རྫ་སྨོན་རྒྱལ་དགོན་ནས་ཁྲི་འཛིན་སོ་གསུམ་པ་མཆོག་ལ་གདུང་མཆོད་འབུལ་ཚུལ།

[ཟླ་ཚེས། 2017-09-20 20:58:54][རྩོམ་པ་པོ། སྨོན་ཨ་པད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20170920204909.jpg

རྫ་སྨོན་རྒྱལ་དགོན་ནས་ཁྲི་འཛིན་སོ་གསུམ་པ་མཆོག་ལ་གདུང་མཆོད་འབུལ་ཚུལ།

སྙིགས་མའི་དུས་ཀྱི་སྟོན་པ་ཆེན་པོ་མཚན་བརྗོད་པར་དཀའ་བ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་༧ལུང་རྟོགས་བསྟན་པའི་ཉི་མ་མཆོག་གིས་སྐུ་ཚེ་ཧྲིལ་བོར་བསྟན་དང་འགྲོ་བའི་དོན་རྒྱ་ཆེན་པོ་བསྒྲུབས་པ་དང་།  ལྷག་པར་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་མ་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་ཀྱིས་ལམ་ནས་མཛད་པའི་འཕྲིན་ལས་ཕྱོགས་བཅུར་ཀུན་ཏུ་ནད་ཐོག་སྨན་ལྟར་རྔོ་ཐོགས་པའི་ཐུགས་འགན་ཁྱབ་བདལ་ཆེན་པོ་མཛད་ཡོད་པ་ནི་ང་ཚོ་བོད་འབངས་ཡོངས་ཀྱིས་ནམ་ཡང་ཡིད་ལ་འཆར་བཞིན་ཡོད་པ་ལྟར་ལགས་ན།  རེ་ཞིག་མི་རྟག་ཚུལ་བསྟན་ཏེ་དགོངས་པ་བོན་དབྱིངས་སུ་ཐིམ་པའི་སྐབས་འདིར་བོད་གཞི་བྱེས་གང་སར་ནས་ཉིད་ཀྱི་སྐུ་ཚེ་མཐར་ཕྱིན་པ་ལ་ཡི་རང་དང་བཅས་ཏེ་བན་བོན་རིས་མེད་ཀྱི་བླ་སེར་ཡོངས་ཀྱིས་བློ་ཕམ་སེམས་ཕམ་ངང་ནས་གདུང་མཆོད་གྲངས་ལས་འདས་པ་ཕུལ་ཡོད་པ་རེད། 

 微信图片_20170920204914.jpg微信图片_20170920204838.jpg

དེར་བརྟེན་ཁམས་གླིང་ཚང་མ་དགོན་ཆེ་དྲུག་གི་ཡ་གྱལ་༧རྫ་ཀུན་གྲོལ་གྲགས་པའི་གདན་ས་སྨོན་རྒྱལ་སྐུ་ཡི་དགོན་པ་ཨ་ཁོད་དགའ་ལྡན་དར་རྒྱས་གླིང་གི་མཆོག་སྤྲུལ་རྒྱལ་སྲས་བསྟན་འཛིན་རྣམ་རྒྱལ་རིན་པོ་ཆེ་དབུ་བཞུགས་ཐོག  ཉིན་དང་པོར་བླ་གྲྭ་རྣམས་ཀྱིས་བཅའ་གཞི་སྟ་གོན་མཆོད་འཕྲེང་ལེགས་པོར་བསྒྲིག་པ་དང་། ཉིན་གཉིས་པར་བླ་ཆེན་དྲན་པ་ཡབ་སྲས་ཀྱི་ཚོགས་དང་།  ཉིན་གསུམ་པར་སྐྱ་སེར་རིས་སུ་མེད་པར་ཞི་ཁྲོ་དགོངས་འདུས་ཀྱི་ཚོགས་འཁོར་སྐོར་བ།  ཉིན་བཞི་པ་དང་ལྔ་པ་གཉིས་ལ་མེ་ཏོག་མཆོད་པ་གསུང་པ་མ་ཚད་འོག་གི་སྡེ་འབངས་ཡོངས་ཀྱིས་ཕྱག་སྐོར་སྒྲིབ་སྦྱོང་སྒོ་གསུམ་དགེ་ལ་ཕྱོགས་པའི་ལས་གང་མང་མང་སྒྲུབ་དང་སྒྲུབ་བཞིན་པ་ལགས་སོ།།

微信图片_20170920204901.jpg

微信图片_20170920204905.jpg

微信图片_20170920204856.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།