ཉག་རོང་ཨ་འཛི་ལུང་སྐྱོབ་འབྱིན་གནས་འདུས་ཀྱི་དགེ་བསྐུལ་བརྡ་ཁྱབ།

[ཟླ་ཚེས། 2018-05-10 11:21:46][རྩོམ་པ་པོ། ཉག་མུན་སེལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20180510105842.jpg

     དགེ་སྒྲུབ་སྡིག་སྤངས་ཀྱི་ལས་ལ་ཤིན་ཏུ་དགའ་བའི་རྒྱ་ཆེ་བའི་བོད་རིགས་ཀྱི་སྤུན་ཟླ་རྣམས་དང་ལྷག་པར་དུ་ཉག་རོང་གི་གྲུབ་མཐའ་རིས་སུ་མ་ཆད་པའི་སྐྱ་སེར་ཕོ་མོ་རྒན་གཞོན་ཀུན་ལ་ཞུ་དོན།  ལྷོ་འཛམ་བུ་གླིང་གི་གནས་ཆེན་སྤྱི་དང་ཁྱད་པར་དུ་ཉག་རོང་ཨ་འཛི་ལུང་གི་གནས་ཆེན་གསུམ་གྱི་ཡ་གྱལ་ཏེ་ཉག་སྨད་སྐྱོབ་འབྱིན་སེང་ནག་གམ་གནས་ཆེན་གསང་བ་ཡོངས་རྫོང་ནི། ཁོད་སྤུངས་བློ་གྲོས་ཐོགས་མེད་དང་ཤར་རྫ་པ་སོགས་བླ་མ་སྐྱེས་ཆེན་གང་མང་ཞིག་གིས་བྱིན་གྱིས་བརླབས་ཤིང་སྐོར་ལམ་དུ་ངོ་མཚར་བའི་བཀའ་རྟགས་ཕྱག་རྗེས་གྲངས་མང་ཞིག་མཇལ་རྒྱུ་ཡོད། དེ་ནས་གཏེར་གཉིས་གསང་སྔགས་གླིང་པས་གནས་སྒོ་ཕྱེས་པ་ནས་བཟུང་མི་ལོ་བཅུ་གསུམ་འཁོར་བའི་ནང་སྐོར་རེར་གནས་འདུས་ཆེན་མོ་བྱུང་དང་འབྱུང་བཞིན་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་ལགས།  

 微信图片_20180510105828.jpg

ད་ལོ་ནི་བོད་ས་ཕོ་ཁྱི་ཡི་ལོ་སྟེ། ལོ་འདིའི་སྟག་ཟླ་ལྔ་པའི་ནང་ཤར་གྱི་ནོར་བུ་དགའ་འཁྱིལ་ཐང་དུ་གནས་འདུས་འདིའི་ཕྱོགས་ལ་མི་ནུབ་དགོན་པའི་ཡུལ་དགོན་གཉིས་ཀྱིས་ཉིན་བཅུ་ཡི་རིང་ལ་སྐྱོབ་འབྱིན་གཙོ་འཁོར་བཅུ་གསུམ་གྱི་གར་འཆམ་དང་རི་བསང་རླུང་རྟ་སོགས་ཚོགས་འཁོར་བསྐོར་ཞིང་ཚོགས་བསགས་རྒྱ་ཆེར་བྱ་རྒྱུར་གྲ་སྒྲིག་གང་ལེགས་བྱེད་བཞིན་ཡོད།

 微信图片_20180510105901.jpg

༡༽ སྤྱི་ལོ2018-6-24ཉིན་ཏེ་བོད་རྩིས་ཀྱི་ཚེས་བཅུ་ནས་བཅའ་གཞི་སྒྲིག་པ་དང་ཚེ་བཅུ་གསུམ་ཉིན་རྫོགས་ཆེན་ཚོགས་འཁོར་གྱི་སྟ་གོན་དང་ཕྱི་ཉིན་ཚོགས་འཁོར་དངོས་གཞི་ལ་འཇུག་རྒྱུ་ཡིན།

༢༽ ཚེས་བཅོ་ལྔ་ཉིན་སྔ་དྲོ་འཛམ་གླིང་སྤྱི་བསང་ཆེན་མོ་དང་བསྟུན་ནས་རི་བསང་རླུང་རྟ་བྱ་རྒྱུ་དང་། ཉིན་གུང་ཆུ་ཚོད་བཅུ་ཉིས་སྟེང་སྐྱོབ་འབྱིན་གཙོ་འཁོར་བཅུ་གསུམ་གྱི་གར་འཆམ་དང་སྲུང་མའི་བསྐང་གསོལ་སོགས་བྱས་ཏེ་སྲུང་མ་མཆོད་བསྟོད་བྱ་རྒྱུ་ཡིན་པས་དད་ལྡན་མང་ཚོགས་ལྷན་རྒྱས་དུས་ལྟར་ཕེབས་པར་དགའ་བསུ་ཞུ།

 微信图片_20180510105908.jpg

微信图片_20180510105915.jpg

ཞེས་མི་ནུབ་དགོན་པའི་སྐྱོབ་འབྱིན་གནས་འདུས་བཀྲ་ཤིས་གཏོང་རག་ཆེན་མོའི་བཀོད་སྒྲིག་ཚོ་ཆུང་ནས།  སྤྱི་ལོ2018-5-9ཉིན་ཉག་མུན་སེལ་གྱིས་བྲིས་ཏེ་སྤེལ།  བཀྲ་ཤིས་སོ།།   དགེའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།