རྫ་སྟེང་ཆེན་དགོན་མ་ལག་བུ་གསུམ་ལྷ་སྡེ་དང་བཅས་པས་སྨན་རི་བར་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-19 19:06:04][རྩོམ་པ་པོ། དབྲ་དཀར་ལྔ་རིག་དར་སྤེལ་གླིང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20170919180902.jpg

རྫ་སྟེང་ཆེན་དགོན་མ་ལག་བུ་གསུམ་ལྷ་སྡེ་དང་བཅས་པས་སྨན་རི་བར་གདུང་མཆོད་འབུལ་བ།

བསྐལ་ཁུག་གི་སྟོན་པ་སྨན་རི་བར་གདུང་མཆོད་འབུལ་བ།   རྫ་སྟེང་ཆེན་དགོན་མ་ལག་བུ་གསུམ་ནས། མྱ་ངན་དང་བཅས་ཞུ་བ།   བསྐལ་ཁུག་རྒུད་པ་མཐའ་དག་སེལ་བའི་གཉེན་གཅིག་དུས་ཀྱི་གཉན་འཕྲང་བརྒལ་བའི་དཔའ་བོ་རྒྱལ་བསྟན་ཉམས་པ་གསོ་བའི་སྨན་མཆོག་ལས་ཅན་འཁོར་བའི་འདམ་ལས་འདྲེན་པའི་ལམ་བུ་ཁམས་གསུམ་གྱི་བླ་ན་འཕགས་ཤིང་སྲིད་པ་གསུམ་གྱི་མཁའ་ལ་མངོན་པར་མཛེས་པའི་བོད་སྲིད་པའི་མི་ཆེན་དམ་པ་བོན་འགྲོ་བའི་སྐྱབས་མཆོག་བླ་མེད་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་འདི་ལྟར་སྣང་སྲིད་ཀྱི་སྒྱུ་མའི་རོལ་རྩལ་ཐམས་ཅད་ངང་གིས་ཡལ་ནས་ནང་དབྱིངས་ཀ་དག་གི་གྲོང་ཆེ་ཆེན་པོར་བསྡུས་པའི་དུས་འདིར།

 微信图片_20170919180850.jpg微信图片_20170919180831.jpg

བོན་འབངས་དང་རིས་མེད་ཀྱི་དད་འདུན་པ་ཡོངས་ནས་གདུང་མཆོད་དང་དགོངས་རྫོགས་ལ་བརྩོན་བཞིན་པའི་སྐབས་ལགས་ན།   ངེད་རྫ་སྟེང་ཆེན་དགོན་དཔལ་གཤེན་བསྟན་མདོ་སྔགས་བསྟན་རྒྱས་གླིང་དང་།  ཟེར་འཕྲོ་དགོན།  བོན་པོ་དགོན་བཅས་དགོན་མ་ལག་བུ་གསུམ་གྱིས་དབྲ་སྟོན་ཉེར་ཉེར་གཉིས་པ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་མཆོག་གི་བཀའ་དགོངས་གཞིར་བཟུང་སྟེ་སེར་སྐྱ་ཡོངས་རྫོགས་གནས་གཅིག་ཏུ་འཛོམས་ནས་འཚོགས་དང་མཆོད་པ་རྒྱ་ཆེན་པོས་དགོངས་རྫོགས་དང་གདུང་མཆོད་ཞུས་པ།

 微信图片_20170919180853.jpg微信图片_20170919180847.jpg

ཉིན་དང་པོར་འགན་འཛིན་ཁག་འཚོགས་འདུ་བསྡུས་ཏེ་འཆར་གཞི་འདིང་།    ཉིན་གཉིས་པར་ཀུན་རིག་སྒྲོན་མའི་ཆོ་ག་དང་ཉིན་གསུམ་པའི་སྟ་གོན་ལེགས་པར་བྱས།    ཉིན་གསུམ་པར་གྲྭ་ཚང་མདོ་གཡུང་དྲུང་ཀློང་རྒྱས་ཉི་འཚོགས་དང་།   དམངས་ཚོགས་དད་ལྡན་ཡོངས་ལ་དགེ་བསྐུལ་བྱས་པའི་ཁས་བླངས་སྐོར། མུ་འཆར་ཉིན་བཞི་པར་དབྲ་དཀར་ཤེས་རིག་གླིང་གི་གདུང་མཆོད་ཀྱི་སྟ་གོན་དང་།   ཉིན་ལྔ་པར་དབྲ་དཀར་ཤེས་རིག་གླིང་གི་གདུང་མཆོད་རྒྱས་འབུལ་བཅས་གནས་ཚུལ་རྒྱས་པ་རྗེས་སུ་ཞུ་ཡོང་།    དབྲ་དཀར་ལྔ་རིག་དར་སྤེལ་གླིང་ནས།

 6.jpg

དབྲ་དཀར་ཤེས་རིག་གླིང་ནས་སྨན་རི་བར་གདུང་མཆོད་འབུལ་བ།

གསང་གསུམ་གྱི་ཡོན་ཏན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་ཐུགས་ཉིད་སྤྲོས་བྲལ་ཆེན་པོའི་ངང་དུ་ལྷོད་ཀྱིས་གནས་ཏེ་རྟོག་ཚོགས་ཆོ་འཕྲུལ་གྱི་སྣང་བ་མ་ལུས་དབྱིངས་སུ་ཞི་བར་དམིགས་ཏེ། རྫ་སྟེང་ཆེན་དགོན་གྱི་དབྲ་དཀར་ཤེས་རིག་སློབ་གླིང་ནས་དགེ་རྒན་རྣམ་གཉིས་དབུ་བཞུགས་ཐོག་གདུང་མཆོད་རྒྱས་འབུལ་བྱས་པ།

2.jpg微信图片_20170919180843.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།