སི་ཁྲོན་ནང་བསྟན་སློབ་གླིང་གི་བོན་གྱི་འབྲིང་རམས་འཛིན་གྲྭའི་སློབ་མགོ་འཛུགས་པའི་མཛད་སྒོ།

[ཟླ་ཚེས། 2017-03-27 23:45:02][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན་གྱིས་སྒྲིག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སྐབས་གཉིས་པའི་འབྲིང་རམས་འཛིན་གྲྭའི་༼བོན་གྱི་འཛིན་གྲྭ་༽སློབ་མགོ་འཛུགས་པའི་མཛད་སྒོ་རྔ་བ་སྣང་ཞིག་དགོན་ཆེན་དུ་སྤེལ་བ།
00.jpg

   དེ་ཡང་སྤྱི་ལོ་༢༠༡༧ལོའི་ཟླ་བ་༣པའི་ཚེས་༢༧ཉིན་རྔ་བ་སྣང་ཞིག་དགོན་ཆེན་དུ་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སྐབས་གཉིས་པའི་འབྲིང་རམས་འཛིན་གྲྭའི་སློབ་མགོ་འཛུགས་པའི་མཛད་སྒོ་སྤེལ། མཛད་སྒོའི་སྟེང་ལ་སི་ཁྲོན་ཞིང་ཆེན་གྱི་ནང་བསྟན་སློབ་གླིང་གི་དབུ་ཁྲིད་དང་། རྔ་བ་ཁུལ། རྔ་བ་རྫོང་བཅས་ཀྱི་འབྲེལ་ཡོད་མི་སྣ་ཁག་དང་། དེ་བཞིན་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་དང་དགེ་རྒན་ཆེན་མོ་སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ། རིག་གནས་དགེ་རྒན་སྤྲེའུ་བཙུན་ཀུན་བཟང་ལྷུན་གྲུབ། དཀར་མཛེས་ཁུལ་དང་རྔ་བ་ཁུལ་གྱི་རྫོང་ཁག་ནས་ཕེབས་པའི་སི་ཁྲོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སྐབས་གཉིས་པའི་འབྲིང་རམས་འཛིན་གྲྭའི་བོན་གྱི་སློབ་མ་སོགས་ཕེབས་ཡོད།

10.jpg
དགེ་རྒན་ཆེན་མོ་སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ་ནས་དཔེ་ཁྲིད་གནང་བཞིན་པ།
07.jpg
རིག་གནས་དགེ་རྒན་ཆེན་མོ་སྤྲེའུ་བཙུན་དགེ་བཤེས་ཀུན་བཟང་ལྷུན་གྲུབ་ལགས་ནས་དཔེ་ཁྲིད་གནང་བཞིན་པ།
 02.jpg
རྒྱ་ཡིག་དགེ་རྒན་ཚེ་རིང་དཔལ་ལྡན་ལགས་ནས་དཔེ་ཁྲིད་གནང་བཞིན་པ།
09.jpg
མཛད་སྒོ་ལ་བཞུགས་པའི་དབུ་ཁྲིད་ཁག་དང་དགེ་སློབ་རྣམ་པ།
04.jpg04.jpg

10.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།