འབར་ཁམས་དྲེལ་དམར་ལྷ་ཁང་དགོན་ནས་གདུང་ཞུགས་མཆོད་འབུལ་ཞུས་པ།

[ཟླ་ཚེས། 2017-10-04 21:58:22][རྩོམ་པ་པོ། རྒྱལ་མཚན་དྲི་མེད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1507127308535831.jpg
1507127308795485.jpg
1507127308128531.jpg

   འཛམ་གླིང་བོན་འབངས་ཡོངས་ཀྱི་སྐྱབས་གནས་དམ་པ་མཚན་བརྗོད་པར་དཀའ་བ། སྐྱབས་རྗེ་རྩ་བའི་བླ་མ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་པའི་ཡིད་སྐྱོ་བའི་གནས་ཚུལ་དེ་དྲྭ་ལམ་ན་ཐོས་པ་ནས་བཟུང་། རྒྱལ་རོང་གཡུ་ཞིག་འབར་ཁམས་ཚེ་དཔལ་དྲེལ་དམར་ལྷ་ཁང་དགོན་གྱི་བསྟན་བདག་གཡུ་ཞིག་བླ་མ་ཤེས་རབ་རྣམ་དག་མཆོག་གིས་ལྷ་སྡེ་མི་དམངས་རྣམས་ནས་དགོངས་རྫོགས་མཆོད་པ་དང་འབྲེལ་སྡིག་སྤང་དགེ་སྒྲུབ་ཀྱི་ལས་ལ་འབད་དགོས་ཞེས་བཀའ་གསུངས་ལྟར་། ལྷ་སྔེ་མི་དམངས་རྣམས་ཀྱིས་གདུང་སེམས་མཉམ་བསྐྱེད་ཀྱི་སྒོ་ནས་སྡིག་སྤང་དགེ་སྒྲུབ་ལ་འབད་ན་དང་།

1507127307123320.jpg
1507127307346061.jpg
1507127308671640.jpg

   ལྷག་པར་དུ་སྤྱི་ལོ་2017ཟླ་བ་9ཚེ་པ་22ནས་བཟུང་གཡུ་ཞིག་ཚེ་དཔལ་དྲེལ་དམར་ལྷ་ཁང་དགོན་གྱི་དབུ་བླ་ཤེས་རབ་རྣམ་དག་མཆོག་གིས་བཀའ་དགོངས་གཞིར་བཟུང་སྟེ། ཚེ་དཔལ་དྲེལ་དམར་ལྷ་ཁང་གི་ཚོམས་ཆེན་འདུ་ཁང་ནང་དུ་གདུང་མཆོད་ཀྱི་མཆོད་འབུལ་སྟ་གོན་ལེགས་པོར་ཞུས་ནས། སྤྱི་ལོ་2017ཟླ་བ་9བའི་ཚེས་25་ནས་28བར་ཚོམས་ཆེན་འདུ་ཁང་ནང་དུ་རིན་པོ་ཆེའི་སྐུ་པར་མཐོང་བ་རང་གྲོལ་མདུན་དུ་བླ་མ་ཤེས་རབ་རྣམ་དག་མཆོག་དབུས་བཞུགས་ཐོག་གྲྭ་པ་རྣམས་ཀྱིས་བསྟོད་པ་རྣམ་རྒྱལ་ཁང་བཟང་དང་མཚན་ལྡན་བླ་མ་བསྟོད་ཐབས་དང་གསོལ་འདེབས་སྨོན་ལམ་བཅས་སྒྲ་དབྱངས་སུ་གསུངས་པ་དང་།

1507127307106013.jpg
1507127308430748.jpg
1507127308228584.jpg

    དེ་བཞིན་དུ་ཟླ་བ་9བའི་ཚེས་29་ནས་30་བར་དུ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ། ཉིན་ཞག་གཉིས་ཀྱི་རིང་ལ་ལེགས་པར་གསུངས་ཤིང་། ཟླ་བ་10་ཚེ་པ་1་ནས་2་བར་དུ་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་འཁོར་གཟབ་ཅིང་རྒྱས་པ་ཞིག་འཚོགས་ཡོད་། ཚེས་2་དེ་ཡང་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་གྱི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་ཏེ། ལྷ་སྡེ་མི་དམངས་ནས་སྙིང་པོ་རྣམ་གསུམ་དང་སྤྱི་གཙུག་བདེ་བ་སོགས་སྒྲ་དབྱངས་སུ་གྱེར་ཞོར་ཚོགས་ཁང་སོགས་ལ་བསྐོར་བ།

 1507127308514014.jpg
1507127308379970.jpg

    དེའི་དགོང་མོ་ཕྱག་ཚོད་6པའི་ཐོག་དབུ་བླ་ཤེས་རབ་རྣམ་དག་དབུས་བཞུགས་ཐོག་གྲྭ་པ་དང་ལྷ་སྡེ་མི་དམངས་ཡོངས་རྫོགས་ཀྱིས་་ཚོམས་ཆེན་འདུ་ཁང་ནང་དུ་རིན་པོ་ཆེའི་སྐུ་པར་མཐོང་བ་རང་གྲོལ་མདུན་ནས་བླ་གྲྭ་རྣམས་ཀྱི་སྒོ་གསུམ་རྣམ་པར་དག་པའི་སྒོ་ནས་མཚན་ལྡན་བླ་མ་བསྟོད་པ་སྒོ་ནས་མཆོད་འབུལ་ཞུས་པ། ལྷ་སྡེ་མི་དམངས་རྣམས་ཀྱིས་ལག་ཏུ་མར་མེ་བཟུང་ནས་སྤྱི་གཙུག་བདེ་བ་སྒྲ་དབྱངས་སུ་གྱེར། ཕྱག་ཚོད་9པ་ཙམ་ལ་ལྷ་སྡེ་མི་དམངས་རྣམས་ཀྱིས་སྤྱི་གཙུག་བདེ་བ་དབྱངས་སུ་གྱེར་བཞིན་རིན་པོ་ཆེའི་སྐུ་པར་མཐོང་བ་རང་གྲོལ་ལ་མཇལ་ཁ་ཞུས་པ་སོགས་གདུང་མཆོད་ཀྱི་མཆོད་འབུལ་གྱི་གནས་ཚུལ་ཙམ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།