རྟའུ་འདྲ་ཆུ་མིག་དགོན་ནས་གདུང་མཆོད་ཞུས་པ།
[ཟླ་ཚེས། 2017-09-20 15:50:26][རྩོམ་པ་པོ། ཟླ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཁམས་རྟའུ་རྫོང་འདྲ་ཆུ་མིག་དགོན་གྱི་བླ་གྲྭ་ཡོངས་ནས་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་ ༧ རྗེ་རྒྱལ་བ་སྨན་རི་བ་ཆེན་པོ་དགོངས་པ་བོན་དབྱིངས་སུ་གཤེགས་པར་གདུང་ཤུགས་དྲག་པོས་མྱ་ངན་དང་བཅས་གདུང་མཆོད་རྒྱས་འབུལ་ཞུས་པ།
ཁོང་རིན་པོ་ཆེའི་དགོངས་པ་བོན་དབྱིངས་སུ་བསྡུས་སོང་བ་ནི་སྤྱིར་འཛམ་བུ་གླིང་གི་སྐྱེ་འགྲོ་ཡོད་དོ་ཅོག་དང་། སྒོས་སུ་ང་ཚོ་བོན་འབངས་ཀུན་གྱི་གྱོང་གུད་ཆེས་ཆེན་པོ་ཞིག་ཡིན་པ་སྨྲ་ག་ལ་དགོས། དེའི་ཕྱིར་ཁོང་རིན་པོ་ཆེའི་བསྟན་པ་དང་སེམས་ཅན་ལ་བཅིང་བའི་ལྷག་བསམ་དང་ཐུགས་སྟོབས་བཅས་ནི་ང་ཚོ་ཚང་མས་ཅི་སྲིད་བསྐལ་བའི་མཐར་ཡང་བརྗེད་པར་ག་ལ་འོས།