སྡེ་དགེ་རྫ་འབུམ་རྨད་དགོན་ནས་༧མཁན་རིན་པོ་ཆེར་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-20 10:54:34][རྩོམ་པ་པོ། རྫ་འབུམ་རྨད་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20170919221511.jpg

སྡེ་དགེ་རྫ་འབུམ་རྡ་དགོན་ནས་༧མཁན་རིན་པོ་ཆེར་གདུང་མཆོད་ཕུལ་བ།

ད་ལན་བོན་འབངས་ཡོངས་ཀྱི་སྐྱབས་གནས་སྐུ་ཚེ་གཞན་དུ་བསྐྱལ་ཞིང་འཕྲིན་ལས་བསྟན་དོན་དུ་རྫོགས་པའི་སྙིགས་དུས་ཀྱི་༧སྐྱབས་རྗེ་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གི་དགོངས་རྫོགས་ལ་དམིགས་ཏེ་རྫ་འབུམ་རྨད་མི་གཡོ་བསམ་གཏན་གླིང་གི་གོང་བཞུགས་མཁན་སྤྲུལ་རྣམ་པའི་དབུ་བཞུགས་གནང་ཐོག་ཚོགས་དང་མཆོད་པ་རྒྱ་ཆེར་བྱས་པའི་གནས་ཚུལ།

 微信图片_20170919221450.jpg微信图片_20170919221458.jpg

འབུམ་རྨད་མཆོག་སྤྲུལ་འཆི་མེད་ཟླ་བ་ཡེ་ཤེས་རྒྱ་མཚོ་མཆོག་གི་ཐུགས་དགོངས་གཞིར་བཟུང་སྟེ་བླ་གྲྭ་རྒན་རིམ་རྣམ་པའི་དབུ་ཁྲིད་འོག་ལྷ་སྡེ་ཚོ་པ་གསུམ་དང་བཅས་རང་དགོན་འབུམ་རྨད་མི་གཡོ་བསམ་གཏན་གླིང་དུ་འདུས་ནས་བླ་གྲྭ་རྣམ་པའི་ཉིན་གཉིས་ཀྱི་རིང་དུ་བདེ་གཤེགས་འདུས་པའི་ཚོགས་འཁོར་དང་།   དད་ལྡན་མང་ཚོགས་ཡོངས་ལ་དགེ་བསྐུལ་ཚེ་ཐར་དང་།  སྙིང་པོ་རྣམ་གསུམ།  གནས་བསྐོར།   སྒོ་བཤས།  དམར་ཟས་བཅད་རྒྱུ་སོགས་ཁས་བླངས་རྒྱ་ཆེར་གྲུབ་སྟེ་དགུང་ཞག་ཞེ་དགུའི་རིང་དུ་དགེ་ཕྱོགས་ལ་འབད་འབུངས་ལྷོད་མེད་བྱེད་འཆར་བཅས་གནས་ཚུལ་མདོར་བསྡུས་སོ།།

རྫ་འབུམ་རྨད་དགོན་དོ་དམ་ཨུ་ཡོན་ལྷན་ཚོགས་ནས།

微信图片_20170919230105.jpg微信图片_20170919230100.jpg

འབུམ་རྨད་དགོན་མ་རྒྱུད་སྒྲུབ་གྲྭ་ཐེག་མཆོག་གསང་སེམས་གླིང་།

རང་ཅག་བོན་འབངས་ཡོངས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ།     ཞྭ་དཀར་བསྟན་པའི་གཙུག་རྒྱན་དཔལ་རྒྱལ་བ་སྨན་རི་བ་མཆོག་གིས་སྐུ་ཚེ་གང་བོར་བསྟན་འགྲོའི་དོན་ཆེན་མཛད་ནས་སྤྱི་ལོ ༢༠༡༧.༩.༡༤ཉིན་གདན་ས་སྨན་རིའི་བླ་བྲང་དུ་དགོངས་པ་བོན་དབྱིངས་སུ་གཤེགས་པ་ལགས་ན། རང་ཅག་ཤུལ་ལུས་བོན་འབངས་ཡོངས་ཀྱིས་བཀའ་དྲིན་དྲན་པའི་ཐོག་ནས་གདུང་མཆོད་རྒྱུས་འབུལ་གནང་དགོས་པ་སྨྲོས་མེད་རེད་ལགས།   དེ་བཞིན་དུ་ངེད་འབུམ་རྨད་དགོན་སྒྲུབ་གྲྭ་སྤྱི་ནས་དེ་རིང་ནས་བཟུང་སྟེ་ཉིན་གསུམ་གྱི་རིང་ལ་གདུང་མཆོད་རྒྱས་འབུལ་བྱེད་བཞིན་ཡོད་པ་དང་།   ཀུན་མཁྱེན་ཤར་རྫ་བའི་བླ་སྒྲུབ་དང་རིགས་ལྔ་བདེ་གཤེགས་འདུས་པའི་ཚོགས་མཆོད་བོན་སྐུ་སྨོན་ལམ་སོགས་ལེགས་པར་བསྒྲུབས་ཏེ་བླ་གྲྭ་འདུས་པ་རྒྱ་མཚོ་ཡོངས་ཀྱིས་མཆོད་འབུལ་རྒྱ་ཆེར་བསྒྲུབས་པའོ།།

微信图片_20170919230145.jpg微信图片_20170919230141.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།