རྒྱལ་ཁབ་རིམ་པའི་ལས་གཞི་བོན་གྱི་ཤེས་རིག་སྤྱི་དཔྱད་ཅེས་པའི་དབུ་འབྱེད་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2018-03-27 15:07:08][རྩོམ་པ་པོ། རྣལ་འབྱོར་ཚེ་རིང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༢༠༡༧ལོའི་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་གི་གནད་ཆེའི་ལས་གཞི་བོན་གྱི་ཤེས་རིག་སྤྱི་དཔྱད་ཅེས་པའི་དབུ་འབྱེད་མཛད་སྒོ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འཚོགས་པ།
༢༠༡༨ལོའི་ཟླ༣པའི་ཚེས་༢༣ཉིན།

1522134942899450.png
1522134942502955.png

   ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ལྷོ་ནུབ་མི་རིགས་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ།ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་གངས་ལྗོངས་བོན་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན།འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཤར་བ་ཐོགས་མེད་ལགས་ཀྱིས་གཙོ་སྐྱོང་གནང་བའི་བོན་གྱི་ཤེས་རིག་སྤྱི་དཔྱད་ཅེས་པའི་ལས་གཞི་ནི་༢༠༡༧ལོའི་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་གི་གནད་ཆེའི་ལས་གཞིའི་གྲས་སུ་ཚུད་པ་དང་།༢༠༡༨ལོའི་ཟླ༣པའི་ཚེས༢༣ཉིན་ལས་གཞི་དེའི་དབུ་འབྱེད་མཛད་སྒོ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་དངོས་སུ་འཚོགས་ཤིང་།ཚོགས་ཐོག་ཏུ་དཔྱད་བརྗོད་ཆེད་མཁས་དང་ལས་གཞིའི་འགན་འཛིན་ཁོངས་མི་གཉིས་ལས་གྲུབ་པའི་སློབ་གྲྭའི་ཕྱི་ནང་གི་ཆེད་མཁས་དང་དགེ་རྒན་ཆེན་མོ་ཁག་གཅིག་ཕེབས་པ་རེད།
   ཐེངས་འདིའི་དཔྱད་བརྗོད་ཆེད་མཁས་ཀྱི་གྲས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསླབ་གནས་འགན་འཛིན་ལྷན་ཚོགས་ཀྱི་སྐབས་བདུན་པའི་རིག་ཚན་དཔྱད་བརྗོད་པའི་འགན་འཛིན།སི་ཁྲོན་སློབ་ཆེན་གྱི་ཏའོ་ལུགས་དང་ཆོས་ལུགས་རིག་གནས་ཞིབ་འཇུག་ཁང་གི་དབུ་ཁྲིད།སི་ཁྲོན་སློབ་ཆེན་ཆོས་ལུགས་ཞིབ་འཇུག་ཁང་གི་དབུ་ཁྲིད།འབུམ་རམས་པའི་མཛུབ་སྟོན་དགེ་རྒན།དགེ་རྒན་ཆེན་མོ་ཀེ་ཅན་མེན་དང་།སི་ཁྲོན་སློབ་གྲྭ་ཆེན་མོའི་ལོ་རྒྱུས་རིག་གནས་སློབ་གླིང་གི་གླིང་གཙོ།འབུམ་རམས་པའི་མཛུབ་སྟོན་དགེ་རྒན།དགེ་རྒན་ཆེན་མོ་ཧོ་ཝེ།སི་ཁྲོན་སློབ་ཆེན་ཏའོ་ལུགས་དང་ཆོས་ལུགས་རིན་གནས་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ།བོད་ལྗོངས་སློབ་གྲྭ་ཆེན་མོ་དང་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་གདན་ཞུས་དགེ་རྒན་ཆེན་མོ།འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཀྲང་ཙེ་ཧོང་།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དབུ་ཁྲིད།ཞུས་ཆེན་པ་ཨ་སྔགས་ཚེ་རིང་བཀྲ་ཤིས།ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་རྫ་ཚེ་རིང་འགྱུར་མེད་བཅས་གདན་འདྲེན་ཞུས་ཡོད་ལ།ལས་གཞིའི་འགན་འཛིན་ཁོངས་མི་ནི་ལས་གཞིའི་དབུ་མཛད་ཆེད་མཁས་པ།ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ལྷོ་ནུབ་མི་རིགས་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ།འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཤར་བ་ཐོགས་མེད་དང་།ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་གླིང་གི་གླིང་གཙོ།འབུམ་རམས་པའི་མཛུབ་སྟོན་དགེ་རྒན།དགེ་རྒན་ཆེན་མོ་ཚེ་རིང་ཐར།བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ།བོད་ལྗོངས་སློབ་གྲྭ་ཆེན་མོའི་དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ་དོན་འགྲུབ་ལྷ་རྒྱལ།ཀན་སུའུ་ཞིང་ཆེན་བོད་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།ལན་ཇུ་སློབ་གྲྭ་ཆེན་མོའི་ལོ་རྒྱུས་རིག་གནས་སློབ་གླིང་གི་བོད་རིག་པའི་ཞིབ་འཇུག་ཁང་གི་དབུ་ཁྲིད།འབུམ་རམས་པའི་མཛུབ་སྟོན་དགེ་རྒན།དགེ་རྒན་ཆེན་མོ་ངག་དབང་རྒྱ་མཚོ།ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ།འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཐུབ་བསྟན་ཕུན་ཚོགས་བཅས་དང་།གཞན་ལྷོ་ནུབ་མི་རིགས་ཞིབ་འཇུག་གླིང་གི་འབུམ་རམས་པ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མ་རྣམས་མཉམ་ཞུགས་མཛད་ཡོད།

1522134942367233.png
གདན་ཞུས་དཔྱད་མརྗོད་ཆེད་མཁས། དགེ་རྒན་ཆེན་མོ་ཀེ་ཅན་མེན་ལགས།
1522134942122915.png
ལས་གཞིའི་དབུ་མཛད་ཆེད་མཁས། དགེ་རྒན་ཆེན་མོ་ཤརབ་ཐོགས་མེད་ལགས།
1522134942106193.png
གདན་ཞུས་དཔྱད་བརྗོད་ཆེད་མཁས་དགེ་རྒན་ཆེན་མོ་ཧོ་ཝེ་ལགས།
1522134942199237.png
གདན་ཞུས་དཔྱད་བརྗོད་ཆེད་མཁས་ཞུས་ཆེན་པ་ཨ་སྔགས་ཚེ་རིང་བཀྲཤིས།
1522134942108173.png
གདན་ཞུས་དཔྱད་བརྗོད་ཆེད་མཁས་དགེ་རྒན་ཆེན་མོ་ཀྲང་ཙེ་ཧོང་ལགས།
1522134942995798.png
གདན་ཞུས་དཔྱད་བརྗོད་ཆེད་མཁས་དགེ་རྒན་ཆེན་མོ་རྫ་ཚེ་རིང་འགྱུར་མེད།
1522134942139646.png
ལས་གཞིའི་འགན་འཛིན་ཁོངས་མི་དགེ་རྒན་ཆེན་མོ་དོན་འགྲུབ་ལྷ་རྒྱལ།
1522134942140886.png
ལས་གཞིའི་འགན་འཛིན་ཁོངས་མི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས།
1522134943136961.png
ལས་གཞིའི་འགན་འཛིན་ཁོངས་མི་དགེ་རྒན་ཆེན་མོ་ངག་དབང་རྒྱ་མཚོ།

1522134943118883.png

   རྒྱལ་ཁབ་རིམ་པའི་གནད་ཆེ་ལས་གཞི་འདིའི་དབུ་མཛད་ཆེད་མཁས་པ།དགེ་རྒན་ཆེན་མོ་ཤར་བ་ཐོགས་མེད་ལགས་ཀྱིས་ལས་གཞི་འདིའི་ཞིབ་འཇུག་ནང་དོན་དང་།རིག་གཞུང་རིན་ཐང་།དོན་སྙིང་བཅས་ཀྱི་སྐོར་ལ་ཕྱོགས་བསྡུས་གཅིག་དང་ཞིབ་འཇུག་གི་ཁ་ཕྱོགས་ལྔ་ཞེས་ཕྱོགས་བསྡོམས་གནང་བ་ལྟར། དང་པོར་ཕྱོགས་བསྡུས་གཅིག་ཞེས་པ་ནི་ཕྱོགས་ཡོངས་ནས་བདེན་པ་བདེན་ཐུབ་དང་། ལུགས་མཐུན་ཚད་ལྡན་ངང་དུ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ད་སྔའི་བར་གྱི་བོན་དང་འབྲེལ་བའི་ཞིབ་འཇུག་གི་གྲུབ་འབྲས་ཡོངས་ལས་ཕྱོགས་བསྡུས་རང་བཞིན་གྱི་དཔྱད་ཞིབ་གནང་རྒྱུ་དང་། གཉིས་པ་ཞིབ་འཇུག་གི་ཁ་ཕྱོགས་ལྔ་ཞེས་པ་ནི། ཞང་ཞུང་དང་སྤུར་རྒྱལ་བཙན་པོའི་རྒྱལ་ཁབ་བར་གྱི་འབྲེལ་བའི་སྐོར་གྱི་ཞིབ་འཇུག་དང་གཅིག བོན་གྱི་རིག་གནས་སམ་བོན་རིག་པ་རང་ངོས་ཀྱི་ཆེད་དོན་ཞིབ་འཇུག་དང་གཉིས། བོན་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་བར་གྱི་འབྲེལ་བ་དང་གསུམ། བོན་དང་བོད་ཀྱི་སྤྱི་ཚོགས་དང་བོད་མིའི་འཚོ་བའི་བར་གྱི་འབྲེལ་བ་དང་བཞི། གངས་ཅན་བོད་ཀྱི་ཕ་ཆོས་བོན་དང་ཉེ་འཁོར་མི་རིགས་གཞན་པའི་ཆོས་ལུགས་བར་གྱི་འབྲེལ་བའི་སྐོར་དང་ལྔའོ་ཞེས་གསུངས་སོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།