ཚ་བ་དཔའ་ཤོད་ཝ་དག་བོན་དགོན་ནས་གདུང་མཆོད་ཞུས་པ།

[ཟླ་ཚེས། 2017-09-24 00:42:41][རྩོམ་པ་པོ། ཝ་དག་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཚ་བ་དཔའ་ཤོད་ཝ་དག་བོན་དགོན་ནས་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་ཞུས་པ། 

1506185045548913.jpg

རབ་འབྱམས་ཕྱོགས་བཅུ་རྒྱལ་བ་སྲས་བཅས་ཀྱི། །
མཁྱེན་བརྩེ་ཡེ་ཤེས་ངོ་བོ་གཅིག་བསྡུས་པ། །
ཟབ་རྒྱས་གཤེན་བསྟན་སྤེལ་བའི་འཕྲིན་ལས་ཅན། །
ལུང་རྟོགས་བསྟན་པའི་ཉི་མར་གསོལ་བ་འདེབས།  
1506185081159131.jpg

    ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག །གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་སོང་ཞེས་མི་སྙན་པའི་གཏམ་ཞིག་ཐོས་འཕྲལ། བློ་ཕམ་སྐྱོ་གདུང་དང་བཅས། འདི་ག་ཚ་བ་དཔའ་ཤོད་རྫོངས་ཀྱི་ཁུངས་སུ་གཏོགས་པའི་༧དཔལ་གཤེན་བསྟན་ཝ་དག་བོན་དགོན་མཐོང་བ་རང་གྲོལ་རྩེའི་སྔགས་བཙུན་ཐུན་མོང་ནས། སྐུ་དཔར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ། མདོ་གཡུང་དྲུང་ཀློང་རྒྱས་དང་། མཉམ་མེད་བླ་སྒྲུབ་ཀྱི་ཚོགས་མཆོད་རྒྱས་འབུལ་དང་། ལྷ་སྡེ་མི་མང་ཡོངས་ནས་ཚེ་དབང་སྨོན་ལམ་དང་བོན་སྐུའི་སྨོན་ལམ་སོགས་མཆོད་འབུལ་ཞུས་དང་ཞུ་བཞིན་ལགས་ན།   དེ་ལུགས་སུ་༧རྒྱལ་བ་སྨན་རིའི་བསྟན་པ་ཇི་སྲིད་འཁོར་བ་མ་སྟོང་བར་དུ་གནས་པའི་སྨོན་ཚིག་དང་བཅས། དམ་པ་གང་གི་སྐྱབས་འོག་པ་ཝ་དག་བོན་དགོན་གྱི་སྐྱ་སེར་ཐུན་མོང་ནས་སྒོ་གསུམ་གུས་པ་ཆེན་པོས་སྤྱི་ལོ་༢༠༡༧ ཟླ་བ་༩ པའི་ཚེས་༡༨ ཉིན་ཕུལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།