ཁྱུང་པོ་ཀོ་རྒྱལ་རྒྱལ་དགོན་ནས་༧རྗེ་སྨན་རི་བར་གདུང་མཆོད་སྨོན་ལམ་ཕུལ་བ།

[ཟླ་ཚེས། 2017-09-19 09:55:29][རྩོམ་པ་པོ། ཁམས་མེ་ཞགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 微信图片_20170918234336.jpg

ཁྱུང་པོ་ཀོ་རྒྱལ་རྒྱལ་དགོན་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བར་གདུང་མཆོད་སྨོན་ལམ་ཞུ་བཞིན་པ།

微信图片_20170918234330.jpg微信图片_20170918234323.jpg

༧སྐྱབས་མཆོག་སྨན་རིའི་ཁྲི་འཛིན་༣༣པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་༢༠༡༧ལོའི་ཟླ་བ་༩པའི་ཚེས་༡༤ཉིན་དགོངས་པ་བོན་དབྱིངས་སུ་ཐིམ་པའི་དགེ་རྫོགས་སུ་དཔལ་གཤེན་བསྟན་ཀོ་རྒྱལ་དགོན་ནས་གདུང་འདེབས་མཆོད་འབུལ་དུ་འདི་ལོའི་ཟླ་༩པའི་ཚེས་༡༥ཉིན་གྱི་ཞོགས་པར་གཏམ་ངན་དེ་ཐོས་མ་ཐག་ནས་ཀོ་རྒྱལ་དགོན་གྱི་མཁན་རིན་པོ་ཆེ་ཡོན་ཏན་ཕུན་ཚོགས་མཆོག་གིས་བཀས་བཀོད་པ་བཞིན་བཤད་སྒྲུབ་འདུས་སྡེ་ནས་མཆོད་འབུལ་གྱི་གྲབས་བྱས་ཤིང་། ཆུ་ཚོད་བཅུ་པའི་ཐོག་ཁྲི་འཛིན་དབུ་བླ་མཆོག་དང་དགེ་སློབ་འདུས་གྲྭ་ལྷན་རྒྱས་ནས་བླ་མ་མཆོད་པ་དང་། ཚེ་དབང་སྨོན་ལམ་གསུངས། དཔོན་སློབ་ནས་སློབ་མ་ཚོ་ལ་ཐོས་བསམ་སློབ་གཉེར་མུ་ཆགས་སུ་གནང་རྒྱུ་ནི་མགོན་པོ་གོང་ཉིད་ཀྱི་ཐུགས་དགོངས་ཉག་ཅིག་ཡིན་ཚུལ་སོགས་ཀྱི་བཀའ་སློབ་གནང་། འདུས་སྡེ་ཡོངས་ནས་མཉམ་མེད་བླ་སྒྲུབ་དང་དྲན་པའི་ཡང་དབང་སྙིང་གསུམ་གྱི་ཚོགས་དང་ཞི་ཁྲོ་རྒྱས་པ་བཅས་ཉིན་གསུམ་གྱི་རིང་ལ་བཤད་སྒྲུབ་འདུས་སྡེ་དང་གྲྭ་ཚང་ཡོངས་རྫོགས་ནས་འཚོགས་ཤིང་བླ་མ་མཁྱེན་རབ་རྒྱ་མཚོ་མཆོག་ནས་གྲྭ་མང་ལ་སྐུ་འགྱེད་གནང་ཞིང་སྦྱིན་བདག་སྤུ་ཧྲི་ཚང་ནས་འདུས་སྡེ་ཡོངས་ལ་སྒོར་བརྒྱ་རེ་ཕུལ་ཞིང་ཞི་ཁྲོ་ཉིན་འཚོགས་ཀྱི་སྦྱིན་བདག་བྱས།   

微信图片_20170918234341.jpg微信图片_20170918234319.jpg

འདི་ཟླའི་ཚེས་༡༧གྱི་དགོང་མོར་བླ་སློབ་ཐུན་མོང་ནས་རྟེན་གཙོ་ལོངས་སྤྱོད་རྫོགས་སྐུའི་མདུན་ཀྱི་སྐྱབས་རྗེ་གོང་ས་༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གི་ཞལ་སྐྱིན་སྐུ་པར་རིན་པོ་ཆེའི་མདུན་དུ་མཚན་མ་རྫས་ཀྱི་མཆོད་པ་རྣམ་ལྔ་དང་རྣམ་བརྒྱད་རྟགས་བརྒྱད་ནོར་བདུན་ཤིང་ཐོག་སྤྱན་གཟིགས་དང་ཇ་ཆང་མངར་ཆུ་ལ་སོགས་རྒྱས་པ་དངོས་སུ་བཤམས་ལ་བདེན་སྨོན་རྣམ་གསུམ་དང་ཚེ་དབང་སྨོན་ལམ་གསུང་ཞིང་མཐར་མཚན་མོ་ཆུ་ཚོད་དགུ་དང་བཅུ་ཡས་མས་སུ་སྐུ་པར་མཇལ་ཁ་ཞུ་བ་དང་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གཏབ་ནས་འཚོགས་གྲོལ་བ་བཅས་ཀྱི་འཚམས་སྦྱོར་དུ་ཁམས་མེ་ཞགས་ནས་བྲིས།

微信图片_20170918234347.jpg微信图片_20170918234352.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།