ཚ་རོང་གུར་མདུན་དགོན་ནས་ཁྲི་འཛིན་རིན་པོ་ཆེའི་གདུང་མཆོད་ཞུས་པ།

[ཟླ་ཚེས། 2017-09-23 09:38:22][རྩོམ་པ་པོ། ​ཚ་རོང་གུར་མདུན་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506130949131324.jpg
1506130949687088.jpg

    ངེད་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན།  ས་སྟེང་བོན་འབངས་ཡོངས་ཀྱི་དབུ་ཁྲིད།  ༧དཔལ་རྒྱལ་བ་སྨན་རི་བ་མཆོག་སྐུ་འཚོ་བཞུགས་སྐབས།  སྐུ་ཚེ་ཧྲིལ་པོ་བསྟན་དང་འགྲོ་བའི་དོན་དུ་སྐུ་ངལ་འཛེམ་མེད་ཀྱི་སྒོ་ནས་མཛད་འཕྲིན་ཐུགས་རྗེས་སྐྱོང་བཞིན་པའི་ངང་།  གདུལ་བྱའི་བསོད་ནམས་ནུས་པ་ཉག་ཕྲ་བའི་རྐྱེན་གྱིས་སྐུ་ལ་སྙུང་གཞི་བཞེས་ཏེ་ཡུན་རིང་སྨན་ཁང་གྲགས་ཅན་གང་སར་སྨན་བཅོས་ཡུན་རིང་ཞུས་ཀྱང་།  སྟབས་མ་ལེགས་པ་ཞིག་ལ་ཕྱི་ལོ་༢༠༡༧ཟླ་༠༩ཚེས་༡༤དང་ཧོར་ཟླ་༧པའི་ཚེས་༢༤ གཟའ་ཕུར་བུ་ཉིན་གྱི་ཕྱི་དྲོའི་རྒྱ་གར་ཆུ་ཚོད་དྲུག་དང་སྐར་མ་༢༥སྟེང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་ཐིམ་སོང་བའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་།

1506130949936414.jpg
1506130949131797.jpg

     དེ་འཕྲལ་ངེད་ཚ་རོང་མཛོ་སྒང་གསལ་ཡུལ་གུར་མདུན་དགོན་པའི་དགེ་སློབ་ལྷན་རྒྱས་ནས་ཉིན་གསུམ་རིང་ལ།  རང་ཅག་བོན་གྱི་ལྷ་སྐལ་སྐྱབས་རྗེ་རྩ་བའི་བླ་མ་༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་༧ལུང་རྟོགས་བསྟན་པའི་ཉི་མ་མཆོག་གི་ཞལ་སྐྱིན་སྐུ་པར་རིན་པོ་ཆེའི་གཞི་ཐོག་ཏུ་བཤམས་ནས།  དེའི་མདུན་དུ་མཚན་མ་རྫས་ཀྱི་མཆོད་པ་རྣམ་ལྔ་དང་རྣམ་བརྒྱད།  རྟགས་བརྒྱད།  ནོར་བདུན།  ཤིང་ཐོག  སྤྱན་གཟིགས།  ཇ་ཆང་།  མངར་ཆུ་ལ་སོགས་བཤམས་ལ།  《 བོན་སྐུ་སྨོན་ལམ་ལས།།  ཉི་ཟླ་གཟའ་ཡིས་ཟིན་དང་སྒྲ་དང་ས་གཡོས་བོན་འཁོར་བསྐོར།།  རྫོགས་ཆེན་རྣལ་འབྱོར་འདིར་སྣང་སྐུ་ཡི་བཀོད་པ་བསྡུས་པའི་ཚེ།།  ཀུན་གྱིས་ངག་ཏུ་བརྗོད་པས་ཐོས་ཀུན་གྲོལ་བ་ང་ཡིས་བཤད།།  གསུང་པ་བཞིན།།  》བླ་མ་མཆོད་པ་དང་།  ཚེ་དབང་སྨོན་ལམ།  མཉམ་མེད་བླ་སྒྲུབ་སྟོང་ཚོགས་དང་།  མར་མེ་ཁྲི་མཆོད།  བདེ་སྨོན་རྣམ་གསུམ་སོགས་འཚོགས་གནང་མཛད་པ་དང་། 

1506130949222646.jpg
1506130949153150.jpg

 ལྷ་སྡེ་སེར་སྐྱ་རྣམས་དེ་བཞིན་ཞག་གསུམ་རིང་མཉམ་འཛོམས་ཐོག་རྗེ་བླ་མ་མཆོག་ལ།  ཡིད་ཀྱི་གསོལ་བ་ཕུ་ཚུགས་སུ་བཏབས་པ་དང་།  ངག་གིས་གསོལ་འདེབས་དང་།  སྨོན་ལམ།  ཡིག་བརྒྱ།  སྙིང་པོ་རྣམ་གསུམ་།  མ་ཏྲི།  ཚེ་དབང་སྨོན་ལམ་སོགས་མདོ་ན་རང་ཉིད་ཀྱི་གང་ཤེས་ཤེས་འདོན་པ་དང་།  མཐར་སེར་སྐྱ་ཕོ་མོ་ཡོངས་ནས་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མདུན་དུ་དགུང་ཞག་ཚེ་ལ་ཕྱག་སྐོར་སྒྲིབ་སྦྱོང་གཙོས་པའི་དགེ་སྒྲུབ་སྡིག་སྤོང་སོགས་ཁས་ལེན་གང་མང་བཟོས་ནས་མཇུག་གྲུབ་པའོ།།

ཚ་རོང་གུར་མདུན་དགོན་འགན་འཛིན་ལྷན་ཚོགས་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།