ཞང་ཞུང་སྨར་ཆེན་མཉེན་ཆས་དང་འབྲེལ་བའི་གལ་ཆེའི་གསལ་བསྒྲགས།

[ཟླ་ཚེས། 2016-12-17 17:22:34][རྩོམ་པ་པོ། ཞང་ཞུང་རིག་མཛོད་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

E7EF521A85A2A821814806A8D0A10F0B.jpg

    དེ་ཡང་༢༠༡༢ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་མདོ་སྨད་རྔ་ཡུལ་རྟོགས་ལྡན་དགོན་ཆེན་དུ་འཚོགས་སྐབས་ཀྱི་གྲོས་ཆོད་ལ་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོའི་རྩོམ་སྒྲིག་ཁང་གིས་ཞང་ཞུང་སྨར་ཆེན་ཡིག་གཟུགས་དེ་ཧི་མ་ལ་ཡའི་ཡིག་གཟུགས་གཏག་ཆས་དང་མཐུན་པའི་གློག་ཀླད་དུ་བཅུག་སྟེ་མཉེན་ཆས་ཤིག་བཟོ་རྒྱུའི་ལས་འགན་གནང་བ་ལྟར་དུ་༢༠༡༣ལོ་ནས་མུ་ཁྲི་བཙན་པོའི་རྩོམ་སྒྲིག་ཁང་གིས་བོད་ཀྱི་ཡིག་བྲིས་ཆེད་མཁས་པ་སྔར་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོའི་རྩོམ་སྒྲིག་ཁང་གིས་གཙོ་སྒྲུབ་བྱས་པའི་ཞང་ཞུང་སྨར་ཆུང་ཡིག་གཟུགས་མཉེན་ཆས་ཀྱི་ཡིག་བྲིས་པ་རེབ་གོང་བོན་བརྒྱ་དགོན་པའི་ཤར་སྟེང་བསམ་གཏན་ལགས་ཀྱིས་སླར་ཡང་ཞང་ཞུང་སྨར་ཆེན་གྱི་ཡིག་གཟུགས་ཡིག་འབྲུ་ཆིག་སྟོང་ལྷག་དཀའ་བ་དང་དུ་བླངས་ཏེ་བྲིས་པ་མ་ཟད་སྣང་ཞིག་ལྕགས་མདུད་དགོན་པའི་བྱ་འཕུར་གཡུང་དྲུང་ཉི་མ་རྒྱལ་མཚན་རིན་པོ་ཆེ་ནས་ཀྲུང་སྒོར་བདུན་སྟོང་ལྷག་གིས་རོགས་སྐྱོར་གནང་བ་དང་། དེ་ནས་༢༠༡༤ལོར་མུ་ཁྲི་བཙན་པོའི་རྩོམ་སྒྲིག་པ་ཨ་དཔལ་བཟང་དང་ལུང་དཀར་གཡུང་དྲུང་བསྟན་འཛིན། རིན་སྤུངས་ཚུལ་བསྟན་གསུམ་མཉམ་འབྲེལ་གྱིས་སྨར་ཆེན་ཡིག་གཟུགས་མཉེན་ཆས་གཙོས་པའི་ཞང་བོད་ཀྱི་རིག་གཞུང་ལ་ཞབས་ཕྱི་སྒྲུབ་པའི་༼ཞང་ཞུང་རིག་མཛོད།༽ཅེས་པའི་ཚན་ཆུང་ཞིག་རྩ་འཛུགས་གནང་བ་མ་ཟད་ཐོག་མར་ཞང་ཞུང་སྨར་ཆེན་ཡིག་གཟུགས་མཉེན་ཆས་བཟོ་རྒྱུའི་འཆར་གཞི་བཟོས་ཏེ་ལུང་དཀར་གཡུང་དྲུང་གཡུང་དྲུང་བསྟན་འཛིན་ལགས་ནས་སྨར་ཆེན་མཉེན་ཆས་ལག་རྩལ་དང་ཤར་རྫའི་སྐུ་གསུམ་སྨོན་ལམ་དང་བླ་མ་རྒྱང་འབོད་སོགས་ཀྱི་ཞལ་འདོན་སྒྲ་ཕབ་ལེན་རིན་སོགས་ལ་ཀྲུང་སྒོར་ཁྲི་ཉི་ཤུ་མ་ཟིན་ཙམ་འགྲོ་སོང་གཏོང་བ་དང་ཨ་དཔལ་བཟང་ལགས་ནས་མཉེན་ཆས་བཟོ་སྐབས་ཀྱི་ལས་ཀ་ཕལ་ཆེ་བ་རྣམས་ཁོང་གིས་གནང་བ་དང་། དེ་ནས་མི་ལོ་གཉིས་ཀྱི་རིང་ལ་ལས་ཀ་གང་ཟབ་ཞུས་ཏེ་༢༠༡༥ལོར་ཤར་རྫ་རི་ཁྲོད་དུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་འཚོགས་སྐབས་སུ་སྨར་ཆེན་མཉེན་ཆས་རགས་སྤྱི་ཙམ་བཟོས་ཟིན་པ་རྣམས་བསམ་འཆར་བསྡུ་ལེན་གྱི་ཆེད་དེབ་ཞིག་པར་བསྐྲུན་གནང་སྟེ་དེ་སྐབས་ཀྱི་ཚོགས་བཞུགས་པ་ཡོངས་ལ་ཕུལ་བ་ཡིན་མོད། ད་བར་བསམ་འཆར་སོགས་འདོན་མཁན་གང་ཡང་མ་བྱུང་ལ།
    དེ་ནས་ད་ཆར་སྨར་ཆེན་ཡིག་གཟུགས་མཉེན་ཆས་ཕལ་ཆེར་གྲུབ་ཟིན་ལ་མི་རིང་བར་འཛམ་གླིང་གང་སར་བཞུགས་པའི་སྨར་ཆེན་ཡིག་གཟུགས་མཉེན་ཆས་འཛད་སྤྱོད་པ་རྣམས་ཀྱི་སྤྱན་སྔར་ཕུལ་རྩིས་ཡོད། སླར་ཡང་འདིར་སྨར་ཆེན་དང་དབུ་ཆེན་གཉིས་ཀྱི་ལམ་ནས་གསོལ་འདེབས་ཁག་གཅིག་སྦྲག་མར་བྱས་ཏེ་ཕུལ་ཡོད་པས་བསམ་འཆར་སོགས་གང་ཡོད་མྱུར་མགྱོགས་ངང་ནས་ངེད་ཚོར་འདོན་པའི་རེ་སྒུག་ཆེའོ། །

ཞེས་ཞང་ཞུང་རིག་མཛོད་ཁང་གིས་༢༠༡༦ལོའི་ཟླ་བ་༡༢པའི་ཚེས་༡༧ཉིན།

སྨར་ཆེན་དང་དབུ་ཆེན་སྦྲག་མའི་གསོལ་འདེབས།
༠༡.jpg
༠༢.jpg
༠༣.jpg
༠༤.jpg
འབྲེལ་གཏུགས་ཞུ་ཡུལ།

ཨ་དཔལ་བཟང་།
ཁ་པར། 13909043403 གློག་རྡུལ་ཡིག་སྒམ། 770722217@qq.com
ལུང་དཀར་གཡུང་དྲུང་བསྟན་འཛིན། 
ཁ་པར། 13628989444 གློག་རྡུལ་ཡིག་སྒམ། 945112478@qq.com
རིན་སྤུངས་ཚུལ་བསྟན། 
ཁ་པར།13990418773 གློག་རྡུལ་ཡིག་སྒམ། rinpung2018@yahoo.com

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།