ཆབ་མདོ་​ཚ་རོང་དཔའ་ཤོད་དབེན་རྩེ་དགོན་ནས་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-20 10:51:40][རྩོམ་པ་པོ། ཁྲོ་གསེར་ཞུན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20170919114728.jpg

༧གཡུང་དྲུང་འཕེལ་རྒྱས་རབ་བརྟན་གླིང་ནས་གདུང་མཆོད་སྤེལ་བ།

ཚ་རོང་དཔའ་ཤོད་དབེན་རྩེ་དགོན་ནམ་དཔལ་གཤེན་བསྟན་གཡུང་དྲུང་འཕེལ་རྒྱས་རབ་བརྟན་གླིང་ནས། བོན་གྱི་སྤྱི་ནོར་༧དཔལ་རྒྱལ་བ་སྨན་རི་བའི་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་པའི་མྱ་ངན་གདུང་མཆོད་སྤེལ་བ། དེ་ཡང་ལྔ་སྙིགས་འཕེལ་ཁ་རྒྱས་པའི་དུས་འདིར། འགྲོ་ཀུན་སྡུག་བསྔལ་སེལ་བའི་སྨན་མཆོག་ནི། ལུང་རྟོགས་གཉིས་ཀྱི་བསྡུས་པའི་གཡུང་དྲུང་གི་བོན་རིན་པོ་ཆེ་ཁོ་ན་ལགས་པས། དེ་ཉིད་དར་རྒྱས་ཡོད་མེད་ནི་དེ་འཛིན་གྱི་སྐྱེས་བུ་དག་ལ་རག་ལས་པ་སྨོས་ཅི་ལ་དགོས། དེ་ཉིད་འཛིན་སྐྱོང་སྤེལ་བའི་སྐྱེས་མཆོག་གནམ་གྱིས་ས་བཀབ་པ་ལྟ་བུ་ཞིག་བྱོན་མྱོང་ན་ཡང་། ད་ལྟའི་དུས་འདིར་བཀའ་དྲིན་བླ་ན་མ་མཆིས་པའི་སྐྱེས་མཆོག་མཚན་བརྗོད་པ་དཀའ་བ་༧མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་རེ་ཞིག་འདི་སྣང་བཀོད་པ་བསྡུས་ནས་བདེ་ཆེན་དབྱིངས་སུ་གཤེགས་པའི་དུས་འདིར།

 微信图片_20170919114738.jpg

ངེད་གཡུང་དྲུང་འཕེལ་རྒྱས་རབ་བརྟན་གླིང་གི་སྐྱ་སེར་ཡོངས་ནས་མཆོད་པ་རྣམ་ལྔ་དང་རྒྱལ་བ་མཉམ་མེད་ཆེན་པོའི་བླ་སྒྲུབ་ཚོགས་འཁོར་རྒྱས་འབུལ་དང་། བླ་སེར་ཡོངས་ནས་གསོལ་འདེབས་དབྱངས་སུ་གྱེར་བ། དེ་བཞིན་བླ་གྲྭ་ཀུན་གྱིས་དགུང་ཞག་ཞེ་དགུའི་རིང་ཤ་སྤངས་པ་དང་། ལྷ་སྡེ་རྣམས་ཀྱིས་དགེ་བའི་ལས་ཅི་རིགས་ཁས་ལེན་དང་། མི་དགེ་བའི་རིགས་ཤ་ཆང་སོགས་སྡིག་སྤང་གི་ལས་ལ་འབད་རྒྱུ་དམ་བཅའ་བཅས། མདོར་ན་དད་ལྡན་བོན་འབངས་ཡོངས་ཀྱིས་མཚན་བཅས་མཚན་མེད་དགེ་བ་ཅི་བསགས་པ་ཐམས་ཅད་དཔལ་ལྡན་བླ་མའི་སྐྱབས་འོག་ཚུད་སླད་དུ། མཐར་ཚེ་དབང་རིག་འཛིན་ཆེན་པོས་རྫིའུ་རིག་པ་རང་ཤར་ལ་སྙན་དུ་རྒྱུད་པའི་ཚེ་དབང་སྨོན་ལམ་དོན་འདུས་རིན་ཆེན་ཕྲེང་བ་སོགས་བསྔོ་སྨོན་གྱིས་རྗེས་གདབ་པའོ།།

微信图片_20170919114741.jpg

མ་གྱུར་སེམས་ཅན་འགྲོ་དྲུག་ཀུན།།

མ་ལུས་འདྲེན་སྟོན་རྗེ་བླ་མའི།།

མ་རིག་རྨོངས་པའི་ལུས་ངན་དག།

མ་ལུས་ཐུགས་རྗེས་བཟུང་དུ་གསོལ།།

微信图片_20170919114744.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།