རྟའུ་དགུ་རྫ་དགོན་ནས་གདུང་མཆོད་ཕུལ་བ།
[ཟླ་ཚེས། 2017-09-20 16:18:53][རྩོམ་པ་པོ། རྟའུ་དགུ་རྫ་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་༧དཔོན་གསས་བླ་མ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་ལ་རྟའུ་དགུ་རྫ་དགོན་གཤེན་བསྟན་མདོ་སྔགས་ཕུན་ཚོགས་གླིང་གི་བླ་གྲྭ་འདུས་བ་རྒྱ་མཚོས་གཙོ་བྱས་ནས་དད་ལྡན་མང་ཚོགས་རྣམས་ཀྱིས་གདུང་མཆོད་འབུལ་བཞིན་པ།
མར་མེའི་མཆོད་པ།
རིན་ཆེན་འོད་ལས་གྲུ་པ་སྟེ།
དག་ཅིང་གཙང་མར་བཤམས་པ་ཡི།
མ་རིག་མུན་སེལ་སྒྲོན་མེ་འདི་།
བདག་དང་མཐའ་ཡས་སེམས་ཅན་གྱི།
བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར།
བདེ་བཤེགས་རྣམས་ལ་འབུལ་ལགས་ཀྱི།
ཐུགས་རྗེ་དང་ནི་དམ་ཚིག་གིས།
གཉིས་མེད་དོན་གྱི་བཞེས་སུ་གསོལ།
ཨེ་མ་ཧོ།
སྤྱི་གཙུག་བདེ་བ་ཆེན་པོའི་ཕོ་བྲང་དུ།།
དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས།།
སངས་རྒྱས་སེམས་སུ་སྟོན་པ་རིན་པོ་ཆེ།།
རང་ངོ་རང་གིས་ཤེས་པར་བྱིན་གྱིས་རློབས།།
འཛམ་བུ་གླིང་དུ་གསེར་གྱི་ཉི་ཤར་བཞིན།།
དུས་ངན་ལྔ་བརྒྱ་ཐ་མའི་སྙིགས་མ་ལ།།
འཕྲུལ་ངག་བོན་གྱི་ཆུ་ཆེན་རབ་འབྲུག་ནས།།
རྗེས་འབྲང་ཉོན་མོངས་མ་ལུས་རྩད་ནས་བཀྲུ།།
སྡེ་གསུམ་ཤེས་རབ་རྒྱས་པའི་ང་རོ་ཅན།།
མ་རིག་གྲུབ་མཐའ་འདྲ་མིན་གླད་པ་འགེམས།།
མི་ཡི་སེང་གེ་གཟི་བརྗིད་སྨན་རི་བ།།
གཙུག་རྒྱན་མཁན་པོ་ཁྱེད་ལ་ཕྱག་འཚལ་ལོ། །