ཀུན་མཁྱེན་ཤར་རྫ་པའི་བཀའ་འབུམ་ལྗགས་ལུང་བསྩལ་བ།

[ཟླ་ཚེས། 2017-07-28 22:32:55][རྩོམ་པ་པོ། མཁན་པོ་ཉི་མ་བསྟན་འཛིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་རིན་པོ་ཆེ་མཆོག་གིས་ཉིན་ཉེར་ལྔའི་རིང་ལ་ཤར་རྫའི་བཀའ་འབུམ་ཡོངས་རྫོགས་ལུང་རྒྱུན་གནང་བའི་གནས་ཚུལ་གནད་བསྡུས།

1501252891655718.jpg

   སྤྱི་ལོ་༢༠༡༧ལོའི་བོད་ཟླ་༥ བའི་ཚེས་༡༡ནས་དབུ་བཟུང་སྟེ་ཀུན་མཁྱེན་ཤར་རྫ་བའི་གདན་ས་དགེ་ཐང་པད་མ་རྒྱས་པའི་དགའ་ཚལ་དུ་རྒྱབ་ཚབ་རིན་པོ་ཆེ་འཇིགས་མེད་དབང་ཕྱུག་མཆོག་གིས་ཉིན་ཉེར་ལྔའི་རིང་ལ་ཤར་རྫའི་གསུང་འབུམ་ཡོངས་སུ་རྫོགས་པའི་རྒྱབ་རྟེན་ལུང་གི་བརྒྱུད་པ་སྤེལ་གནང་མཛད་པ་མ་ཟད།  

1501252891130407.jpg

   མཛོད་ཆེན་རྣམ་ལྔ་གཙོས་པའི་གཞུང་པོ་ཏི་རེ་རེའི་ལུང་རྒྱུན་གསུང་ཚར་བ་དངབསྟུན་གཞུང་སོ་སོའི་དགོངས་དོན་གནད་དུ་བསྡུས་པའི་དགོངས་འགྲེལ་གསུང་མཆིད་ཀྱང་མི་ཉུང་བ་རེ་བསྩལ་བའི་བཀའ་དྲིན་བསྐྱངས་བར་མཛད།

1501252890112825.jpg

1501252890140498.jpg

   ད་ཐེངས་ཀྱི་ལུང་རྒྱུན་འདི་གསན་བཞེས་མཛད་མཁན་ནི་ཡུན་ནན་དང་།  བོད་ལྗོངས།  མཚོ་སྔོན།  སི་ཁྲོན།  ཀན་སུའུ་ཞིང་ཆེན་བཅས་ནས་ཕེབས་པའི་བོན་གྱི་དགོན་སྡེ་བདུན་ཅུ་དོན་བཞི་དང་བན་དེའི་དགོན་སྡེ་གཉིས་བཅས་ཀྱི་བླ་མ་དང་།  དགེ་བཤེས།  མཁན་པོ།  སྤྲུལ་སྐུ།  གདུང་སྲས།  སེམས་དཔའ་དང་སེམས་མ་སོགས་འདུས་པའི་མི་གྲངས་ལྔ་བརྒྱ་ཙམ་དང་།  དེ་བཞིན་མི་སྐྱ་ཕོ་མོའང་གང་མང་ཞིག་དང་བཅས་གནས་གཅིག་ཏུ་འདུས་ཏེ་ལྗགས་ལུང་འདི་གསན་བཞེས་མཛད།   

1501252892113862.jpg

1501252897313443.jpg

   ལྷག་པར་ས་གནས་སོ་སོ་དང་དགོན་སྡེ་སོ་སོའི་བླ་སྤྲུལ་མཁན་པོ་སོགས་མ་འོངས་བསྟན་པའི་ས་བོན་འཛུགས་ནུས་པའི་བསྟན་འཛིན་གྱི་སྐྱེས་བུ་གང་མང་ཞིག་ལུང་རྒྱུན་གསན་པར་ཞབས་ཕེབས་གནང་འདུག་པས་ལུང་རྒྱུན་འདི་དོན་དང་ལྡན་པ་ཞིག་ཏུ་འགྱུར་བའི་རེ་བ་སྟོང་གིས་ཡིད་སེམས་ཁེངས་པར་གྱུར་ཏོ།།

གནས་ཚུལ་མཁོ་འདོན་པ་མཁན་པོ་ཉི་མ་བསྟན་འཛིན། པར་རིས་རྣམས་སྐད་འཕྲིན་ཁག་ལས་བཤུས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།