མདོ་སྨད་རྟོགས་ལྡན་གྱི་བླ་སྤྲུལ་འདུས་སྡེ་སྤྱི་ནས་ཕུལ་བའི་གདུང་ཤུགས་དྲག་པོའི་མྱ་ངན་ཞུ་མཆིད།

[ཟླ་ཚེས། 2017-09-19 23:17:32][རྩོམ་པ་པོ། རྟོགས་ལྡན་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1505834317703956.jpg

UNADJUSTEDNONRAW_thumb_15d.jpg


སྔགས་འོས་ཡོན་ཏན་འབུམ་གྱི་བདག་ཉིད་དམ་པ་དཔལ་ལྡན་རྒྱལ་བ་སྨན་རི་བའི་བླ་སྤྲུལ་འདུས་སྡེ་སྤྱི་ཡི་སྙན་ལམ་པད་དཀར་འཕྲེང་བ་མངོན་པར་བཞེད་པའི་ག་ལ་བར།  

   འདིར་གུས་ཕྲན་ངེད་ཅག་ནས་གུས་པ་ཆེན་པོས་སྙིང་ནས་གསོལ་བ་འདེབས་འབྲས། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མཆོད་པའི་གནས་སུ་གྱུར་བའི་རྒྱལ་བ་སྨན་རི་བའི་མཁན་ཆེན་དམ་པ་༧ཁྲི་འཛིན་སོ་གསུམ་པ་སྐུ་མི་རྟག་མྱ་ངན་ལས་འདས་ཏེ་དགོངས་པ་ཞི་དབྱིངས་སུ་གཤེགས་པ་ནི། ང་ཚོ་གཡུང་དྲུང་བོན་གྱི་བསྟན་སྒོར་བ་སྐྱེ་བོ་སེར་སྐྱ་ཡོངས་ལ་སྐྱབས་མེད་མགོན་མེད་དུ་དྭ་ཕྲུག་མས་བོར་བ་ལྟར་རེད་འདུག་ཀྱང་། དམ་པའི་འདས་འཁྲུངས་དང་སེམས་ཅན་གྱི་སྐྱེ་འཆི་འདི་འཇིག་རྟེན་གནམ་ཞབས་ཀྱི་འགྲོ་མང་ཡོངས་ཀྱི་སྐྱིད་སྡུག་ཡིན་པའི་བསམ་བློ་གཏོང་ཁུལ་བྱེད་ནས་འགྱོད་པའི་སེམས་སྙིང་སྟོབས་ལ་བསྒྱུར་ཁུལ་གྱིས་ཕྱི་ཚེས་༡༥ནས་ཁོང་རིན་པོ་ཆེའི་ཐུགས་ཟག་པ་མེད་པའི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་ཡོངས་སུ་རྫོགས་པའི་ཆེད་དུ་འདིར་གནས་རྟོགས་ལྡན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གྱི་འདུས་སྡེ་སྤྱི་དང་ཁྱད་པར་དུ་བཤད་གྲྭ་སྒྲུབ་གྲྭ་སློབ་གྲྭ་བཅས་ནས་རྩེ་གཅིག་ཏུ་གསོལ་བ་འདེབས་བཞིན། ཚོགས་འབུལ་སྨོན་ལམ་དགེ་བསྔོ་མཆོད་སྦྱིན་རྒྱ་ཆེན་པོའི་དགེ་རྩ་ཐམས་ཅད་སྐྱབས་རྗེ་རིན་པོ་ཆེའི་འབྲེལ་ཐོག་སེམས་ཅན་ཀུན་ལ་སྐྱབས་སྨོན་ཡང་དག་དང་འཁོར་གསུམ་དག་པའི་དགེ་བསྔོ་བྱེད་དང་བྱེད་བཞིན་པ་ལགས་སོ།།   གཞན་ཡང་རྒྱལ་བ་སྨན་རི་བའི་དཔོན་སློབ་གཙོས་འདུས་སྡེ་སྤྱི་ནས་ང་ཚོ་འདིར་གནས་ཡོངས་ནས་གདུང་མཆོད་དགེ་བསྔོ་དམིགས་བསལ་གྱི་སྒྲུབ་པ་ཇི་དང་གང་ཞིག་དགོས་པ་ཡོད་ཚེ་དམ་པ་རྣམ་ནས་དགོངས་ལྷོད་ཡངས་ཀྱི་ངང་ནས་བཀའ་གསུངས་སྩོལ་བར་ཞུ། 

   ཞུ་བ་པོ་ནི་མདོ་སྨད་རྔ་ལྗོངས་བོན་གྱི་འདུས་སྡེ་ཆེན་པོ་རྟོགས་ལྡན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གླིང་གི་བླ་སྤྲུལ་འདུས་སྡེ་ཡོན་བདག་ཡོངས་ནས་གསོལ་བ་བཏབས་པ་ལགས་སོ།། བོད་མེ་བྱ་ལོའི་ཕྱི་ཟླ་9ཚེས15ལ་གུས་པས་ཕུལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།