སྐྱང་སྤྲུལ་རིན་པོ་ཆེས་མདོ་ཁམས་ཁུལ་དུ་མཛད་འཕྲིན་བསྐྱངས་པ།

[ཟླ་ཚེས། 2016-09-05 17:20:14][རྩོམ་པ་པོ། དགེ་བཤེས་གཙུག་ཕུད་ཚུལ་ཁྲིམས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་མཁས་པའི་དབང་པོ་༧སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་ཉེ་ཆར་མདོ་ཁམས་ཁུལ་གྱི་བོན་དགོན་ཁག་ཏུ་ཕེབས་ཏེ་ཕྱོགས་ཀྱི་དད་ལྡན་མང་ཚོགས་རྣམས་ལ་བཀའ་དབང་སོགས་གནང་བའི་མཛད་འཕྲིན་བསྐྱངས་པ།
07.jpg
14.jpg

    མདོ་སྨད་སྨྲ་སེང་གསུམ་གྱི་ཡ་གྱལ། དབང་ལུང་མན་ངག་ཀུན་གྱི་མཛོད་ཆེན། གསོ་ཐབས་འབུམ་བཞིའི་ཕྱག་ལེན་སྙིང་བཅུད། མདོ་སྨད་གདུལ་རྒྱུད་གཙང་མའི་བརྒྱུད་ཁུངས། རིམ་གཉིས་ཐུགས་སུ་སྨིན་པའི་རིག་འཛིན། ལྟ་བ་བླ་མེད་སྐྱོང་བའི་ཁྱུང་ཆེན། དུས་རབས་ཉེར་གཅིག་ཁྲོད་ཀྱི་བྱ་བྲལ། ངེས་དོན་མཁས་དབང་ཀུན་གྱི་རྒྱལ་པོ། སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་ཁམས་སྡེ་དགེ་ཐར་བདེ་དགོན་དུ་མཉམ་འབྲེལ་ལྷན་ཚོགས་རྒྱལ་ཁ་དང་གཟི་བརྗིད་ངང་མཇུག་ལེགས་པ་གྲུབ་རྗེས། རོང་རྒྱབ་དགོན་དུ་གསས་ཁང་རབ་གནས་མཛད་དེ།

12.jpg
04.jpg

   མདོ་སྨད་བོན་གྱི་འདུ་གནས་ཆེན་མོ་དཔལ་ལྡན་འཇའ་ལུས་པ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་གདན་ས་རུ། དེ་གའི་རྒྱལ་ཚབ་རིན་པོ་ཆེ་གཙོས། བཤད་སྒྲུབ་སྒོམ་གྱིས་སེར་འཕྲེང་ངང་བསུ་བར་མཛད་ནས་སྒྲུབ་གྲྭ་ལྷ་ཁང་ཆེན་མོའི་ནང་དུ་མཎྜལ་གྱ་ནོམ་པ་འབུལ་རྗེས་ཚེས༢༠ཕྱི་དྲོ་ཤེས་རབ་སྨྲ་སེང་དང་། གསས་མཁར་མཆོག་ལྔའི་ནང་ཚན་ལྷ་རྒོད་ཀྱི་དབང་གི་སྟ་གོན་མཛད་དེ།

02.jpg
01.jpg

   ༢༡-ཉིན་དབང་རྒྱལ་ཚབ་མཁན་པོ་སྤྲུལ་སྐུ་དགེ་བཤེས་སོགས་བླ་གྲྭ་བརྒྱ་ཕྲག་མང་པོ་ལ་དབང་བསྐུར། ཉིན་དེར་མཁའ་འགྲོ་གསང་གཅོད་ཀྱི་དབང་གི་སྟ་གོན་མཛད་དེ།

03.jpg

   ཚེས་༢༢ལ་བསྙེན་པ་འབུལ་ནུས་པའི་བླ་གྲྭ་ཞེ་དགུ་ལ་དབང་བཞི་ཟབ་མོ་གནང་། ཚེས་༢༣་ཉིན་རི་ཁྲིད་གོང་མའི་ནང་ནས་ཚེ་གཅིག་གསང་སྔགས་སྒྲུབ་པའི་སྒོམ་གྲྭ་བ་རྣམ་པ་ལ་རྫོགས་ཆེན་ཡེ་དབང་ཆེན་མོའི་སྟ་གོན་མཛད་དེ། ཚེས༢༤ཉིན་སྒོམ་གྲྭ་བ་རྣམ་པ་ལ་རྫོགས་ཆེན་ཡེ་དབང་ཆེན་མོ་སོགས་ཀྱི་དབང་མ་ལུས་པ་གནང་།

11.jpg
08.jpg

   ཚེས་༢༤ཉིན་ཉིན་གུང་དུས་ཚོད༡སྟེང་རྫ་ཁོག་ནས་དཀར་མཛེས་བརྒྱུད་ནས་ཉག་རོང་མི་ནུབ་དགོན་དུ་ཕེབས་བསུ་མཛད། ཚེས༢༥ཉག་རོང་ཡེ་ཤེས་དགོན་དང་དབལ་ཁྱུང་དགོན་པའི་བཀའ་རིན་པོ་ཆེ་གཟིགས་ཞིབ་གནང་བ་དང་། ལ་ཁའི་དགོན། བྱ་བཏང་རི་ཁྲོད་སོགས་སུ་སྐུ་དངོས་ཕེབས་ཏེ།

13.jpg
10.jpg

   དེར་ཡོད་ཀྱི་བོན་བན་རིས་མེད་ཀྱི་མང་ཚོགས་ལ་སྒྲུབ་སྦྱོང་དབང་བསྐུར་དང་ཟབ་གསང་གི་གདམས་པ་ཅི་རིགས་བསྩལ་བའི་འཕྲིན་ལས་བླ་མེད་བསྐྱངས།

ཞེས་གནས་ཚུལ་ཟུར་ཙམ་ཞིག་གུས་སློབ་ཁྲོ་གཙུག་ཕུད་ཚུལ་ཁྲིམས་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།