རྩེ་ཁོག་སོ་ནག་བོན་དགོན་ནས་༧རྗེ་སྨན་རི་བར་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-21 16:12:12][རྩོམ་པ་པོ། དོ་དམ་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1.jpg

     དེ་ཡང་ཞྭ་དཀར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་༧ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་བོ་མཆོག་གིས་སྐུ་ཚེ་གང་བོར་སེམས་ཅན་སྤྱིའི་འགྲོ་བའི་དོན་ཆེན་རྒྱ་ཆེན་པོ་མཛད་ནས་ཐུགས་བརྩེ་ཟབ་མོའི་གསང་བའི་གུང་ཁང་ནས་རིས་མེད་འགྲོ་བ་ཀུན་ལ་ཐུགས་བརྩེ་ཁུར་ཆེན་གནང་ནས་རེ་ཞིག་མི་རྟག་ཚུལ་བསྟན་གྱི་ལས་མངོན་པར་བསྟན་པས་ན།

 2.jpg3.jpg

སྤྱི་ལོ2017ཟླ9ཚེས14ཉིན་ཁོང་གི་དགོངས་པ་བོན་དབྱིངས་སུ་ཐིམ་ཚུལ་གྱི་གནས་ཚུལ་འབྱོར་མ་ཐག  སེམས་སུ་རང་རེའི་ཁ་བ་གངས་ཅན་པའི་བསྟན་པའི་ཀ་ཆེན་ཞིག་བགྱེལ་བ་དང་བསྟན་པའི་སྒྲོན་མེ་ཞིག་གཟིམས་པར་ངོ་ཤེས་ནས་རང་སེམས་ཚུལ་འཆོས་ཀྱི་ཟོལ་དུ་མ་མཆིས་པའི་འགྱོད་གདུང་དྲག་པོ་ཞིག་ངང་གིས་གཡོས་ཏེ་དད་སེམས་རྣམ་དག་ཅིག་གི་སྨོན་པ་བསམ་པའི་སྟོབས་སུ་བཏེགས་ཏེ་ཁོང་ལ་མྱ་ངན་དང་རྣམ་དཀར་དགེ་བའི་ལས་ལ་བརྩོན་པ་ལགས་ན། 

 4.jpg5.jpg

ངེད་ཅག་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་ནང་ཚན་མདོ་སྨད་རེབ་གོང་རྩེ་ཁོག་རྫོང་སོ་ནག་དགོན་༧དཔལ་གཤེན་བསྟན་མདོ་སྔགས་དར་རྒྱས་གླིང་སྤྱི་ནས་བསླབ་གསུམ་འདུལ་བ་འཛིན་པའི་སྡེ་དང་གསང་སྔགས་རིག་པ་འཛིན་པའི་སྡེ་གཙོར་མཛད་རྒན་གཞོན་ཕོ་མོ་ལ་སོགས་ཀྱིས་སྐྱབས་རྗེ༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གི་ཞལ་སྐྱིན་སྐུ་པར་གྱི་མདུན་སར་སྐུ་གསུང་ཐུགས་རྟེན་གྱི་མཆོད་པ་དང་རྣམ་ལྔ་རྣམ་བརྒྱད་ཀྱི་མཆོད་རྫས་སོགས་རིམ་པར་བཤམས་ནས་བདེན་སྨོན་རྣམ་གསུམ་དང་ཚེ་དབང་སྨོན་ལམ་གསུང་པ་ལགས་སོ།།

6.jpg7.jpg

微信图片_20170921160957.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།