བླ་མ་རྒྱ་མཚོ་ནོར་བུས་ལན་གྲུ་སློབ་ཆེན་ནས་བོན་གྱི་བཀའ་བརྟེན་དཔེ་སྒྲིག་སྐོར་ནས་འཆད་ཁྲིད་གནང་བ།

[ཟླ་ཚེས། 2016-10-12 14:14:01][རྩོམ་པ་པོ། གངས་ཐིག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 09.jpg

   ཟླ་འདིའི་ཚེས་༡༡ཉིན་གྱི་ཕྱི་དྲོ་ཆུ་ཚོད་གསུམ་གྱི་སྟེང་དུ་ཁྱུང་པོ་སྟེང་ཆེན་དགོན་པའི་བླ་མ་རྒྱ་མཚོ་ནོར་བུ་ལགས་ལན་གྲུ་སློབ་ཆེན་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་ཀྱི་སློབ་དཔོན་ཆེན་མོ་ངག་དབང་རྒྱ་མཚོ་ལགས་ཀྱིས་གདན་ཞུས་ལྟར་སློབ་གྲྭ་འདི་གའི་"ལན་གྲུ་སློབ་གྲྭ་ཆེན་མོ་བོན་གྱི་རིག་གནས་ཞིབ་འཇུག་ལྟེ་གནས་སུ"ཕེབས་ཏེ། གནས་འདིའི་དགེ་རྒན་དང་སློབ་མ། སྤྱི་ཚོགས་ཁྲོད་ཀྱི་བོད་རིག་པའམ་བོན་གྱི་རིག་གནས་ལ་དང་དོད་དང་ཉམས་ཞིབ་གནང་མཁན་གྱི་ཤེས་ལྡན་མི་སྣ་མང་པོར་ཁྱུང་པོ་སྟེང་ཆེན་དགོན་དུ་བསྒྲིགས་པའི་རྒྱལ་བའི་བཀའ་"གསུང་རབ་སྒོ་བཞིའི་མཛོད་ལྔའི་གླེགས་བམ"དཔེ་སྒྲིག་བྱས་པའི་སྐོར་གྱི་ཉམས་མྱོང་དང་འཆད་ཁྲིད་གནངས་པ་རེད།

04.jpg

   "གསུང་རབ་སྒོ་བཞི་མཛོད་ལྔའི་གླེགས་བམ"ནི་ཁྱུང་པོ་སྟེང་ཆེན་དགོན་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ལ་གླེགས་བམ་༢༠༠ཅན་དང་བརྟེན་འགྱུར་ལ་གླེགས་བམ་༡༡༥བཞུགས་པ་དེ་ཉིད་ལོ་མང་པོའི་རིང་ལ་བོད་ནང་དང་རྒྱ་གར། འབྲུག་ཡུལ་དང་འབྲས་ལྗོངས་སོགས་ནས་མ་དཔེ་འཚོལ་བསྡུ་དང་དཔེ་བསྡུར་གཏགས་སྒྲིག་བྱས་ཤིང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ་ཡིན་ལ་དེ་ནི་བོན་གྱི་རིག་གཞུང་གི་སྲོག་སྙིང་ལྟ་བུའི་ཚད་ལྡན་གྱི་དཔེ་ཚོགས་ཤིག་ཡིན་ནོ།།

01.jpg

    སྔ་གཞུག་ཏུ་བླ་མ་རྒྱ་མཚོ་ནོར་བུ་ལགས་ཀྱིས་རྒྱལ་བའི་བཀའ་བརྟེན་སྐོར་ལ་དོན་ཚན་བཞི་རུ་དབྱེ་ནས་འཆད་ཁྲིད་གནང་བ་དང་། གཅིག་ནས་བོན་གྱི་བཀའ་དང་བཀའ་བརྟེན་གྱི་འབྱུང་ཁུངས་དང་། གཉིས་ནས་ནང་དོན། གསུམ་ནས་དཔར་སྐྲུན་བརྒྱུད་རིམ། བཞི་ནས་མ་འོངས་པའི་དར་སྤེལ་བཅས་ཀྱི་སྐོར་ལ་གསུང་གནང་བ་རེད།

07.jpg

   བླ་མ་རྒྱ་མཚོ་ནོར་བུ་དང་སློབ་གྲྭ་འདི་གའི་དགེ་རྒན་ཆེན་མོ་ངག་དབང་རྒྱ་མཚོ་གཉིས་ལྷན་དུ།

02.jpg
05.jpg

   བླ་མ་རྒྱ་མཚོ་ནོར་བུས་ལན་གྲུ་སློབ་ཆེན་ལ་གཟིགས་རྟེན་དཔེ་ཚོམས་གནང་ཞིང་ཤིས་ཚིག་གསོལ་བ།

08.jpg

འཆད་ཁྲིད་ལ་ཞུགས་མཁན་ཚོས་གཟབ་ནན་གྱིས་ཟིན་བྲིས་འགོད་བཞིན་པ།

03.jpg

   མཇུག་ཏུ་དགེ་རྒན་ངག་དབང་རྒྱ་མཚོས་ཐེངས་འདིའི་དཔེ་ཚོགས་ལེགས་སྒྲིག་སྐོར་ལ་ཚད་མཐོ་བའི་གདེང་འཇོག་གནང་ཞིང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་རྡོ་རྗེ་ཚེ་རིང་ལགས་ཀྱིས་ཐེངས་འདིའི་འཆད་ཁྲིད་ལ་ཕྱོགས་བསྡོམས་བྱས་ཤིང་། བོད་ཀྱི་རིག་མཛོད་སྔར་ན་མ་མཆིས་འོད་སྣང་གསར་བ་ཞིག་སྦྱིན་ཐུབ་པའི་ཡིད་ཆེས་དང་བཅས་ཐེངས་འདིའི་འཆད་ཁྲིད་མཇུག་རྫོགས་སོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།