སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་འཆད་ཁྲིད་གནང་བ།

[ཟླ་ཚེས། 2018-04-22 00:10:10][རྩོམ་པ་པོ། གཙང་ཚྭ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20180421235643.jpg

ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་དགེ་རྒན་ཆེན་མོ་སྟོང་སྐོར་ཚེ་རིང་ཐར་གྱིས་དེང་རབས་རྒྱལ་ཁབ་ཕྱི་ནང་གི་ཞང་ཞུང་རིག་གནས་ཞིབ་འཇུག་གི་གནས་བབཞེས་པའི་སྐོར་ནས་འཆད་ཁྲིད་གནང་བ།

 微信图片_20180421235631.jpg微信图片_20180421235625.jpg

      ༢༠༡༨ ལོའི་ཟླ་ ༤ ཚེས་༢༠ ཉིན་སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག་འཆད་ཁྲིད་དངོས་སུ་འགོ་ཚུགས་པ་རེད། འཆད་ཁྲིད་ཀྱི་ནང་དོན་གཙོ་བོ་ནི། དང་པོ།  ཞང་ཞུང་གི་ལོ་རྒྱུས་དང་ས་རྒྱུས་ཞིབ་འཇུག  གཉིས་པོ། ཞང་ཞུང་གི་སྐད་ཡིག་དང་ཡིག་རིགས་ཞིབ་འཇུག  གསུམ་པ། ཞང་ཞུང་གི་ཆོས་ལུགས་དད་མོས་ཞིབ་འཇུག བཞི་པ། ཕྱི་གླིང་གི་བོད་རིག་པའི་རྒྱུ་ཆའི་སྐོར། ལྔ་པ་ཞང་ཞུང་དང་བོད་ཀྱི་འབྲེལ་བ། བཅས་ལས་འཕྲོས་ཏེ་ནང་དོན་གཙོ་བོ་ནི་ཞང་ཞུང་རིག་གནས་ཞིབ་འཇུག་བྱེད་རྒྱུ་དེ་གལ་ཆེན་ཡིན་པ་དང་དེ་བོན་པོ་གཅིག་པུས་འོས་འགན་མ་ཡིན་པའི་སྐོར་དང་།

 微信图片_20180421235620.jpg

      དེ་སྔོན་ཕྱི་གླིང་པ་གཙོས་པའི་ཞང་ཞུང་གི་ས་སྐོར་དང་རིག་གནས་ཞིབ་འཇུག་བྱས་པའི་བརྒྱུད་རིམ་དང་གྲུབ་འབྲས་རྩོམ་དེབ་སྐོར་གྱི་ངོ་སྤྲོད། ས་འོག་སོགས་ནས་ཐོན་པའི་གནའ་རྫས་དང་ཏུན་ཧོང་ཡིག་རྙིང་ནང་གི་ཞང་ཞུང་སྐད་ཀྱི་ཡིག་ཆ། དམངས་ཁྲོད་དུ་ཉར་ཡོད་པའི་ཞང་ཞུང་གི་ཡིག་ཆ་སོགས་ངོ་སྤྲོད། ཞང་ཞུང་རྒྱལ་པོ་ལིག་མི་སྐྱ་ཡི་ཐམ་ག་དང་སྟེང་གི་ཡི་གེ་ཞང་ཞུང་སྨར་ཡིག་ཡིན་པའི་སྐོར་སོགས་ངོ་སྤྲོད།

 微信图片_20180421235636.jpg

     དེ་སྔོན་ཞང་ཞུང་ཞིབ་འཇུག་གི་ཚོགས་འདུ་རྒྱལ་ནང་དང་རྒྱལ་སྤྱི་ཅན་ཅི་རིགས་སྒོ་ནས་ཐེངས་ག་ཚོད་ཚོགས་ཡོད་པ་དང་། འདི་ལོར་ཡང་བོད་ལྗོངས་དུ་རྒྱལ་སྤྱིའི་ཞང་ཞུང་རིག་གནས་ཞིབ་འཇུག་ཚོགས་འདུ་ཚོགས་གྲབ་ཡོད་པ་སོགས་ཀྱིས་མཚོན།

 微信图片_20180421235605.jpg

      ད་ཆར་རྒྱལ་སྤྱིའི་ཐོག་ཏུ་ཞང་ཞུང་རིག་གནས་ཞིབ་འཇུག་གི་ཚ་རླབས་ཕྱུར་བཞིན་ཡོད་པའི་སྐོར་སོགས་ཆུ་ཚོད་གཉིས་རིང་གཏམ་བཤད་སྤེལ་བ་རེད། མཇུག་ཏུ་ཆུ་ཚོད་ཕྱེད་ཀའི་རིང་དྲི་བ་དྲིས་ལན་གནང་སྟེ་ཚོགས་ཞུགས་ཡོངས་ནས་ཁོང་གི་འཆད་ཁྲིད་ལ་གདེང་འཇོག་དང་དགའ་ཚོར་ཆེན་པོ་ཐོབ་སྟེ་དགའ་བསུའི་ཐལ་སྒྲའི་ཁྲོད་མཇུག་སྒྲིལ་སོང་།  

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།