གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་སྒྲུབ་ཁང་སྒོ་འབྱེད་རྟེན་འབྲེལ་མཛད་སྒོ།

[ཟླ་ཚེས། 2017-05-04 08:10:28][རྩོམ་པ་པོ། ཚུལ་ཁྲིམས་བསྟན་པ་འབྲུག་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

0 (27).JPG
དེ་ཡང་གཤེན་གྱི་འབྱུང་ལྡན༣༠༡ནང་ཚན་བོད་རང་བྱུང་བཅུ་བདུན་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ༢༠༡༧ལོའི་ཟླ༥ཚེས༢ཉིན་གྲོང་ཁྱེར་སྤོས་ངད་ལྡན་པར་ཡོད་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་སྒྲུབ་ཁང་སྒོ་འབྱེད་རྟེན་འབྲེལ་མཛད་སྒོ་སྤེལ་བ།

0 (19).JPG

   ཚོགས་ཐོག་ཏུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་མི་སྣ། གདན་ས་ཆེན་མོ་རབ་ལེགས་གཡུང་དྲུང་གླིང་གི་མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་གི་རྒྱལ་པོ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་མི་སྣ་སྐྱང་སྤྲུལ་དྲི་མེད་འོད་ཟེར། ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཞོན་མཁན་པོ་རིག་འཛིན་དབང་རྒྱལ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་མི་སྣ་རྟོགས་ལྡན་བསྐལ་ཁོ། ཚོགས་གཞོན་ཐར་བདེ་ཚེ་དབང་འཇིགས་མེད། ཚོགས་གཞོན་ལི་ཤུ་གཤེན་རྒྱལ་བསྟན་འཛིན། ཚོགས་གཞོན་མཁན་ཤེས་རབ་གཡུང་དྲུང་དབང་རྒྱལ། ཚོགས་གཞོན་སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། ཚོགས་གཞོན་རག་ཤི་ཀུན་གསལ་སྙིང་པོ། ཚོགས་གཞོན་དབྲ་ཁྱུང་སྐལ་བཟང་ནོར་བུ། ཚོགས་གཞོན་པཎ་ཙ་བསྟན་འཛིན་དར་རྒྱས། ཚོགས་གཞོན་ཉག་སྤྲུལ་བསོད་ནམས་རྒྱ་མཚོ། ཚོགས་གཞོན་ཨ་གྲགས་ཤེས་རབ་དཔལ་ཆེན། ཚོགས་གཞོན་བླ་མ་ཚུལ་ཁྲིམས་ནོར་བུ། དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། དྲུང་ཡིག་ཆེན་མོ་གཞོན་པ་རིན་སྤུངས་ཚུལ་བསྟན། རྒྱུན་ལས་སྤྲུལ་སྐུ་འཆི་མེད་གཡུང་དྲུང་། གཡུ་བུན་སྤྲུལ་སྐུ་བསྟན་འཛིན་ཚུལ་ཁྲིམས། འཕྲིན་ལས་འགྲོ་མགོན། སྤྲུལ་དབང་རྒྱལ་ཚེ་རིང་། བྱ་འཕུར་གཡུང་དྲུང་ཉི་མ་རྒྱལ་མཚན། ཚུལ་ཁྲིམས་བསྟན་པ་འབྲུག་གྲགས། ཤེས་རབ་ཉི་མ། སྤྲུལ་དཔལ་ལྡན། བླ་མ་ཀུན་དགའ་རྒྱལ་མཚན་སོགས་ཕེབས་བཞུགས་གནང་ཡོད་ལ།

0 (35).JPG

   སྔ་དྲོ་ཆུ་ཚོད༡༠སྟེང་ཚོགས་ཞུགས་པ་རྣམས་གཞུང་སྒྲུབ་ཁང་ལ་ཕེབས་པ་དང་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་དང་། མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ། སྐྱང་སྤྲུལ་དྲི་མེད་འོད་ཟེར། ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ། རྒྱལ་ཚབ་འཇིགས་མེད་དབང་ཕྱུག མཁན་པོ་རིག་འཛིན་དབང་རྒྱལ་རྣམས་ཀྱིས་གཞུང་སྒྲུབ་ཁང་གི་དབུ་འབྱེད་ དར་གོས་ཀྱི་ཡོལ་བ་ཕྱེས་ཤིང་ཚོགས་ཞུགས་པ་ཡོངས་ནས་བཀྲ་ཤིས་ཀྱི་ཁ་གཡང་སྒྲོགས་ཤིང་། ཕྱག་ཟུང་གི་ཐལ་མོ་རྡེབ་སྒྲས་གནམ་ས་བར་སྣང་འགེངས་པར་བྱས།

0 (21).JPG
0 (22).JPG

   དེ་ནས་ཚོགས་ཞུགས་པ་ཡོངས་སྟེང་གི་མཆོད་ཁང་དུ་ཕེབས་ཏེ་ཚོགས་གཙོ་གཙོས་པའི་སྐྱེས་ཆེན་རྣམས་ཀྱི་བཀྲ་ཤིས་རྟེན་འབྲེལ་གྱི་མར་མེ་སྒྲོན་ཞིང་། ཚོགས་པའི་གོ་རིམ་བཞིན་དུ་བླ་སྤྲུལ་སྐྱེས་ཆེན་རྣམས་དབུ་གྲལ་དུ་བཞུགས། དེ་མིན་ཚོགས་ཞུགས་མི་སྣ་རྣམས་གྲལ་ཤར་གཉིས་སུ་རྟེན་བཅས་ཏེ་བཞུགས་སུ་གསོལ་བ་ནས།

0 (6).JPG
0 (5).JPG

   བྱིངས་འདྲེན་ཆེན་མོ་རྟོགས་ལྡན་བསྐལ་ཁོས་གཤང་རོལ་ལན་གསུམ་དཀྲོལ་རྗེས། ཡོངས་གྲགས་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་རྗེ་རྒྱལ་བ་གཉིས་པའི་གསོལ་འདེབས་བདེ་ཆེན་རྒྱལ་པོའི་དབུ་བཟུང་བ་ནས། ཚོགས་མང་བྱིངས་ནས་གསོལ་འདེབས་ལན་གསུམ་དང་། བསྟོད་ཕྱག་སྐུ་གསུམ་ལྷུན་གྲུབ། མཛད་བཅུ། བསང་གི་དག་གཙང་སྔོན་འགྲོའི་ཆོ་ག་དང་། མཁྱེན་གསོལ་རྣམ་དག་ཆུ་རྒྱུན། སངས་རྒྱས་བསྟན་པའི་སྲུང་མ་མ་བདུད་བཙན་གསུམ་གྱི་གསོལ་མཆོད་ཕུལ།

0 (1).JPG
0 (25).JPG
0 (23).JPG

   སྐབས་དེར་གསོལ་ཇ་བཞེས་ཏེ། རྟེན་འབྲེལ་གྱི་ཐོག་མ་འོ་ཇ་མངར་མོས་ཐོག་དྲངས། གྲོ་འབྲས་སྣུམ་པོ། ལྷད་མེད་འབྲི་ཞོ་སོགས་གསོལ་ཏེ། ཚོགས་མི་ཡོངས་ནས་གསེར་འོད་ནོར་བུ་འོད་འབར་དག་ཚར་གསུམ་དུ་བཀླགས། དེའི་རྗེས་བཀྲ་ཤིས་རབ་གནས་ཀྱི་ཆོ་ག་ལེགས་པར་མཛད་དེ་ཚོགས་མང་རྣམས་སྟན་ལས་བཞེངས་ཏེ་ཕྱག་ཟུང་པད་མོའི་འདབ་མ་ཐུགས་ཀར་བཀོད་དེ་བསྟན་པ་རྒྱས་པའི་སྨོན་ལམ་དབྱངས་སུ་གྱེར་ཏེ་ཚོགས་གྲོལ།

0 (7).JPG

   དུས་ཚོད༡༢;༠༠སྟེང་ཚོགས་མི་རྣམས་ལྷོ་ནུབ་མི་རིགས་སློབ་ཆེན་ཞིབ་འཇུག་གླིང་གི་གསོལ་ཁང་ཆེན་མོར་ཕེབས་ཏེ་ཚོགས་ཞུགས་ལྷན་དུ་མཉམ་པར་བསྐྱོན། ཁང་བརྩེགས་ཉིས་རིམ་བརྩེགས་པའི་པའི་བ་གམ་དུ་ཕེབས་ཏེ།

0 (3).JPG
0 (2).JPG
0 (26).JPG
0 (19).JPG

   རང་རང་གི་འདུན་མོས་བཞིན་དུ་ཟས་ཀྱི་ཐུན་མཚམས་ལ་རོལ་བར་བྱས་ཤིང་། དུས་ཚོད་༡༣;༤༠སྟེང་ཚོགས་མི་རྣམས་ཐོག་རིམ་གསུམ་པའི་ཚོམས་ཆེན་ཁང་དུ་ཕེབས་ཏེ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ལགས་ཀྱིས་འགོ་འཛིན་གནངས་ཤིང་། ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བས་ཚོགས་པའི་གནས་ཚུལ་བསྡུས་དོན་གསུམ་གྱིས་བསྟན་ཏེ་གསུང་བཤད་གལ་ཆེན་གནངས།

0 (18).JPG
0 (16).JPG
0 (17).JPG

   དེའི་རྗེས་ཚོགས་གཞོན་སྐུ་གཞོན་མཁན་པོ་རིག་འཛིན་དབང་རྒྱལ་གྱིས་གསུང་བཤད་གནང་སྟེ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་སྒྲུབ་ཁང་ཉོ་སྒྲུབ་ཀྱི་ཐད་ལ་མ་དངུལ་གྱི་མཐུན་རྐྱེན་གནང་མཁན་རྣམས་ལ་ལྷ་དར་སྒྲོན་ཞིང་གཟི་བརྗིད་དཔང་ཡིག་ཕུལ།

0 (9).JPG
0 (10).JPG
0 (11).JPG
0 (13).JPG
0 (8).JPG

   དེ་ནས་རིམ་བཞིན་ཚོགས་པའི་བློ་འདྲི་མི་སྣ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་དང་། མཚན་འཛིན་ཚོགས་གཙོ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེ། ཨ་གྲགས་སྤྲུལ་སྐུ་ཤེས་རབ་དཔལ་ཆེན། རག་ཞིག་ཀུན་གསལ་སྙིང་པོ། མཁན་པོ་ཚེ་རིང་ནོར་བུ་སོགས་ཀྱིས་རང་རང་གི་འདོད་མོས་བཞིན་དུ་དགོངས་འཆར་ཅི་རིགས་ལྷུག་སྩོལ་གནང་བ་མ་ཟད།

0 (15).JPG

   དེ་བཞིན་དུ་མ་འོངས་པའི་ལས་གཞིའི་ཐད་ལ་འཆར་བཀོད་དང་། འོས་འགན་གང་ལེགས་སྒྲུབ་པའི་གདུང་འདེགས་ཀྱི་མི་སྣ་ཡོངས་ལ་བཀྲ་ཤིས་པའི་ལྷ་དར་འཐེན། ཕྱི་དྲོའི་དུས་ཚོད་ལྔའི་སྟེང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པའི་ངང་ནས་མཇུག་གྲོལ་བའོ། །།

དཔར་ལེན་པ་བསམ་པོ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།