ཁྱུང་ཡུལ་མར་དགོན་གཡུང་དྲུང་བསྟན་རྒྱས་གླིང་ནས་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-23 20:25:47][རྩོམ་པ་པོ། དགོན་པའི་འདུས་སྤྱི།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20170923190857.jpg

     སྤྱི་ལོ་༢༠༡༧།༩།༡༤ཉིན་འཛམ་གླིང་བོན་འབངས་ཡོངས་ཀྱིས་རེ་བའི་མིག་འབུར་གཏད་ས་གཡུང་དྲུང་བོན་གྱི་བླ་ཆེན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དགོངས་པ་བདེ་ཆེན་བོན་དབྱིངས་སུ་གཤེགས་པའི་གནས་ཚུལ་ཐོས་འཕྲལ་སེམས་ཕམ་ཡིད་སྐྱོའི་ངང་དུ་གྱུར་ནས།   

 微信图片_20170923190903.jpg微信图片_20170923190852.jpg

     ཁྱུང་ཡུལ་ངས་གཞུང་མར་ཁུ་དགོན་གཡུང་དྲུང་བསྟན་རྒྱས་གླིང་གི་དབུ་བླ་ཚུལ་ཁྲིམས་བསྟན་རྒྱལ་རིན་པོ་ཆེའི་བཀའ་དགོངས་བཞིན།

ངེད་མར་ཁུ་དགོན་གྱི་གྲྭ་པ་དང་བཙུན་མ་སྔགས་བོན་ལྷ་སྡེ་ཡོངས་ཀྱིས་ཕྱར་གྲུ་མཉམ་འདེགས་ངང་ནས་༧སྐྱབས་རྗེ་མཆོག་གི་གདུང་འདེབས་མཆོད་འབུལ་ཆེད་དུ་ཚུལ་ཁྲིམས་བསྟན་རྒྱལ་རིན་པོ་ཆེ་དབུ་བཞུགས་ཐོག་བླ་མ་མཆོད་པ་དང། རིག་འཛིན་འདུས་པའི་དཀྱིལ་འཁོར་གྱི་སྒོ་ནས་མཆོད་ཚོགས་རྒྱས་པའི་བཤམ་བདར་ལེགས་པར་བྱས་ཏེ། འཕྲིན་ལས་ཚོགས་འཁོར་གྱི་སྐབས་སུ་ཨ་སྙན་རྫོགས་གསུམ་དང་ཡེ་ཁྲི་སོགས་བླ་བརྒྱུད་རྣམས་ཀྱི་ཚོགས་རྐང་ཐོན་རྒྱས་པ་ཕུལ་ཏེ་སྨོན་ལམ་རྣམ་གསུམ་དང་ཞིང་སྨོན་རྣམ་གསུམ་གྲངས་སུ་བསགས་པ་དང་།

 微信图片_20170923190848.jpg

     གཞན་ཡང་སྡེ་དགོན་གཉིས་ཀྱི་སེར་སྐྱ་ཡོངས་ནས་དགོངས་ཞག་བཞི་བཅུ་ཞེ་དགུའི་ཚེ་ཤ་ཆང་སྒོག་གསུམ་སྤང་བ་དང་། ཚོགས་དང་མཆོད་མེ་ཁ་འདོན་བཟླས་བརྗོད་སཙྪ་ཆུ་གཏོར་དར་ལྕོགས་ཚེ་ཐར་ཚེ་དབང་སྨོན་ལམ་དང་བོན་སྐུ་སྨོན་ལམ་སོགས་རྡོ་ལ་བརྐོས་ཤིང་མཇུག་ཏུ་ཞི་རྒྱས་དབང་དྲག་གི་སྨོན་ལམ་འདོད་གསོལ་བཅས་བརྐོས་པ་སོགས། མདོར་ན་སེར་སྐྱ་ཀུན་གྱིས་གདུང་སེམས་མཉམ་བསྐྱེད་ཀྱི་སྒོ་ནས་དགེ་སྒྲུབ་སྡིག་སྤང་ཅི་ཐུབ་གང་ཐུབ་ལ་འབད་བཞིན་པ་བཅས་སྙན་གསན་ཙམ་དུ། ༢༠༡༧། ༩། ༢༤ཉིན་མར་ཁུ་དགོན་འདུས་སྤྱི་ནས་ཕུལ།

微信图片_20170923202608.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།