དགེ་བཤེས་ནམ་མཁའ་ཚུལ་ཁྲིམས་མཆོག་ཁམས་ཉག་རོང་ཕྱོགས་སུ་མཛད་འཕྲིན་བསྐྱངས་པ།

[ཟླ་ཚེས། 2016-10-07 22:27:48][རྩོམ་པ་པོ། གདོང་བཙུན་རྒྱ་ཐར་སོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

002.jpg
001.jpg

 མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ཡ་གྱལ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་མཆོག་ཉག་རོང་ཡེ་ཤེས་དགོན་པའི་ཁམས་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་གི་མཛད་སྒོར་ཕེབས།༼  གནས་ཚུལ་འདིའི་སྐོར་ཟུར་དུ་གསལ། ༽

03.jpg 
06.jpg
05.jpg

   དེ་ནས་དགེ་བའི་བཤེས་གཉེན་ཁོང་ཉག་རོང་རྒྱ་ཞིག་འབྲུག་གྲགས་དགོན་ཞང་བོད་ནང་བསྟན་རིག་གནས་ཐོས་བསམ་གླིང་དུ་ཕེབས་ཏེ།

01.jpg
02.jpg
07.jpg
 

   དེ་ནས་དགེ་རྒན་ཆེན་མོ་བ་དགེ་བའི་བཤེས་གཉེན་གདོང་བཙུན་རྒྱ་ཐར་དང་དགེ་བཤེས་བསོད་ཏེ་གཙོས་པའི་དགེ་སློབ་རྣམས་དང་ཡུལ་མི་རྣམས་ལ་སྤྲུལ་སྐུ་བློ་ལྡན་སྙིང་པོས་མཛད་པའི་སྨྲ་སེང་སྒྲུབ་ཆུང་དང་རྗེ་མཉམ་མེད་བླ་མས་མཛད་པའི་ཀུན་སྐྱོབས་མཐུ་ལྡན་སོགས་ཀྱི་བཀའ་ལུང་གནང་། 

12.jpg
10.jpg
09.jpg

   དེ་ནས་རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་རིན་པོ་ཆེ་མཆོག་དང་སྐུ་ཚ་དགེ་བཤེས་བསྟན་འཛིན་སྨོན་ལམ་རྣམ་གཉིས་སྤྱི་ཟླ་༡༠ པའི་ཚེས་༥ཉིན་སྔ་དྲོ་བྱ་བཏང་བཙུན་མའི་གླིང་ལ་ཆིབས་བསྒྱུར་གནང་ཞིང་།

11.jpg
13.jpg
08.jpg

   བཙུན་མ་གཉིས་བརྒྱ་ལྷག་གི་ཕེབས་བསུ་གྲ་སྒྲིག་ལེགས་པར་བགྱིས་ཐོག མི་འཇིཊ་གདོང་ལྔས་གཏེགས་པའི་ཁྲི་སྟེང་བཞུགས་ཤིང་བླ་མ་མཆོད་ཐབས་ལྟར་རྣམ་ལྔ་མཎྜལ་རྒྱས་འབུལ་མཐར། དབྲ་སྟོན་ཤེབ་རབ་དགོངས་རྒྱལ་གྱི་སྙན་རྒྱུད་སྨྲ་སེང་དབང་ལུང་གཉིས་ཀ་བཀའ་དྲིན་བསྩལ་ནས། ཐུགས་དགྱེས་ཚོར་ཆེན་པོའི་ངང་ནས་གསོལ་ཟས་དལ་གསོལ་མཛད་ནས། དཔལ་ལྡན་གོང་རྒྱལ་དགོན་དུ་ཕེབས་ནས་ལྷ་ཁང་གོང་འོག་རྣམས་ལ་རབ་གནས་དད་ལྡན་མང་ཚོཊ་རྣམས་ལ་ཕྱག་དབང་སོགས་གནང་ནས་ཕེབས་སོ། །

03.jpg
04.jpg

   གཞན་ཡང་དགེ་བའི་བཤེས་གཉེན་ཁོང་ཁམས་བྲག་མགོ་རྒྱལ་རོང་དགོན་དུ་ཕེབས་ཏེ་དགོན་དེ་གའི་མཆོག་སྤྲུལ་འཆི་མེད་གཡུང་དྲུང་ལགས་དང་དགེ་བཤེས་ཤེས་རབ་སྦྱིན་པ་རྣམ་གཉིས་གཙོས་པའི་བཤད་སྒྲུབ་སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་ཕེབས་བསུ་ཞུ་བ་དང་།

02.jpg
01.jpg

   དགེ་བའི་བཤེས་གཉེན་ཁོང་གིས་དགེ་སློབ་ཡོངས་ཀྱི་རེ་བ་བཞིན་བཀའ་སློབ་སོགས་ཀྱི་བཀའ་དྲིན་བསྩལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།