ཤར་རྫའི་རི་ཁྲོད་ནས་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-24 20:17:53][རྩོམ་པ་པོ། ཤར་རྫའི་རི་ཁྲོད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506255707953412.jpg
ཨེ་མ་ཧོ།

རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི།།

མཁྱེན་བརྩེ་ཡེ་ཤེས་ངོ་བོ་གཅིག་བསྡུས་པའི།།

ཟབ་རྒྱས་གཤེན་བསྟན་སྤེལ་བའི་འཕྲིན་ལས་ཅན།།

ལུང་རྟོགས་བསྟན་པའི་ཉི་མ་རྟག་འཆར་ཤོག །
1506255707659763.jpg

微信图片_20170924210403.jpg

བདེ་ལྡན་དག་པའི་རང་བཞིན་ཡེ་གྲོལ་ཡེ་གསལ་མུ་མེད་ལྷ་ལམ་དབྱིངས།།

བརྒྱུད་ལྡན་རྒྱལ་བ་དངོས་བྱོན་ལྷུན་རྫོགས་ལྷུན་པོའི་བཅུ་དྲུག་ཆས་བཞད་ཀྱི།།

ལས་ལྡན་དག་པའི་སྙིང་དཀྱིལ་གུར་ཏིག་གུར་ཁང་ཀུ་དཱའི་ཚལ་ཆེན་དབུས།།

སུམ་ལྡན་བླ་མ་གཡུང་དྲུང་འཆང་ཆེན་འཆང་བཞིན་ཚེ་རབས་ཀུན་ཏུ་བསྙེན།།
1506255707119821.jpg

   སྐྱབས་གཅིག་འགྲོ་བའི་མགོན་པོ་ཞྭ་དཀར་བསྟན་པའི་བདག་པོ་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ ༧ ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དགུང་གྲངས་གྱ་དགུ་བཞེས་པ་སྤྱི་ལོ་༢༠༡༧ལོའི་ཟླ་བ་༩ཚེས་༡༤ཉིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དགོངས་པ་བོན་དབྱིངས་སུ་མངོན་པར་ཐིམ་པའི་གནས་ཚུལ་ཐོས་འཕྲལ།   ཕྱིན་ཉིན་ནས་བཟུང་ཉིན་གསུམ་གྱི་རིང་དུ་ངེད་ཤར་རྫའི་རི་ཁྲོད་བཤད་སྒྲུབ་སྒོམ་པའི་འདུས་སྡེ་ཡོངས་ཀྱིས་སྐྱོ་གདུང་དྲག་པོའི་ངང་ནས་མྱ་ངན་ཞུ་བ་དང་།   སྐྱབས་ཀྱི་བླ་མའི་ཐུགས་དགོངས་རྫོགས་ཕྱིར་བླ་མའི་མཆོད་པ་དང་མཉམ་མེད་བླ་མའི་བླ་སྒྲུབ་སོགས་དགེ་སྒྲུབ་གང་ཆེ་བགྱིད་བཞིན་ལགས་ན་རྗེ་བླ་མའི་ཐུགས་བསྐྱེད་བྱིན་རླབས་སྤྲིན་དཔུང་མུ་མེད་དུ་སྤྲོས་པས་གང་དང་དབྱེ་རུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེས་མཆོག་ཉི་མ་གཞོན་ནུ་མཁའ་རུ་གསལ་བའི་སྨོན་འདུན་ཡང་ཡང་ཞུ་བ་བཅས།


1506255707870360.jpg
1929—2017

དོན་ངོ་མ་གསེར་གྱི་ཀ་ཆེན་ཞིག་འགྱེལ་སོང་།

གདུང་སེམས་མཉམ་བསྐྱེད།།   ཐུགས་གསོ་མཉམ་བསྐང་།།

དཀའ་སྡུག་མཉམ་ཁུར།།         སྐྱོ་གདུང་མཉམ་ཡོད།།

དོན་ངོ་མ་གསེར་གྱི་སྒྲོན་མེ་ཞིག་གཟིམས་སོང་།།

མི་རྟག་ཚུལ་བསྟན་དགོངས་པ་མྱ་ངན་འདས།།

བདེ་ཆེན་དབྱིངས་གཤེགས་མཛད་ལ་ཕྱག་འཚལ་ལོ།།

གང་ལ་གང་འདོད་འབྱོར་བའི་ཚད་མའི་རྣམ་རྒྱལ་མཆོག་ཆེན་གྱི།།

གཡུང་དྲུང་བསྟན་པའི་སྲོག་འཛིན་སྐྱེས་བུ་ཁྱེད་ཀྱིས་ཐུཊ་བསྐྱེད་ཀྱིས།།

བདེ་ལེགས་མ་ལུས་འདོད་འབྱུང་འཁྲུལ་མེད་རྒྱལ་བསྟན་རིན་པོ་ཆེ།།

ནུབ་མེད་སྲིད་མཐའི་དབར་དུ་དར་རྒྱས་ལྷག་གེར་བརྟན་པར་ཤོག།

ཤར་རྫའི་རི་ཁྲོད་བཤད་སྒྲུབ་འདུས་སྡེ་ནས།

                                          ༢༠༡༧/༩/༢༠ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།