཀྱི་ནང་དོན་ལ་བོད་ཡིག་གི་སྦྱོར་ཀློག་དང་མིང་ཚིག ཁ་བརྡ། དམངས་ཁྲོད་རྒྱུན་ཤེས་བཅས་རིགས་4རུ་དབྱེ་ཡོད། བོད་ཡིག་གི་སྦྱོར་ཀློག་ལ་སློབ་ཚན་31དང་སྦྱང་ཚན་8ཡོད། དེའི་ནང་དུ་རི་མོར་བལྟས་ནས་ཡི་གེ་ངོས་འཛིན་པའི་ནང་དོན་ཡང་འདུས་ཡོད། རྒྱལ་རོང་ཡུལ་སྐད་ཀྱི་རྩ་བའི་མིང་ཚིག་300ལྷག་ཡོད། མིང་ཚིག་སྐོར་ལ་སློབ་ཚན་8ཡོད་ཅིང་། དེའི་ནང་དུ་ཚབ་ཚིག་དང་ཚད་ཚིག གྲངས་ཚིག མིང་ཚིག བྱ་ཚིག རྒྱན་ཚིག་སོགས་འདུས་ཡོད་པ་རེད། དེ་མིན་ཁ་བརྡའི་སྐོར་ལ་སློབ་ཚན་6ཡོད་ཅིང་། གཙོ་བོ་རྒྱལ་རོང་ཁ་སྐད་ཀྱི་རྒྱུན་སྤྱོད་ཁ་བརྡ་དག་ཡིན། གཞན་དམངས་ཁྲོད་རྒྱུན་ཤེས་ཀྱི་སྐོར་ལ་རྒྱལ་རོང་གི་དམངས་ཁྲོད་གཏམ་རྒྱུད་དང་རོལ་རྩེད། བྱིས་གླུ། གཏམ་དཔེ། ལེགས་བཤད་སོགས་ནང་དོན་འདུས་ཡོད།

8.jpg
རྔ་བ་རྒྱལ་རོང་རིག་གནས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཀརྨ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།


འབར་ཁམས་གྲོང་ཁྱེར་སློབ་ཆུང་གསུམ་པའི་སློབ་གཙོ་ཡའོ་ཝུན་ཡིང་གིས་གཏམ་བཤད་གནང་བཞིན་པ།


རྔ་བ་ཁུལ་རིག་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་པ་སངས་ཀྱིས་གཏམ་བཤད་གནང་བཞིན་པ།


དཀར་མཛེས་ཁུལ་རོང་བྲག་རྫོང་བྲག་སྟེང་གཡུང་དྲུང་དར་རྒྱས་གླིང་གི་མཆོག་སྤྲུལ།
རྒྱལ་རོང་ཁ་སྐད་སློབ་དེབ》(དང་པོཡི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ནམ་མཁའ་ཚུལ་ཁྲིམས་ལགས་ཀྱིས་གསུང་བཤད་གནང་བཞིན་པ།


རྔ་བ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཁུངས་ཏང་ཨུའི་ཧྲུའུ་ཅི་ནོར་མཚོས་གཏམ་བཤད་གནང་བཞིན་པ།
1526294294389695.jpg

    རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྒྲོལ་དཀར་སྐྱིད་ཀྱིས་གསར་འགོད་པར་ངོ་སྤྲོད་བྱས་པ་ལྟར་ན། རྒྱལ་རོང་ཁ་སྐད་ནི་བོད་ཀྱི་ཡུལ་སྐད་ཀྱི་རིགས་ཤིག་ཡིན་ལ། མདོ་སྨད་ཤར་རྒྱལ་མོ་ཚ་བ་རོང་གི་ས་ཆར་རྒྱ་ཆེར་སྤྱོད་བཞིན་ཡོད་ཅིང་། བོད་རིག་པའི་ཆེད་མཁས་པའི་ཞིབ་འཇུག་ལྟ་ཚུལ་ལྟར་ན། རྒྱལ་རོང་ཡུལ་སྐད་དུ་བོད་ཀྱི་བརྡ་རྙིང་གི་སྒྲ་འབྱིན་སྟངས་དང་བརྡ་རྙིང་མང་བོ་ཡོད་ཅིང་། རིག་གནས་ཤུལ་བཞག་གི་རྩ་ནོར་འདི་སྔར་བས་ལྷག་པར་རྒྱུད་འཛིན་དང་བེད་སྤྱོད་ཐུབ་པ། རྒྱལ་རོང་ས་ཆའི་ལས་བྱེད་པ་དང་མང་ཚོགས་ཀྱི་རྒྱལ་རོང་ཁ་སྐད་བཤད་པའི་འཇོན་རྩལ་ཇེ་བཟང་དུ་གཏོང་བ། རྒྱལ་རོང་ཡུལ་གྱི་བྱིས་པ་ཚོས་ཆུང་དུས་ནས་ཕ་སྐད་སློབ་པ་དང་ཕ་སྐད་བཤད་པའི་ནུས་པ་ཇེ་མཐོར་གཏོང་བ། ནང་སྒོས་སུ་རྒྱལ་རོང་ཡུལ་སྐད་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་གི་ཡུལ་སྐད་ལ་བརྟེན་ནས་སྤྱི་སྤྱོད་བོད་ཡིག་དང་རྒྱ་ཡིག་ལ་སློབ་སྦྱོང་བྱེད་ཆེད། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་གྲོང་ཁྱེར་གྱི་སྲིད་གྲོས་དང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་2016ལོར་རྩོམ་སྒྲིག་ཨུ་ཡོན་ལྷན་ཚོགས་བཙུགས་ཏེ།རྒྱལ་རོང་ཁ་སྐད་སློབ་དེབཁག་དང་པོའི་རྩོམ་སྒྲིག་ལས་ལ་ཞུགས་པ་ཡིན་ཟེར།


འབར་ཁམས་གྲོང་ཁྱེར་མཚམས་གནས་དགོན་གྱི་མཁན་པོ།
རྒྱལ་རོང་ཁ་སྐད་སློབ་དེབ》(དང་པོཡི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བསྟན་པ་རྒྱ་མཚོ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།


འབར་ཁམས་གྲོང་ཁྱེར་འབོ་ལ་དགོན་གྱི་མཆོག་སྤྲུལ།
རྒྱལ་རོང་ཁ་སྐད་སློབ་དེབ》(དང་པོཡི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཀུན་དགའ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

     དེ་ཡང་རྒྱལ་རོང་ཞེས་པ་ནི་རྒྱལ་མོ་ཚ་བ་རོང་གི་བསྡུས་མིང་ཡིན་ལ། རྒྱལ་མོ་ཚ་བ་རོང་ནི་བོད་རོང་ཆེན་བཞིའི་ཡ་གྱལ་དུ་འདྲེན་པའི་བོད་ཀྱི་ཤར་ཕྱོགས་ཀྱི་རོང་ཆེན་དག་གི་སུལ་དང་ཆུ་ཆེན་རྣམས་ཀྱི་འགྲམ་དུ་ཆགས་པའི་ཡུལ་གྲུ་དེར་ཟེར་ཞིང་། ཁོང་ཚོས་བོད་ཡིག་གི་འབྲི་འདེད་བྱེད་ལུགས་དང་ཀློག་སྟངས་སྐོར་ལ་དབྱངས་གསལ་དང་མགོ་ཅན་འདོགས་ཅན་འཕུལ་རྟེན་བཅས་ཀྱི་སྒྲ་ཟུར་ཤིན་ཏུ་དག་པོ་ཡོད་ཅེས་སི་ཏུའི་༼སུམ་རྟགས་འགྲེལ་ཆེན།༽ནང་དུ་གསུངས་ཡོད་པ་དེ་བཞིན་དུ། མགོ་སྐྲ་ལ་ས་ཀ་ར། མཁྲིས་པ་ལ་དེ་མ་ཁ་རིས། སོགས་ད་ལྟའི་བོད་སྤྱིའི་ཡི་གེ་ལྟར་ན་སོ་སོར་འཕྲལ་ནས་འདོན་རྒྱུ་མིན་པར་ཚེག་བར་གཅིག་གི་ནང་དུ་འཕུལ་རྟེན་མགོ་འདོགས་སོགས་ཀྱི་སྒྲ་ཟུར་ཙམ་ཐོན་པ་ཞིག་ཀློག་གིན་ཡོད་དེ། ཡང་ཕྱིས་ཀྱི་སྐད་གསར་བཅད་ཀྱི་ཁྲོད་དུ་བསྒྱུར་བར་འདོད་དེ། རྒྱལ་རོང་བོད་མིའི་སྐད་ནི་ཆེས་སྔ་མོའི་བོད་ཀྱི་སྐད་ཡིན།

16.jpg
འབར་ཁམས་གྲོང་ཁྱེར་མཚམས་གནས་དགོན་གྱི་མཁན་པོ་འགྱུར་མེད་རྡོ་རྗེ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

1526294441384919.jpg
འབར་ཁམས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཕུན་ཚོགས་ཀྱིས་གཏམ་བཤད་གནང་བཞིན་པ།

     སྤྱིར་བོད་སྐད་ནི་བོད་ཡུལ་དུ་བེད་སྤྱོད་བྱེད་པའི་སྐད་དེ། རོང་འབྲོག་གཉིས་ལས་འབྲོག་པའི་སྐད་ནི་འབྲོག་སྡེ་སྟོད་སྨད་བར་གསུམ་ཀུན་ཏུ་ཁྱད་པར་མེད་ཅིང་། སྒྲ་གདངས་དྲག་ཅིང་གྱོང་ཉམས་ཆེ་ལ་སྔོན་གྱི་སྒྲ་སྦྱོར་གྱི་ཟུར་མ་ཉམས་པར་ཐོན་པ་དང་། རྒྱལ་རོང་གི་ཞིང་སྡེའི་ཡུལ་ལུང་རྣམས་སུ་སྐད་ཀྱི་ཁྱད་པར་སྣ་ཚོགས་ཡོད་པས་གདངས་འདོན་ཚུལ་སོགས་གཅིག་ཏུ་མ་ངེས་ཏེ། འབར་ཁམས་སོགས་ཀྱི་རྒྱལ་རོང་གི་སྐད་ལ་ཡང་དེའི་ཁྱད་ཆོས་མངོན་གསལ་དུ་སྣང་ཏེ། ལུང་བ་རེ་ལ་སྐད་ཆ་རེའི་སྣང་ཚུལ་ཡོད་པར་སྣང་ཡང་།  དོན་དངོས་སུ་སྐད་དེ་དག་ཀྱང་ཕན་ཚུན་བར་གོ་བརྡ་མི་འཕྲོད་པའི་དཀའ་ངལ་མེད་པ་མ་ཟད། དེ་དག་ནི་གཅིག་ལ་གཅིག་བརྟེན་གྱི་ཚུལ་ཏུ་གནས་ཡོད། 

17.jpg  

གསར་འགོད་པ་མགོན་པོ་ཚེ་བརྟན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།