ཉམས་ཞིབ་པར་སྤྲིངས་པའི་དཔྱད་རྩོམ་བསྡུ་བའི་བརྡ་ཐོ།
[ཟླ་ཚེས། 2017-09-12 21:44:42][རྩོམ་པ་པོ། འདི་གའི་རྩོམ་སྒྲིག་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཞང་བོད་ཤེས་རིག་ཞིབ་འཇུག་དེབ«དཔྱོད་ལྡན་མཆོད་པའི་མེ་ཏོག»གི་དཔྱད་རྩོམ་བསྡུ་བའི་བརྡ་ཐོ།
ཞང་བོད་ཀྱི་ཤེས་རིག་ལ་ཐུགས་བཞེས་ཟབ་པའི་དཔྱོད་ལྡན་ལྷན་རྒྱས་ཀྱི་སྤྱན་སྔ་རུ་ཞུ་དོན།
བོད་ཀྱི་ཆེད་མཁས་མི་སྣའི་ཁྲོད་གངས་ལྗོངས་སྲོལ་རྒྱུན་ཤེས་རིག་གི་འབབ་ཁུངས་དེ་སྲིད་པ་བོན་གྱི་ཤེས་རིག་འབའ་ཞིག་ལ་རག་ལས་ཡོད་པར་གཞིགས་པ་དང་དུས་མཚུངས་སུ་བོན་རིག་པ་ལ་མཉམ་འཇོག་དང་རྟོག་ཞིབ་བྱས་ཡོད་པ་ནི་གོར་མ་ཆག
ད་ལྟ་ད་དུང་ཡང་མུ་མཐུད་དུ་རྩད་གཅོད་བདེན་འཚོལ་གྱི་ལམ་ནས་རྩ་བའི་ཤེས་རིག་ཅིག་གི་བླ་སྲོག་ངོ་མ་དེ་སྔོག་འདོན་བྱེད་བཞིན་པའི་སྒང་འདིར། ཞང་བོད་ཤེས་རིག་ཞིབ་འཇུག་དེབ«དཔྱོད་ལྡན་མཆོད་པའི་མེ་ཏོག»འདོན་ཐེངས12པ་ནི་སྔར་བས་ཀྱང་གསོན་ཤུགས་རྒྱས་པ་དང་བསྟུན་ནས་ཁྱེད་ཅག་གི་བློ་དཔྱོད་ལས་ཐོན་ཞིང་གནའ་བོའི་ཤེས་རིག་གི་དྲི་ངད་མ་ཡལ་བའི་ལེགས་བརྗོད་དཔྱད་རྩོམ་གྱི་ཉིང་བཅུད་ཁོ་ན་རྒྱལ་ཁམས་སུ་འགྲེམ་པར་བྲེལ་ནས་ཡོད་པས་ན། གཟུ་བོར་གནས་ཤིང་དྲང་གཞག་གི་ཚངས་ཐིག་ཐོགས་པའི་མཁས་བརྒྱའི་དགོངས་བཞེད་དོན་སྨིན་ཡོང་བར་ཐུགས་འཇགས་ཞུ་རྒྱུ་དང་། ཞང་བོད་རིག་གནས་སྤྱི་ལ་མཁྱེན་རྒྱ་ཡངས་ཤིང་། ལྷག་པར་གནའ་བོའི་ཤེས་རིག་གི་ཤེས་བྱ་ཕྲ་རགས་ཐམས་ཅད་ལ་རྣམ་དཔྱོད་ཀྱི་རྩལ་ལེགས་པར་རྫོགས་པར་འགྱུར་རིགས་ཀྱིས་ཅི་ནས་ཀྱང་ལྗགས་རྩོམ་རེ་སྩལ་གནང་ཡོད་པ་ཞུ།
-----------------------------------------------------------------
• རྩོམ་བསྡུའི་ཁྱབ་ཁོངས།
རྒྱལ་རབས་ལོ་རྒྱུས་སྔོག་འདོན། སྣ་མང་ཤེས་རིག་དཔྱད་བརྗོད། ཐུན་མིན་བོན་གཞུང་ཉམས་ཞིབ། རྒྱལ་སྤྱིའི་ཞིབ་འཇུག་ཆེད་རྩོམ། གལ་ཆེའི་བརྡ་ཁྱབ་གསར་འགྱུར་སོགས་ལས་མི་འདའ་བ།
• རྩོམ་པ་པོའི་ཐུགས་འཇགས་གནང་ཡུལ།
བརྗོད་དོན་འབུར་དུ་ཐོན་ཞིང་དཔྱད་རྩོམ་གྱི་ལྟ་བ་གསལ་པོ་ཡིན་པ། དཔྱད་ཐབས་གསར་བའི་ཁྱད་བོན་འཛོམས་ཤིང་སྒྲུབ་བྱེད་ཀྱི་ཁུངས་བཙུན་པ། ནང་དོན་གནད་བསྡུས་དང་གནད་ཚིག ལུང་འདྲེན་དཔྱད་ཡིག་དང་དཔྱད་གཞིའི་ཡིག་ཆ་ཚད་ལྡན་ཡིན་པ། གཞན་ཡང་རྩོམ་པ་པོའི་མཚན་དང་བསླབ་གནས། གོ་མིང་དང་ལས་ཁུངས། ཞིབ་འཇུག་གི་ཁ་ཕྱོགས། འབྲེལ་གཏུག་བྱེད་ཡུལ་བཅས་ཁ་གསལ་བོར་འབྲི་དགོས།
-----------------------------------------------------------------
• རྩོམ་སྒྲིག་པ།
ཁྲི་བསོད་བསྟན། ས་ཁའི་བློ་ལྡན།
• རྩོམ་ཡིག་བསྐུར་ཡུལ།
-----------------------------------------------------------------
ཞང་བོད་ཤེས་རིག་ཞིབ་འཇུག་དེབ«དཔྱོད་ལྡན་མཆོད་པའི་མེ་ཏོག»གི་རྩོམ་སྒྲིག་པས།
སྤྱི་ལོ2017ལོའི་ཟླ་དགུ་པར།