བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་པ།

[ཟླ་ཚེས། 2017-11-30 18:52:35][རྩོམ་པ་པོ། ཡིག་བསྒྱུར་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1512040419939641.jpg

   སྤྱི་ལོ༢༠༡༧ལོའི་ཟླ༡༡པོའི་ཚེས༢༤ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་པ་ནས་སི་ཁྲོན་ཁྲིན་ཏུའུའི་གྲོང་ཁྱེར་དུ་«བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བརྒྱད་པ་»དངོས་སུ་འཚོགས་པ་རེད། དེ་འང་དུས་རབས་འདིར་ཡབ་མེས་ཞང་བོད་ཀྱི་རིག་གནས་ལོ་རྒྱུས་འཛམ་གླིང་དུ་ཁྱབ་སྤེལ་ལམ་བསྟན་པ་སྤེལ་བའི་འོས་འགན་ང་ཚོའི་རིག་གཞུང་དང་བསྟན་པ་འདི་ལ་དད་དམ་ཆེ་བའི་མི་བུ་ཚོའི་འཕྲག་ཏུ་བབས་པའི་འོས་འགན་ཡིན་པ་ནི་ལྟ་ཅི།    

1512040419387286.jpg
1512040419398345.jpg

   དེས་ན་ད་ལན་དུས་རབས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་བསྟུན་མི་རིགས་གཞན་པའི་སྐད་ཡིག་བེད་སྤྱད་དེ་ཁྱབ་སྤེལ་བྱས་ན། སྟབས་བདེ་ཞིང་ཁྱབ་རྒྱ་ཆེ་བ་སོགས་དགེ་མཚན་ཆེ་བས་ང་ཚོ་ཞང་བོད་ཀྱི་རིག་གནས་སངས་རྒྱས་གཡུང་དྲུང་བོན་གྱི་ལོ་རྒྱུས་རྒྱ་ཡིག་དང

དབྱིན་ཡིག་གི་ལམ་ནས་།  མི་རིགས་གཞན་པ་ལ་ངོ་སྤྲོད་དང་ཁྱབ་སྤེལ་བྱེད་དགོས་པ་ཆེས་གལ་ཆེན་གྱི་རང་བཞིན་དུ་ཡིན་པ་ཚང་མས་མཁྱེད་གསལ་ལྟར་རེད།

1512040420234738.jpg
1512040420113973.jpg

   ཡིན་ནའང་ང་ཚོ་བོན་གྱི་ལོ་རྒྱུས་རིག་གནས་སོགས་མི་རིགས་གཞན་པའི་ཞིབ་འཇུག་པ་དང་དད་ལྡན་རྣམ་ལ་ངོ་སྤྲོད་དང་སློབ་པ་དགོས་ན།   ང་ཚོ་རང་ཉིད་ལ་དེ་དག་གཅིག་གྱུར་གྱི་ཐ་སྙད་ཞིག་མེད་པ་རང་སྣང་གང་ཤར་དུ་བྲིས་ན་ག་ལ་འགྲིག།   དེས་ན་འདི་ནས་ཡར་རྩིས་པའི་ལོ་ངོ་བདུན་གྱི་ཡར་སྔོན་ནས་སྐྱེས་ཆེན་གྱི་བླ་སྤྲུལ་འགས་༼གཡུང་དྲུང་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་༽འདི་དབུ་འཛུགས་གནང་བ་ནས་བཟུང་ད་བར་ལོ་ངོ་བརྒྱད་ཙམ་ལ་རྒྱུན་མཐུད་དེ་འཚོགས་ཐུབ་པ་མ་ཟད་གང་ལ་གང་མཚམས་ཡར་རྒྱས་བྱུང་བ་ནི་དགའ་འོས་པའི་གྲུབ་འབྲས་ཞིག་ཅི་ལ་མིན།

1512040420822509.jpg

   དེ་ལྟར་ད་ལན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་འཚོགས༽ཀྱི་བཀོད་སྒྲིག་གཞི་བཟུང་སྟེ་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བརྒྱད་པའི་འདིའི་ལས་འཛིན་འགན་ཁུར་གཙོ་བོ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཁྱུང་པོ་སྟེང་ཆེན་དགོན་གྱི་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་དང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཁམས་བྲག་མགོ་རྒྱལ་རོང་དགོན་པའི་མཆོག་སྤྲུལ་འཆི་མེད་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་ཀྱི་དབུ་ཁྲིད་འོག

 1512040420990290.jpg

  ཐེངས་འདིར་ཚོགས་ཞུགས་གནང་མཁན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མཁས་དབང་དོན་འགྲུབ་ལྷ་རྒྱལ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་ཨ་སྔགས་ཚེ་རིང་བཀྲ་ཤིས། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་རིང་འགྱུར་མེད། དགེ་རྒན་ཚེ་བརྟན་སྐྱབས། དགེ་རྒན་གཙུག་ཏོར་རྒྱལ།  ཐར་བདེ་ཚེ་དབང་འཇིགས་མེད།  མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ། རག་ཤི་ཀུན་གསལ་སྙིང་པོ། སེང་སྤྲུལ་རིག་འཛིན་ཉི་མ། སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། པཎ་ཙ་བསྟན་འཛིན་དར་རྒྱས། ཉག་སྤྲུལ་བསོད་ནམས་རྒྱ་མཚོ། སྤྲུལ་པད་མ་རིན་ཆེན། རྟོགས་ལྡན་བསྐལ་ཁོ། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། རིན་སྤུངས་ཚུལ་བསྟན། མཁན་པོ་ཚེ་རིང་ནོར་བུ།  ལུང་དཀར་གཡུང་དྲུང་བསྟན་འཛིན། དགེ་བཤེས་བསོད་ཀོ། དགེ་བཤེས་གཡུང་དྲུང་བསམ་གཏན། དགེ་བཤེས་གཡུང་དྲུང་བློ་གསལ། བྱ་འཕུར་གཡུང་དྲུང་ཉི་མ་རྒྱལ་མཚན། སྤྲུལ་སྐུ་ནམ་མཁའ། བླ་མ་ཀུན་དགའ། སྤྲུལ་སྐུ་བསྟན་འཛིན་རྣམ་རྒྱལ། ཨ་དཔལ་བཟང་། སྤྲུལ་སྐུ་དབང་རྒྱལ་ཚེ་རིང་། སྤྲུལ་སྐུ་རིག་སྔགས། རྟོགས་ལྡན་འཆི་མེད་རྣམ་རྒྱལ། དགེ་བཤེས་ཨ་འཆི། ཨ་རི། གཉན་མོ་འགྲུབ། ཀུན་ཐར་མཚོ་སོགས་ཡིག་བསྒྱུར་ཆེད་མཁས་ཀྱི་ལོ་ཙ་བ་དང་།   མི་རིགས་སློབ་ཆེན་གྱི་དགེ་རྒན་དང་།  ཞིབ་འཇུག་སློབ་ཆེན་གྱི་སློབ་མ།  དེ་བཞིན་མཁས་དབང་དགེ་སློབ་མང་པོ་དུས་གཅིག་ཏུ་མི་གྲངས་བདུན་ཅུ་ལྷག་མཉམ་ཞུགས་གནང་སྟེ་ཞང་བོད་རིག་གནས་དང་གཡུང་དྲུང་བོན་གྱི་ལོ་རྒྱུས་དང་ཐ་སྙད་སྐོར་རྒྱ་ཡིག་ཐོག་ཏུ་ཕབ་བསྒྱུར་གཏན་འབེབས་གཅིག་གྱུར་གནང་བ།

1512040420134637.jpg

   དེ་ལྟར་ཉིན་ལྔའི་རིང་ལ་ཡང་སྔ་དྲོ་དང་ཕྱི་དྲོ་གཉིས་སུ་ཕྱེས་ཏེ་མི་སྣ་གཉིས་རེ་བཀོད་སྒྲིག་གནང་ནས་མདོ་འཛིན་གནང་བ་སྟེ།  སྤྱི་ཚེས་༢༤ ཉིན་དང་པོའི་སྔ་དྲོའི་མདོ་འཛིན་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་དང་སྤྲུལ་སྐུ་འཆི་མེད་གཡུང་དྲུང་།  ཕྱི་དྲོ་ཉག་སྤྲུལ་བསོད་ནམས་རྒྱལ་མཚོ་དང་དགེ་བཤེས་བསྟན་པ་གཉིས་ཀྱིས་མཛད་དེ་བསྒྱུར་བྱའི་གཞུང་མཛད་བཅུ་གཉིས་ཀྱི་དབུ་ནས་མཛད་པ་བཞི་པའི་བར།

1512040420521932.jpg

   སྤྱི་ཚེས་་༢༥ཉིན་གཉིས་པའི་མདོ་འཛིན་པ། སྔ་དྲོ་ལ། པཎ་ཙ་བསྟན་འཛིན་དར་རྒྱས་དང་ཁྱུང་སྲས་ཀུན་བཟང་རྣམ་རྒྱལ་གཉིས། ཕྱི་དྲོ་ལ་གཉན་མོ་འགྲུབ་དང་སྤྲུལ་སྤུ་དབང་རྒྱལ་ཚེ་རིང་གཉིས་ཀྱིས་མཛད་དེ་བསྒྱུར་བྱའི་གཞུང་མཛད་པ་ལྔ་པ་ནས་བརྒྱད་པའི་བར།

   སྤྱི་ཚེས་༢༦ ཉིན་གསུམ་པའི་མདོ་འཛིན་པ།  སྔ་དྲོ་རྟོག་ལྡན་བསྐལ་ཁོ་དང་སྤྲུལ་བསྟན་འཛིན་རྣམ་རྒྱལ།  ༼སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན་འགྲེམ་སྤེལ་གྱི་མཛད་སྒོ་༽སྤེལ།  ཕྱི་དྲོ་དགེ་བཤེས་གཡུང་དྲུང་བསམ་གཏན་དང་སྤྲུལ་སྐུ་ནམ་མཁའ་གཉིས་ཀྱིས་མདོ་འཛིན་མཛད་དེ་བསྒྱུར་བྱ་མཛད་པ་དགུ་པ་དང་བཅུ་པའི་བར།

   སྤྱི་ཚེས་་༢༧  ཉིན་བཞི་པའི་མདོ་འཛིན་པ་སྔ་དྲོ་མཁན་པོ་ཚེ་རིང་སྤྲུལ་སྐུ་རིག་སྔགས་རྒྱ་མཚོ་གཉིས།     ཕྱི་དྲོ་ལུང་དཀར་གཡུང་དྲུང་བསྟན་འཛིན་དང་ཨ་དཔལ་བཟང་གཉིས་ཀྱིས་མདོ་འཛིན་མཛད་དེ་མཛད་པ་བཅུ་གཅིག་དང་བཅུ་གཉིས་ནས་མཐར་གྲུབ།

1512040910450413.jpg



   སྤྱི་ཚེས་༢༨ཉིན་ལྔ་པའི་མདོ་འཛིན་པ་སྔ་དྲོ་དགེ་བཤེས་གཡུང་དྲུང་བློ་གསལ་དང་བྱ་འཕུར་གཡུང་དྲུང་ཉི་མ་རྒྱལ་མཚན་གཉིས་ཀྱིས་མཛད་དེ་མཛད་པ་བཅུ་གཉིས་ཆ་ཚང་ལ་ཞིབ་གཟིགས་མཛད་པ་སོགས་དེ་ལྟར་ཉིན་ལྔའི་རིང་ལ་སྔ་དྲོ་དང་ཕྱི་དྲོ་གཉིས་སུ་ཕྱེས་ཏེ་མི་སྣ་གཉིས་རེ་བཀོད་སྒྲིག་གནང་ནས་མདོ་འཛིན་དང་དམ་འཛིན་གནང་།   

1512040969845144.jpg
1512040969614708.jpg
1512040969573269.jpg

   སྤྱི་ཚེས་༢༨ཉིན་སྔ་དྲོའི་ཚུ་ཚོད་བཅུ་གཅིག་དང་ཚད་ཀ་ནས་ཐེངས་འདིའི་ལས་དོན་འཇུག་བསྡུ་བའི་རིམ་པ་མདོ་འཛིན་པ་སྣང་སྤྲུལ་སྐུ་ཤེས་རབ་འོད་ཟེར་རྒྱལ་མཚན་གྱིས་མཛད་དེ་སེང་གེ་སྤྲུལ་སྐུ་སོགས་ནས་རིམ་པ་བཞིན་དུ་ཐེངས་འདི་འཚོགས་འདུ་ཐོག་གལ་གནད་ཆེ་བའི་རིགས་གསལ་བཤད།


   ཐེངས་འདིའི་ལས་ཀའི་མྱོང་ཚོར།  མ་འོངས་པའི་ལས་དོན་གྱི་དཔྱད་གཞིའི་ཡི་གེ་དང་དེའི་ཐད་ཀྱི་ལས་མི་རྣམ་པལ་ལོ་རྗེས་མའི་བསྒྱུར་བྱའི་སྐོར་བཀོད་སྒྲིག་གནང་། ༡༽བོན་ཕྱི་ནང་གསང་གསུམ་གྱི་མཆོད་འབུལ་སྐོར།  མཁན་པོ་ཚེ་རིང་ནོར་བུ། ༢༽བོན་གྱི་སྐོར་བ་རྒྱག་སྟངས་སྐོར།         ཉག་སྤྲུལ་བསོད་ནམས་རྒྱ་མཚོ། ༣༽མདོ་སྔགས་སེམས་གསུམ་གྱི་ཆ་ལུགས་སྐོར།    ལུང་དཀར་གཡུང་དྲུང་བསྟན་འཛིན། ༤༽བོན་གྱི་ལྷ་དང་སྲུང་མའི་སྐོར།         སེང་སྤྲུལ་རིག་འཛིན་ཉི་མ། ༥༽མདོ་སྔགས་སེམས་གསུམ་གྱི་བརྒྱུད་རིམ་སྐོར།   རྒྱ་ཡིག་ལ་བསྒྱུར་མཁན་གཟི་སྤྲུལ་དབང་རྒྱལ་ཚེ་རིང་། བོད་ཡིག་འབྲི་མཁན་དགེ་བཤེས་གཡུང་དྲུང་བསམ་གཏན། ༦༽བོན་དར་ནུབ་གྱི་སྐོར།             རྒྱ་ཡིག་ལ་བསྒྱུར་མཁན་དགེ་བཤེས་བསོད་ཁོ། བོད་ཡིག་འབྲི་མཁན་རིན་སྤུངས་ཚུལ་བསྟན། ༧༽བོན་གྱི་འདུ་གནས་དང་སྒྲུབ་གནས་སྐོར།  འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་སོགས་ལ་བཀོད་སྒྲིག་གནང་།

1512040970416977.jpg
1512040970816872.jpg

   དེ་ནས་ཐེངས་འདིའི་ལས་དོན་འཇུག་གྲུབ་པའི་ལས་མི་རྣམས་ལ་གཟེངས་བསྟོད་ཁ་བཏགས་གསོལ།   དེ་ནས་ཐེངས་རྗེས་མའི་འགན་འཛིན་པ་བསྐོ་བཞག་གནང་བ།  གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་རིན་སྤུངས་ཚུལ་བསྟན། དྲུང་ཡིག་པ་ལུང་དཀར་གཡུང་དྲུང་བསྟན་འཛིན་དང་། རྒྱུན་ལས་ལས་འཛིན་མི་སྣ་ཨ་དཔལ་བཟང་བཅས་རྣམ་པ་གསུམ་བསྐོ་བཞག་མཛད་དེ་ལྷ་དར་གསོལ་ཞིང་ཚོགས་གཙོ་རིན་པོ་ཆེ་ནས་གསུང་བཤད་ཟབ་རྒྱས་དང་གནད་ལ་སྨིན་པ་གནང་རྗེས་འདུས་པ་ནས་སྨོན་ལམ་རྣམ་པའི་དག་པའི་རྒྱས་གདབ།  མཛད་རྗེས་དྲན་རྟེན་གྱི་སྐུ་པར་བླངས་སྟེ་ཐེངས་འདིའི་ལས་དོན་ཡོངས་སུ་འཇུག་གྲུབ་པའོ།  །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།