རྩོམ་ཡིག་བསྡུ་བའི་གསལ་བརྡ།

[ཟླ་ཚེས། 2018-03-23 22:28:34][རྩོམ་པ་པོ། དྲུང་ཡིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20180323222032.jpg

༼མདོ་སྨད་སྣང་ཞིག་དགོན་ཆེན་དུ་མཚན་ཉིད་འཆད་ཉན་གྱི་དབུ་བརྙེས་ནས་མི་ལོ་བརྒྱ་ཕྲག་གཅིག་

འཁོར་བའི་རྟེན་འབྲེལ་ཤིས་བརྗོད༽བསྡུ་བའི་གསལ་བརྡ།

རྣམ་དཔྱོད་ཤེས་རབ་ཀྱི་སྤྱན་ཟུང་ཡངས་ཤིང་གནའ་དེང་རིག་གནས་ཀྱི་དགེ་མཚན་མཁྱེན་པའི་སྐྱ་སེར་རིས་མེད་ཀྱི་མཁས་དབང་རྣམ་པ་ལགས། སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་སྲིད་ཉི་ཟླའི་འཁོར་ལོ་ཤར་ཡུན་རིང་ཞིང་ཞང་བོད་ལོ་རྒྱུས་ཀྱི་རྔམས་ཀ་ཤིན་ཏུ་མཐུག་པོར་གྱུར་པའི་གོ་རིམ་ཁྲོད་ནས། མདོ་སྔགས་བཤད་སྒྲུབ་ཀྱི་བསྟན་པ་བོན་གྱི་གྲྭ་ས་ཁག་ཏུ་རྒྱ་ཆེར་དར་བར་གྱུར། ལྷག་པར་མདོ་སྨད་བོན་གྱི་འདུས་སྡེ་ཆེན་པོ་སྣང་ཞིག་དགོན་ཆེན་དུ་མཉམ་མེད་དངོས་བྱོན་སྣང་སྟོན་ནམ་མཁའ་བློ་གྲོས་མཆོག་གིས་ཐུགས་བསྐྱེད་བསླུ་བ་མེད་པའི་འོག་ནས་གྲྭ་ས་གཡུང་དྲུང་གླིང་གི་ཡོངས་འཛིན་དཔོན་སློབ་ཤེས་རབ་གྲགས་པ་རིན་པོ་ཆེ་གདན་ཞུས་བྱས་ཏེ། བོད་རབ་བྱུང་བཅོ་ལྔ་བའི་ས་མོ་ལུག་ལོ་སྟེ་སྤྱི་ལོ༡༩༡༩ལོར་མཚན་ཉིད་རྩོད་སྤོང་གི་སྡེ་གསར་འཛུགས་གནང་བ་དང་། དེར་བརྟེན་སྣང་ཞིག་དགོན་དུ་ད་ལོ་མཚན་ཉིད་རྩོད་སྤོང་གི་སྡེ་བཙུགས་ནས་མི་ལོ་ཧྲིལ་བོ་བརྒྱ་ཕྲག་གཅིག་ལོན་པའི་དུས་སྟོན་གྱི་མཛད་སྒོ་ཞིག་སྤེལ་འཆར་ལྟར། ༼མདོ་སྨད་སྣང་ཞིག་དགོན་ཆེན་དུ་མཚན་ཉིད་འཆད་ཉན་གྱི་དབུ་བརྙེས་ནས་མི་ལོ་བརྒྱ་ཕྲག་གཅིག་འཁོར་བའི་རྟེན་འབྲེལ་ཤིས་བརྗོད༽ཅེས་པའི་རྟེན་འབྲེལ་སྨོན་ཚིག་གི་དེབ་གཟུགས་ཤིག་བསྐྲུན་རྩིས་ཡོད་པས། བཅུ་ཕྲག་རིག་པའི་གཞུང་ལུགས་ལ་ནང་བྱན་ཆུབ་ཅིང་། ཐུན་མིན་ཞང་བོད་ལོ་རྒྱུས་ལ་ཡི་རང་མངའ་བའི་དཔྱོད་ཤེས་པ་དང་། སྨྱུག་ཐོགས་པ་ཡོངས་ཀྱིས་གོང་གི་བརྗོད་བྱ་དང་མ་འགལ་བའི་སྒོ་ནས་རྟེན་འབྲེལ་ཤིས་བརྗོད་ཀྱི་རྩོམ་ཡིག་རེ་གནང་བར་བཀའ་དྲིན་ལན་བརྒྱར་ཞུ་ཞུ། བསྡུ་ཡུན་སྤྱི་ལོ༢༠༡༨སྤྱི་ཟླ༦ཚེས༡ཚུན་ཡིན་ལ། རྩོམ་པ་པོ་རྣམས་ཀྱིས་རང་རང་གི་མཚན་དང་ཞལ་པར་ཨང་གྲངས། བཞུགས་གནས་སོགས་གསལ་བོར་བཀོད་ནས་ངེད་སྣང་ཞིག་དགོན་དྲུང་ཡིག་ཚན་ཆུང་གི་ལག་ཏུ་འབྱོར་ཐབས་བྱ་རྒྱུའི་རེ་བ་དང་བཅས། སྣང་ཞིག་དགོན་འདུས་སྤྱིའི་དྲུང་ཡིག་ཚན་ཆུང་གིས་སྤྱི་ཟླ༣ཚེས༢༣ཉིན་སྤེལ།

      འབྲེལ་གནས་གཤམ་དུ་བཀོད་ཡོད།

微信图片_20180323222016.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།