ཤར་དུང་རི་དགོན་ནས་གདུང་ཞུགས་ཀྱི་མཆོད་པ་ཕུལ་བ།

[ཟླ་ཚེས། 2017-10-05 13:58:42][རྩོམ་པ་པོ། ཤར་དུང་རི་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1507183139747289.jpg
1507183139105453.jpg

   དེ་ཡང་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་༧སྨན་རི་བའི་ཁྲི་འཛིན་༣༣པ་མཆོག་དགོངས་པ་བོན་དབྱིངས་སུ་སྐུ་ཞི་བར་གཤེགས་པའི་གདུང་མཆོད་དུ། མདོ་སྨད་གནས་མཆོག་ཤར་གཉན་དུང་རི་དཀར་པོའི་ཉེ་འདབ་ཏུ་ཆགས་པའི། རིག་འཛིན་སྐྱང་འཕགས་ཆེན་པོའི་གདན་ས་ཤར་དུང་རི་དགོན་གསང་ཆེན་སྨིན་གྲོལ་གླིང་གི་བསྟན་བདག་མཆོག་སྤྲུལ་སྐུ་བསྟན་འཛིན་གྲགས་པ་རིན་པོ་ཆེས་དབུ་ཁྲིད་གནང་སྟེ། 

   དགོན་དེའི་གྲྭ་མང་དང་དད་ལྡན་མང་ཚོགས་ཡོངས་ནས་༧ཞྭ་དཀར་བསྟན་པའི་གཙུག་རྒྱན། སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་དང་འབྲེལ་གདུང་མཆོད་ཀྱི་ཆོ་ག་སྤེལ།  

1507183139315509.jpg

   དེ་ནས་བླ་གྲྭ་རྣམས་དང་དད་ལྡན་མང་ཚོགས་ཡོངས་ནས་གསལ་བའི་མར་མེ་ཅི་འབྱོར་སོགས་ཕྱི་ནང་གསང་བའི་མཆོད་པ་སྣ་ཚོགས། དེ་བཞིན་ནོར་ལུག་དུ་མ་ཞིག་ཚེ་ཐར་སྲོག་བླུ་ཕུལ་བ་དང་། སྐྱབས་རྗེ་མཆོག་གི་གསོལ་འདེབས་དང་བླ་མའི་མཆོད་པ་སོགས་ཀྱི་གདུང་ཞུགས་གནང་།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།