གཡས་རུ་མཁར་སྣའི་དྲང་སྲོང་ཤེས་རབ་སྨོན་ལམ་གྱི་འཚམས་འདྲིའི་གསུང་འཕྲིན།

[ཟླ་ཚེས། 2018-01-08 15:22:25][རྩོམ་པ་པོ། དྲང་སྲོང་ཤེས་རབ་སྨོན་ལམ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1515396236138033.jpeg

    ༄༅།།    མཚུངས་མེད་བསླབ་གསུམ་བསྟན་པའི་མཛོད་འཛིན་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོ་༧ གཤེན་གྱི་དྲང་སྲོང་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གི་ཞབས་དྲུང་དུ།

    ཆེད་ཞུ།   གཤེན་གྱི་འབྱུང་ལྡན་༣༠༡ བོད་མེ་བྱ་ལོའི་བོད་ཟླ་ ༡༡ ཚེས་༡༤ ཕྱི་ལོ་༢༠༡༨ ཕྱི་ཟླ་ ༠༡ ཚེས་༡ གཟའ་སྐར་འཕྲོད་སྦྱོར་མཆོག་ཏུ་དགེ་བའི་ཉིན་མོར་ ༧ འཛམ་གླིང་བོན་འབངས་ཡོངས་ཀྱི་ཆེས་མཐོའི་དབུ་ཁྲིད་བླ་ཆེན་ ༧ ཞྭ་དཀར་བསྟན་པའི་གཙུག་རྒྱན་༧ དཔལ་རྒྱལ་བ་སྨན་རིའི་མཁན་ཆེན་ཁྲི་འཛིན་ ༣༤ པའི་རྟགས་སྒྲིལ་དུ་བབ་གནང་འདུག་པའི་གཏམ་གྱི་སྙན་པ་རྒྱལ་ཁམས་ཀུན་ཏུ་ཁྱབ་འཕེལ་བྱུང་བར།   གུས་འབངས་བདག་གིས་དགའ་གུས་སྤྲོ་བའི་ངང་ནས་ལྷ་ཕྱག་དང་བཅས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་དང་འབྲེལ།     སླད་མར་གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་སྤྱི་དང་ཁྱད་པར་༧ ཁམས་གསུམ་བོན་གྱི་རྒྱལ་པོ་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོ་མཆོག་དང་རྗེས་འཛིན་སྨན་རིའི་མཁན་རབས་རིམ་བྱོན།  ཡང་སྒོས་ངོ་བོ་རྒྱལ་བ་དང་མཚུངས་ཤིང་བཀའ་དྲིན་རྒྱལ་བ་ལས་ཀྱང་ལྷག་པའི་༧ དཀྱིལ་འཁོར་རིགས་བརྒྱའི་ཁྱབ་བདག་༧ དཔལ་ལྡན་བླ་མ་མི་ཡི་སེང་ཆེན་༧ སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣ པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་༧ སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་སེང་གེ་༧ སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ཟུང་གིས་རྗེས་སུ་བཞག་པའི་ལུང་རྟོགས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡངས་པའི་ས་ཆེན་པོའི་ཞིང་དུ་འཕྲིན་ལས་རྣམ་དཀར་གྱི་མཛད་བཟང་བོན་གྱི་འཁོར་ལོ་རིན་པོ་ཆེ་ཡུན་ནས་བསྐོར་ཞིང་འགྲོ་དོན་མཐར་ཕྱིན་ཏེ།  འཛམ་གླིང་བོན་འབངས་ཡོངས་ཀྱི་བསྟན་འགྲོའི་སྐྱབས་མགོན་དམ་པར་སྐུ་ཚེ་མི་འགྱུར་གཡུང་དྲུང་ཚེ་མཐའ་ཡས་ཀྱི་ངོ་བོར་བཞུགས་པའི་སྨོན་འདུན་གྲངས་མེད་ཞུ་བ་ལགས་ན་ཇི་བཞིན་ལྷུན་གྱིས་འགྲུབ་པར་གྱུར་ཅིག་གུ  །

གཡུང་དྲུང་བོན་གྱི་གདན་ས་བར་མ་གཡས་རུ་མཁར་སྣའི་བསྟན་པའི་སྲི་ཞུ་བ་ཞང་ཞུང་དྲང་སྲོང་ཤེས་རབ་སྨོན་ལམ་གྱིས་སྒོ་གསུམ་མི་ཕྱེད་དད་པས་གསོལ་འདེབས་སྨོན་ལམ་དང་བཅས།

ཕྱི་ལོ་༢༠༡༨ ཕྱི་ཟླ་ ༠༡ ཚེས་༡ ཉིན་གུས་པས་ཕུལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།