བྱ་ཟེ་ཡོངས་རྫོང་དགོན་གྱི་དགུ་གཏོར་གྱི་གནས་བསྡུས།

[ཟླ་ཚེས། 2017-12-18 12:22:03][རྩོམ་པ་པོ། བྱ་མ་རྟ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1513571202132137.jpeg

1513571202103921.jpeg

༧དཔལ་གཤེན་བསྟན་བྱ་ཟེ་ཡོངས་རྫོང་དགོན་མཐོང་སྨོན་དགའ་བ་ལྷ་རྩེའི་ལོ་དུས་ཀྱི་མཆོད་པ་ཟླ་དུས་ཀྱི་གསོལ་ཁ་སྟེ། སྐུ་གསུམ་དགུ་གཏོར་གྱི་འདུ་ཚོགས་འདི་ཉིད་དུས་ཀྱི་གཉན་འཕྲང་དུ་མའི་རིང་རྩ་བ་མ་རུལ་རྩེ་མོ་མ་སྐམ་པར་ད་ལྟའི་ཆར་གདན་རབས་ཉེར་གཅིག་པ་དབྲ་ཁྱུང་ཤེས་རབ་གྲགས་པ་རིན་པོ་ཆེའི་བར་ལོ་ངོ་སྟོང་ཕྲག་ལྷག་ལ་རྡོ་ལག་བརྒྱུད་ཆུ་ལམ་ཞུགས་ཀྱི་ཚུལ་དུ་གནས་མུས་སུ་འདི་ལོ་༢༠༡༧ལོའི་བོད་མེ་མོ་བྱ་ཡི་ལོའི་ཟླ་བཅུ་པའི་ཚེས་ཉེར་གསུམ་ནས་དབུ་བཟུང་ཞིང་། ཉེར་དགུ་བར་སྐུ་གསུམ་དགུ་གཏོར་ཞེས་ཕུར་པ། སྟག་ལ། ཁྲོ་བོ་བཅས་ཡི་དམ་གསུམ་གྱི་དཀྱིལ་འཁོར་ཞལ་ཕྱེས་ནས་བོན་གཤེན་སེར་ཁྱིམ་པའམ་སྔགས་འཆང་བ་བརྒྱ་ཕྲག་གཉིས་ལས་བརྒལ་བས་སྲུང་ཟློག་གི་ཕྲིན་ལས་རྒྱས་པར་ཕུལ་བ་དང་། ཉེར་དགུ་ཉིན་བླ་མ་ཤེས་རབ་གྲགས་པ་རིན་པོ་ཆེས་མངའ་སྡེ་ཚབ་སྲོག་གོང་གསུམ་གཙོས་པའི་དད་འབངས་སྟོང་ཕྲག་དུ་མར་ཡི་དམ་སྟག་ལ་མེ་འབར་གྱི་དབང་ཆོག་བསྐུར་བ་མ་ཟད།  

1513571202131268.jpeg

1513571203355915.jpeg

    ཚེས་སུམ་ཅུ་སྔོན་མ་ཉིན་སྲོལ་རྒྱུན་གྱི་གར་འཆམ་ཆེན་མོ་སྟེ། ཐོག་མར་གཤེན་རབ་དགུ་འཆམ་ནས་མཇུག་བོན་སྐྱོང་སྲུང་མའི་གར་འཆམ་སོགས་རྣམ་གྲངས་བཅུ་བཞི་རྒྱ་ཆེའི་དད་ལྡན་མང་ཚོགས་ཚོའི་སྤྱན་ལམ་དུ་གཟིགས་འབུལ་ཞུས་པར་མཛད། དེ་ཡང་སྲོལ་རྒྱུན་གྱི་བཤད་སྒྲོས་སུ་གར་འཆམ་གྱི་མགོར་ཞོགས་པའི་ཉི་ཟེར་ཤར་བ་དང་སྟབས་ཅིག་ཏུ་བླ་མ་མཁན་པོ་གྲྭ་པ་བོན་གཤེན་གར་འཆམ་བ་རྣམ་པ་སེར་ཕྲེང་དུ་ཕེབས་སྲོལ་ཡོད་པ་དང་།

   དད་ལྡན་མང་ཚོགས་རྣམ་པས་ཀྱང་དབུ་སེར་ཕྲེང་ནས་མཇུག་བོན་སྐྱོང་བར་གྱི་གར་འཆམ་རྣམས་མཇལ་རྒྱུ་བྱུང་ན་སོ་སོའི་ཚེ་རིང་བ་དང་།  ནད་ཉུང་བ།  ལྷག་པར་དུ་ལོ་གཅིག་གི་བཀག་བར་ཆད་སེལ་བ་དང་། ཚེ་ཁ་རྗེ།  ལས་རླུང་རྟ།  བཀྲག་གཟི་བརྗིད་ཐམས་ཅད་འཕེལ་ཞིང་རྒྱས་པར་གྲགས། སུམ་ཅུ་ཕྱི་མ་ཉིན་གྱི་སྔ་དྲོ་རྗེས་བྱ་བཀྲ་ཤིས་གསོལ་ཞིང་དགུ་གཏོར་ཆེན་མོའི་ལེགས་བྱས་དགེ་བའི་རྩ་ལག་གང་མཆིས་འབྲེལ་ཐོག་ལྟོས་བཅས་ཡོངས་ཀྱི་གསོན་གྱི་རིམ་གྲོ་དང་གཤིན་པོའི་དགེ་སྡོང་དུ་འཁོར་གསུམ་དམིགས་པ་མེད་པར་བསྔོ་བའི་ཆོ་ག་བཅས་གསུངས་ཏེ་མཇུག་གྲུབ་པར་བྱས།

1513571202263526.jpeg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།