མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་སྒྲུབ་ཁང་ནས་སྐུ་གདུང་ཞུགས་འབུལ་འཚོགས་པ།

[ཟླ་ཚེས། 2017-10-02 20:39:36][རྩོམ་པ་པོ། དྲུང་ཡིག་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་སྒྲུབ་ཁང་ནས་སྐུ་གདུང་ཞུགས་འབུལ་གྱི་ཚོགས་འཁོར་ཕུལ་བ།

1506952139137064.jpg
1506952139959565.jpg

   དེ་ཡང་རང་ཅག་བོན་འབངས་ཡོངས་ཀྱི་གཙུག་རྒྱན། ཞྭ་དཀར་བསྟན་པའི་མངའ་བདག་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་༧མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་༢༠༡༧་༩་༡༤ཉིན་༧གདན་ས་ཆེན་མོ་༧སྨན་རིའི་གླིང་བླ་བྲང་ནས་དགོངས་པ་བོན་དབྱིངས་སུ་སྐུ་གཤེགས་པ་དང་། དེ་རིང་སྟེ་སྤྱི་ལོ་༢༠༡༧ལོའི་ཟླ་བ་༡༠བའི་ཚེས་༢ཉིན་སྐྱབས་རྗེ་མཆོག་གི་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་ཉིན་ཁེལ་ཡོད་སྟབས། 

1506952139160465.jpg
1506952139727237.jpg
1506952139593838.jpg
1506952798133398.jpg

   འདི་གའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་སྒྲུབ་ཁང་དུ་༧སྐྱབས་རྗེ་རྒྱལ་བ་གཤེན་སྲས་རིན་པོ་ཆེའི་བཀའ་དགོངས་དང་ཁྱད་པར་དུ་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་གི་བཀའ་དགོངས་ལྟར། རང་ཚོགས་པའི་ཚོགས་གཙོ་སྐུ་གཞོན་ཐར་བདེ་ཚེ་དབང་འཇིགས་མེད་དང་། བློ་འདྲི་མི་སྣ་རྟོགས་ལྡན་བསྐལ་ཁོ། དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། དྲུང་ཡིག་ཆེན་མོ་གཞོན་པ་རིན་སྤུངས་ཚུལ་བསྟན། དྲུང་ཡིག་པ་མཁན་པོ་ཚེ་རིང་ནོར་བུ། རྒྱུན་ལས་ལས་འཛིན་པུ་དུང་རི་བླ་མ་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན། གཟི་རྩའི་སྤྲུལ་སྐུ་དབང་རྒྱལ་ཚེ་རིང་། ཐར་བདེ་བསྟན་འཛིན་རྒྱ་མཚོ། དགེ་བཤེས་གཙུག་གཤེན་དོན་གྲུབ། དགེ་བཤེས་བསོད་ཁོ། ཁྱུང་སྲས་གཡུང་དྲུང་བདུད་འཇོམས། ཨ་ཤེས་ཤེས་རབ་ཉི་མ་སོགས་བླ་སྤྲུལ་བཅུ་ཕྲག་ལྷག་གིས་རྒྱལ་བ་གཉིས་པ་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་འཁོར་རྒྱས་འབུལ་གནང་སྟེ་ཕྱི་ནང་གསང་བའི་མཆོད་པ་སོགས་ཕུལ་ཏེ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣མཆོག་གི་ཐུགས་དགོངས་དབྱིངས་ནས་མི་འདོར་བ་སོགས་ཀྱི་གསོལ་བ་ཕུར་ཚུགས་སུ་བཏབས་པ་སོགས་ཀྱི་གནས་བསྡུས།

1506952139922429.jpg

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་ནས་༢༠༡༧་༡༠་༢ཉིན།

སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གྱི་མཛད་རིམ་གནས་བསྡུས།
01.jpg

གཡུང་དྲུང་བོན་དྲ་བ་ལ་གཟིགས་པར་འཚལ།
༼  མཆན།༽ ནང་དོན་གྱི་དོན་རྐྱེན་ཁ་ཤས་རྐྱེན་གྱིས་དངོས་སུ་ང་ཚོ་ཧི་མ་ལ་ཡའི་བོན་དྲ་བར་བརྒྱུད་འགོད་བྱེད་སྟབས་བདེ་མ་སོང་བས་འདིར་ཆེད་དུ་དྲ་གནས་བརྒྱུད་འགོད་ཞུས་ཡོད། ཧི་བོན་གཙོ་སྒྲུབ་པས། 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།