ཁམས་སྡེ་དགེ་ཐར་བདེ་དགོན་ནས་གདུང་མཆོད་འབུལ་བ།

[ཟླ་ཚེས། 2017-09-21 13:45:21][རྩོམ་པ་པོ། ཐར་བདེ་མི་གཡོ་བསམ་གཏན་གླིང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 1.jpg 

གངས་རིའི་ཕ་རོལ་ནས་གངས་ཀྱི་གླེགས་བམ་དེ་འཐིམས་སོང༌། དུས་རབས་ཤིག་དང་བར་མཚམས་ཤིག་ནས་༧སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་དུ་གྱུར་བ་༧རྒྱལ་བ་མཉམ་མེད་ཆེན་པོའི་ཁྲི་འཛིན་སོ་གསུམ་པ་༧ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་སྐུ་ཚེ་ཧྲིལ་པོ་གཞན་དོན་ཁོ་ནར་མཛད་ནས་བསྟན་པའི་ཀ་ཆེན་ཞིག་གྱུར་བ་ནི་ང་ཚོས་མཁྱེན་གསལ་ལྟར་རེད། 

2.jpg3.jpg

ད་ཐེངས་སྤྱི་ལོ་༢༠༡༧ /༩ /༡༤ཉིན་མི་རྟག་ཚུལ་བསྟན་དགོངས་པ་བོན་དབྱིངས་སུ་བསྡུས་པ་ནི།   འཛམ་གླིང་ཉི་མ་སེར་པོ་ནུབ་ཕྱོགས་སུ་བྱོན་པའི་རྣམ་པ་རུ་གྱུར། ས་ཆེན་མུན་པའི་གླིང་འདི་ནས་ཁོང་གི་སྐྱབས་འོག་ཏུ་འཁོད་པའི་སྤྱིར་རྒྱལ་ཁབ་ཕྱི་ནང་གི་དད་ལྡན་མང་ཚོགས་རྣམས་དང་དགོས་རང་ཅག་བོན་འབངས་ཡོངས་ཀྱིས་རྒྱལ་བ་སྨན་རི་བ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གི་མཛད་འཕྲིན་ཡང་ནས་ཡང་དུ་དྲན་པ་ཆུད་ཟོས་སུ་མི་གཏོང་བར་མཆོད་འབུལ་ཟབ་རྒྱས་ཤིག་འབུལ་དང་འབུལ་བཞིན་པ།

4.jpg5.jpg

དེ་བཞིན་དུ་ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད་མཆོག་གིས་ཐུགས་བཀོད་ལྟར་ངེད་ཐར་བདེ་མི་གཡོ་བསམ་གཏན་གླིང་གི་གྲྭ་ཚང་འདུས་སྡེ་ནས་རྒྱལ་བ་སྨན་རི་བ་ཆེན་པོའི་གདུང་མཆོད་ལ་མཆོད་པ་རྣམ་ལྔ་དང་ཚོགས་འཁོར་བཅས་འབུལ་བ།

6.jpg7.jpg

དད་ལྡན་མི་དམངས་སེར་སྐྱ་ཡོངས་ནས་གསོལ་འདེབས་སྨོན་ལམ་ངང་ཕྱག་སྐོར་སྒྲིབ་སྦྱོང་དང་གདུང་སེམས་མཉམ་བསྐྱེད་བཅས་སོ།། ཐར་བདེ་མི་གཡོ་བསམ་གཏན་གླིང་འདུས་སྤྱི་ནས། ༢༠༡༧//༡༦ཉིན།    

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།