མཁན་ཚེ་རིང་ནོར་བུ་ནས་ཞང་ཞུང་རྫོགས་ཆེན་སློབ་གླིང་དུ་འཆད་ཁྲིད་གནང་བ།

[ཟླ་ཚེས། 2017-10-21 10:21:26][རྩོམ་པ་པོ། བཀོད་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 1508552838250143.jpg

   མདོ་སྨད་རྔ་ཡུལ་རྟོགས་ལྡན་དགོན་ཞང་ཞུང་རྫོགས་ཆེན་སློབ་གླིང་བཤད་པ་གྲྭ་ཚང་སྡེ་སྣོད་ཐོས་བསམ་ཉིན་བྱེད་གླིང་གིས་འཆད་ཁྲིད་དགེ་རྒན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག བྲག་འགོ་གཞི་རིང་བྱམས་བརྩེ་སློབ་གླིང་གི་སློབ་གཙོ། སྐད་གཉིས་སྨྲ་བའི་ལོ་ཙཱ་བ་དང་ལོ་རྒྱུས་ཆེད་མཁས་པ་མཁན་ཚེ་རིང་ནོར་བུ་ལགས་གདན་ཞུས་མཛད་དེ། ཉིན་གསུམ་གྱི་རིང་ལ་ཕྱི་དྲོའི་དུས་ཚོད་གསུམ་ནས་དྲུག་བར་བཀའ་སློབ་ཟབ་མོ་གནང་།

1508552837404670.jpg
1508552837572537.jpg

   ༡  ཉིན་དང་པོའི་ཚོགས་འདུ་ལ་སྐབས་ལྔ་བའི་དོ་དམ་ཁང་གི་མི་སྣ་སྤྲུལ་བསྟན་པ་དར་རྒྱས་ལགས་ཀྱིས་མཁན་པོ་ཁོང་ཉིད་ངོ་སྤྲོད་གནང་བ་དང་འདི་འདྲའི་འཆད་ཁྲིད་ཀྱི་གོ་སྐབས་ལེགས་པོ་དག་སློབ་མ་སོ་སོས་དམ་འཛིན་ལེགས་པོ་བྱེད་དགོས་ཚུལ་གྱིས་ཚོགས་འདུའི་དབུ་བཟུང་།དེའི་རྗེས་མཁན་ཁོང་གིས་འཆད་ཁྲིད་དངོས་སུ་འགོ་བརྩམས་ནས་དུས་ཚོད་གཅིག་ཙམ་ལ་༼སྟོན་པ་གཤེན་རབ་དང་འབྲེལ་བའི་བགྲོ་གླེང་༽མདོར་བསྡུས་བྱས་པ་དང་དེ་འབྲེལ་དཔེ་ཆ་སྣ་ཚོགས་ཤིག་སློབ་མ་རྣམས་ལ་ངོ་སྤྲོད་གྱ་ནོམ་པ་མཛད། དེ་ནས་དུས་ཚོད་གཅིག་དང་ཕྱེད་ཙམ་ལ་དགེ་སློབ་ཡོངས་ཀྱིས་ཁོང་ལ་དྲི་བ་སྣ་ཚོགས་བཏོན་ཏེ་ཁོང་གིས་དྲིས་ལན་དང་དོགས་སེལ་མཐའ་ཆོད་པ་གནང་ནས། ཉིན་གཅིག་གི་འཆད་ཁྲིད་ཧ་ཅང་དགའ་བ་དང་སྤྲོ་བས་སྒོ་ནས་མཇུག་རྫོགས། 

1508552838700643.jpg
1508552837223205.jpg

༢ཉིན་གཉིས་པར་དུས་ཚོད་གཅིག་དང་ཕྱེད་ཙམ་ལ་༼བོད་ཀྱི་ལོ་རྒྱུས་ལ་ལྟ་ཚུལ་༽ཞེས་པ་ལས་འཕྲོས་ཏེ་རང་རིགས་ཀྱི་ལོ་རྒྱུས་རང་གིས་ཤེས་དགོས་པ་དང་། དེ་ལ་ཐོས་བསམ་ཕྱོགས་སུ་མ་ལྷུང་བར་ཡིག་ཆ་ཚད་ལྡན་དག་ལ་ལྟ་ཀློག་བྱེད་དགོས་ཚུལ་གྱི་ལེགས་བཤད་རྨད་དུ་བྱུང་བ་གནང་།  དེ་ནས་དུས་ཚོད་གཉིས་ཙམ་ལ་དྲི་བ་དྲིས་ལན་བྱས་ནས་ཉིན་གཉིས་པའི་འཆད་ཁྲིད་མཇུག་རྫོགས།

1508552837861195.jpg
1508552838546632.jpg

༣ཉིན་གསུམ་པར་༼བོད་ཀྱི་རིག་གནས་ངོ་སྤྲོད་༽ཅེས་པའི་ཁ་བྱང་དང་བསྟུན་ནས་རིག་གནས་ཞེས་པར་དུས་རབས་རེ་རེར་གོ་བ་སྣ་ཚོགས་ཡོད་པ་དང་ཁྱད་པར་རང་ལ་བགོ་སྐལ་གང་ཉིད་ཤར་བ་དེ་ལ་ཧ་ཅང་འབད་དགོས་པ་མ་ཟད་བོད་རང་ས་ནས་དར་བའི་རྒྱུ་བོན་གྱི་གཟི་མདངས་ལ་སྔར་ལས་ལྷག་པའི་བརྩོན་ཤུགས་གནང་དགོས་པ་ཁྱེད་ཅག་སློབ་མ་རྣམས་པས་བཟུར་དུ་མི་རུང་བའི་འོས་འགན་ཡིན་པ་སོགས་བཀའ་སློབ་ཟབ་ཅིང་ཕྲ་བ་གནང་།  དེ་ནས་དུས་ཚོད་གཉིས་ཙམ་ལ་དྲི་བ་དྲིས་ལན་མཛད། མཐར་ཉག་སྤྲུལ་བསོད་ནམས་རྒྱ་མཚོས་རྟོགས་ལྡན་དགོན་པ་སྤྱིའི་འཐུས་ཚབ་བྱས་ཏེ་མཁན་པོ་ཁོང་ལ་བཀའ་དྲིན་བླ་མེད་ཞུས་པ་མ་ཟད་མ་འོངས་པར་ཡང་འདི་དང་འདི་ལྟ་བུའི་འཆད་ཁྲིད་རེ་གནང་རྒྱུའི་རེ་བ་ནན་གྱིས་ཞུས་ནས་འཆད་ཁྲིད་ཀྱི་མགོ་བཀྲ་ཤིས་རྔ་མ་བདེ་ལེགས་ངང་རྫོགས་སོ།།

1508552838801208.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།