ཁྱུང་པོ་ཟམ་ཞིག་རེ་ནེ་དགོན་ནམ་མདོ་སྔགས་བཤད་སྒྲུབ་གླིང་ནས་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-10-06 22:14:43][རྩོམ་པ་པོ། རིག་ཁུག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1507299553649306.jpg
1507299553124934.jpg
1507299553675728.jpg

   འཛམ་གླིང་གི་ཉི་མ་སེར་པོ་དག་ཞིང་དུ་གཟིགས་པས་རང་རེ་ནི་སྙིང་ཁོང་སྟོང་པར་ཆགས་སོང་། ཡིད་ངོར་ནག་ཚུབ་ཚུབ་ལས་ཅི་ཡང་མེད་པར་ཆགས་སོང་། ཡིན་ན་ཡང་མིག་ཆུ་དང་ལྷན་དུ་རེ་གསོལ་ཞུ་རྒྱུ་དང་གདུང་མཆོད་བྱེད་པ་ཙམ་ལས་གཞན་བྱ་ཐབས་བྲལ། 

1507299553576970.jpg
1507299553424594.jpg

   སྤྱིར་ཐོག་མར་དྲྭ་ལམ་དུ་ཁྱབ་སྤེལ་བྱ་འཆར་མེད། ཡིན་ན་ཡང་དུས་དང་བསྟུན་ནས་མདོར་ཙམ་ཞུ་རྒྱུ་ལ།ངེད་ཟམ་ཞིག་རེ་ནེ་མདོ་སྔགས་བཤད་སྒྲུབ་གླིང་སྡེ་དགོན་གཉིས་ནས། དགོན་གྱི་མཁན་སློབ་དགེ་བཤེས་དང་། ཁོ་མ་ནེའུ་ཆུང་གླིང་གི་བཙུན་མ་སློབ་གཉེར་བ་རྣམ་པ་དང་། གྲོང་མི་དད་འདུན་ཅན་རྣམ་པས་དབུ་ཁྲིད་དེ། རྗེ་སྨན་རི་བ་༸དགོངས་པ་རྫོགས་པའི་ཕྱི་ཉིན་ལ་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མཆོད་བཤམ་བྱས་ཏེ་བླ་མ་མཆོད་པ་དང་། སྔ་དྲོ་ཨ་རྫོགས་སྙན་གསུམ་གྱི་སྔོན་འགྲོ་འུར་འདོན། ཕྱི་དྲོ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་དལ་འདོན་དང་། ཉིན་གསུམ་པ་ཞག་གསུམ་ཉིན་ལ་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་འཁོར་དང་བླ་མ་མཆོད་པ་དང་བསྔོ་སྨོན་གང་ཟབ་བྱེད་ཁུལ་བྱས།ཡུལ་སྡེ་རྣམས་ཀྱིས་རང་ཁྱིམ་དུ་སྐུ་པར་མདུན་དུ་མར་མེ་དང་སྤོས་མཆོད་སོགས་ཕུལ་ཏེ་གསོལ་འདེབས་དང་བསྔོ་སྨོན་གང་ཤེས་བྱེད་བཞིན་འདུག  གདུང་འདེབས་མཆོད་འབུལ་དུ་ཟམ་ཞིག་སྡེ་དགོན་གཉིས་ནས་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་གཙོ་བརྒྱ་འཁོར་བཅུ་འབྲི་བླུག་བྱ་རྒྱུའི་ལས་འགོ་བོད་ཚེས་བཅུ་དྲུག་ནས་བཙུགས་ཤིང་། ཉི་ཤུ་དགུ་ལ་སྔ་བཅའ་དང་། དེ་རིང་བོད་ཟླ་བརྒྱད་པའི་ཚེས་བཅོ་ལྔ་དང་། སྤྱི་ཟླ་དགུ་པའི་ཚེས་ལྔ་ལ་མེ་སྤར་དང་སྦྱིན་སྲེག་གྲུབ་མཆོད་སྨོན་ལམ་དང་བཅས་པ་མཇུག་ཡོངས་སུ་གྲུབ་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་བ་བཅས་ལ་བརྟེན་ནས་ཀུན་གྱིས་མཐོང་ཐོས་ཕྱིར་དུ་བྲིས་ཏེ་དྲྭ་ལམ་དུ་སྤེལ་བ་ལགས།

1507299553385995.jpg
1507299553755250.jpg

   ད་རེས་གདུང་མཆོད་འདི་གཙོས་པའི་དཔོན་གསས་བླ་མ་གང་ཉིད་ལ་གདུང་འདེབས་མཆོད་འབུལ་དང་རང་གཞན་ཀུན་གྱིས་དགེ་བ་བྱས་པ་དང་། གཞན་ལ་བཅོལ་པ།དེ་ལ་ཡི་རང་པ་བཅས། རྗེ་རྩ་བའི་བླ་མ་སྨན་རི་བ་༸དམ་པ་ཉིད་ལ་མཆོད་པ་རུ་དམིགས་ཏེ་ཕུལ་བས་ཐུགས་བརྩེ་བ་ཆེན་པོས་བཞེས་སུ་གསོལ། བཞེས་ནས་དམ་པ་ཉིད་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་ཤིང་འགྲུབ་ཏེ། སྐུ་སྐྱེ་བ་ཕྱི་མར་བསྟན་འགྲོའི་དོན་མཛད་པའི་ཚེ། སྐུ་ཆེ་བའི་ཡོན་ཏན་དང་། གསུང་མཛད་པའི་འཕྲིན་ལས་དང་། ཐུགས་མཁྱེན་བརྩེའི་ཡོན་ཏན་དང་། ས་ལམ་ཉམས་རྟོགས་དང་། བསྟན་པ་དང་གདུལ་བྱའི་ཞིང་ཁམས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། དགེ་ཞིང་ལེགས་པའི་རྒྱུ་རུ་འགྱུར་བའི་སྨོན་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ།

1507299553356948.jpg
1507299553901860.jpg

རིག་ཁུག་གིས་བསྡུ་སྒྲིག་བྱས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།