སྤ་ཚང་དགོན་དཔེ་ཚོགས་དང་འབྲེལ་བའི་བརྡ་ཁྱབ།

[ཟླ་ཚེས། 2016-06-25 23:32:08][རྩོམ་པ་པོ། དགེ་བཤེས་བློ་གྲོས་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

01.jpg

   བསིལ་ལྡན་ཁ་བ་རི་བའི་ལྗོངས་སུ་སྐུ་ཡི་སྐྱེ་བ་བཞེས་ཅིང་ཤེས་རིག་ནོར་བུའི་མཛོད་ལ་ལོངས་སུ་སྤྱོད་པའི་བསྟན་དང་འགྲོ་བའི་དོན་མཛད་སུ་དང་གང་ན་བཞུགས་པ་རྣམས་ལ་ཞུ་གསོལ། འུ་ཅག་བོད་མི་རིགས་ཀུན་གྱི་ཕྱི་མོ་གྲུབ་མཐའ་ཡོངས་ཀྱི་རྗེ་བོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ལ་སྲིད་ཞུ་འམ་གུས་བཀུར་རེ་དམིགས་ཏེ།ངེད་༼སྤ་ཚང་དགོན་དཔེ་ཚོགས་༽ཞེས་པ། སྤ་ཉི་མ་འབུམ་གསལ། མཁས་དབང་གཡུང་དྲུང་འབྲུག་གྲགསགཏེར་ཆེན་ཡེ་ཤེས་གཡུང་དྲུང་།རྟོན་ལྡན་ཤེས་རབ་ཕུན་ཚོགས་བཅས་གསུང་འབུམ་ཕྱོགས་སྒྲིག་བྱེད་བཞིན་ལགས་པས། དགོན་རི་ཁྲོད་སྤྱི་ལ་གང་ནུས་དཔེ་སྦྱིན་ཞུ་འཆར་ཡོད་ནའང་སྤྱིར་སྒེར་ཡོངས་སུ་ཐུགས་འདོད་བསྐང་ནུས་ཞན་སྟབས་ལྷག་བསམ་ཅན་སུ་དང་གང་ལ་མཁོ་ཚེ་དེ་ལུགས་ཀྱི་བསླུ་ཉོ་གནང་བའི་རེ་བ་ཡོད་ལ། དཔེ་རྙིང་ལག་སོན་བྱུང་རིགས་གཤམ་གྱི་ཨང་མིང་བཀོད་བཞིན་གཟིགས་དཔྱད་དང་གལ་སྲིད་འཚོལ་བསྡུ་ཁོངས་སུ་མ་གཏོགས་པའི་ཕྱག་དཔེ་ཡོད་ཚེ་གང་མགྱོགས་གཡར་གནང་མཛད་པའི་རེ་བ་སྟོང་གིས་འབོད་པ་ཡིན།

༼༡༽སྤ་སྟོན་གྲུབ་པའི་དབང་པོ་ཉི་མ་འབུམ་གསལ་མཆོག་གི་གསུང་འབུམ་བསྐོར།

༡ སྐུ་གསུམ་རིག་འཛིན་དགོངས་པ་འདུས་པའི་རྒྱུན་ལས་སྔོན་འགྲོ་མ་རིག་མུན་སེལ་རིག་པའི་སྒྲོན་མེ །
༢ སྐུ་གསུམ་དགོངས་པ་འདུས་པ་རིག་འཛིན་གསང་བའི་སྒྲུབ་པ་ལས་བདུད་བརྩི་ར་ས་ཡ་ནའི་དཀར་ཆགས།
༣ མཁའ་འགྲོ་གྲིབ་སེལ་ཚེ་དབང་རྟོགས་འཇོམས་ཀྱི་ཆ་ལག་ཟུར་འདེགས་ཟ་མ་ཏོག
༤ མཆོད་བསྐང་ཐུགས་དམ་དགྱེས་པའི་རོལ་མོ།
༥ གསོལ་འདེབ་བདེན་ཚིག་ཨུ་དཔལ་གཞོན་ནུའི་ཚལ་བཞད།
༦ ཚེ་དབང་རྟོགས་འཇོམས་སྤྲིན་གོ་ཆའི་བསྲེགས་བླུག་ཡིག་ཆུང་ཡེ་ཤེས་མེ་དཔུང་།
༧ དབང་ལྡན་ཞུ་ཡི་རིང་ལུགས་ལྟར་གྱི་གཏོར་མ་བཅའ་ཐབས།
༨ བཟླས་ཆོག་སྙིང་པོ་རྣམ་གསུམ་གྱི་བསྲུང་བཟློག་བསད་པའི་ཟིན་རིས།
༩ སྟག་ལ་སྤུ་དྲི་དཀར་དམར་ནག་གསུམ་གྱི་བསྲུང་བཟློག་བསད་པའི་ཟིན་རིས།
༡༠ དྲེའུ་དམར་མོའི་ཐུགས་དམ་རྒྱུད་བསྐུལ།
༡༡ སྲིད་པའི་རྒྱལ་མོ་ནང་བདུད་མོ་རུ་སྒྲུབ་པའི་བསྐང་མདོས་འབུལ་བའི་མཁྱེན་གསོལ།
༡༢ བདུད་བཙན་དྲ་བ་དམར་ནག་གི་བསྐང་མདོས་འབུལ་བའི་འཕྲིན་བཅོལ།
༡༣ མ་གཅིག་དབང་གི་ལྷ་མོའི་གསང་སྒྲུབ་གཟེར་བུའི་རྒྱུད་འདེབས་མུ་ཏིག་འཕྲེང་བ།
༡༤ སྟག་ལ་ཉི་ཟླ་གོ་ཞུའི་མངོན་རྟོགས་ཞི་དྲག་གཉིས་ལྷན་དུ་བསྐྱེད་ཚུལ་ཟིན་རིས།
༡༥ སྟག་ལ་སྤུ་གྲི་དམར་ནག་གི་རྒྱུད་ལས་བྱད་མདོས་སྐུ་གཟུགས་མའི་ཟིན་བྲིས་རིགས་གཟིགས་གསལ་སྒྲོན།
༡༦ ཁྲོ་བོ་དབང་ཆེན་གྱི་བདག་མདུན་བསྐྱེད་རིམ་ཉུང་བསྡུས།
༡༧ སྟོང་གསུམ་འཁྲུག་པའི་ཡོ་བཅོས་བཅའ་ཐབ་བསྡུས་པ།
༡༨ སྡོང་གི་ཀྱོག་ལག་སྨན་ལུང་ཡུལ་སྐྱོང་ལྕམ་དྲལ་གྱི་གསོལ་མཆོད་ཕན་བདེའི་དཔལ་སྟེར་ཡིད་བཞིན་འདོད་འཇོ།
༡༩ བླ་མའི་རྣལ་འབྱོར་རྒྱུན་འཁྱེར།
༢༠ བོན་ཚ་དང་གཡུ་བཀྲའི་བསང་བརྔན།
༢༡ སྐྱེས་བུ་ཆེན་པོ་ཉི་མ་འབུམ་གསལ་གྱི་སྐྱེས་ཚོགས་གསོལ་འདེབས་མུ་ཏིག་ཕྲེང་བ།
༢༢ འཆི་བའི་ངོ་སྤྲོད་བདུད་བརྩི་ཐིགས་པ།
༢༣ ཁྲོ་བོ་དབང་ཆེན་གྱི་བདག་ཉིད་དོན་གྱི་བསྒྲུབ་པ་ལས་ལྷ་རྒྱན་གཅིག་པ་དང་ཤུག་བསྟན་གྱི་སྐྱེད་རིམ་ཡིག་ཆུང་ཟུར་གསལ།
༢༤ དམར་ཆེན་གཏོར་ཟློག་སྟོད་ཁྲིག་མི་འཇིགས་དཔའ་བོའི་གོ་ཆ།
༢༥ ཁྲོ་བོ་དམར་ཆེན་གཏོར་ཟློག་གི་རིགས་གཟིགས་གསལ་བའི་མེ་ལོང་།
༢༦ དྲན་པ་ཚེ་སྒྲུབ་ཀྱི་ཕྱག་བཞེས་མེ་ཤེལ་འཕྲེང་བ།
༢༧ དྲན་པ་ཚེ་སྒྲུབ་མཆོད་བསྐང་མེ་ཏོག་མཛེས་ཕྲེང་།
༢༨ ཁོད་སྤུངས་དྲན་པ་འཆི་མེད་ཚེ་ཡི་རྫོང་ཆེན་གྱི་ཆ་ལག་ཉེར་མཁོ་ཕྱཱ་གཡང་དམུ་ཡད་འཁྱིལ་པ།
༢༩ ཁོད་སྤུངས་དྲན་པ་ཚེ་ཡི་སྒྲུབ་པའི་ཆ་ལག་བླ་བསླུ་མི་འཇིག་སྲོག་མཁར།
༣༠ དྲན་པ་ཚེ་སྒྲུབ་ཀྱི་འཆི་མེད་ཚེ་ཡི་རྫོང་ཆེན་གྱི་ཆ་ལག་ཉེར་མཁོ་འཆི་བསླུ་ཚེ་སྲོག་མི་འཇིག་བརྟན་པ།
༣༡ བདེར་གཤེགས་དགོངས་འདུས་ཐུགས་སྒྲུབས་ཀྱི་ལས་བྱང་ཆུང་བ་རྩ་གསུམ་སྙིང་པོའི་ཕྱག་བཞེས་བསྡུས་དོན་རིན་པོ་ཆེ་ཟ་མ་ཏོག
༣༢ བདེར་གཤེགས་དགོངས་འདུས་ཐུགས་སྒྲུབ་ཀྱི་མཐའ་བསྒྱུར་ཟློག་པའི་བཅའ་ཟིན་འཕྲུལ་གྱི་ཨ་དར་ཤ
༣༣ ཐོས་གྲོལ་གྱི་བླ་མ་མཁའ་འགྲོའི་སྟོད་ཕྱག་ཟུར་བཀོད་ཆུ་སྐྱེས་དོ་ཤལ།
༣༤ བོན་སྐྱོང་བསྐང་གསོལ་གྱི་ཟིན་རིས་ཟ་མ་ཏོག
༣༥ ཁོད་སྤུངས་དྲན་པ་ཚེ་སྒྲུབ་འཆི་བསླུའི་གྱེར་དབྱངས།
༣༦ འཆི་མེད་ཚེ་སྒྲུབ་འབེ་རོའི་ཐུགས་ཏིག་གསང་བའི་རྒྱ་ཅན་ནར་མར་ཉམས་སུ་ལེན་པའི་ཉེར་མཁོ་རིན་པོ་ཆེ་ཟ་མ་ཏོག
༣༧ ཚེ་སྒྲུབ་འབེ་རོའི་ཐུགས་ཏིག་ལས་ཉེར་མཁོ་བླ་བསླུའི་ཡིག་ཆུང་།
༣༨ གནས་མཆོག་སྤུ་རྒྱལ་གངས་ཆེན་གསོལ་འདེབས་བསམ་པ་མྱུར་འགྲུབ།
༣༩ རྩ་གསུམ་ཚོགས་ལ་གུས་འདུད་ནས་ཚོགས་བསགས་རག་བསྡུས་ཡིག་ཆུང་།
༤༠ གསང་ཆེན་རོལ་པ་ཟང་ཐལ་གྱི་སྒོ་ནས་ཆང་བུ་རྒྱ་རྩའི་ལག་ལེན་ཟད་མེད་ཀུན་ཚེམ།
༤༡ ཡུལ་ལྷའི་དགོངས་གསོལ།
༤༢ ཞིང་བསྒྲོད་སྨོན་ལམ་བསམ་པ་དོན་ལྡན།
༤༣ རྒྱས་པ་ཀུན་སྣང་རྩ་བའི་དཀྱིལ་འཁོར་གྱི་བསྐྱེད་རིམ་སྣང་གསལ་སྒྲོན་མེ།
༤༤ ཀུན་རིག་ལས་བཞིའི་ལས་རིམ་གསལ་བའི་མེ་ལོང་།
༤༥ གསང་ཆེན་རོལ་པ་ཟང་ཐལ་གྱི་རྒྱུད་པ་ལས་ཕྲིན་ལས་གསང་བ་མཐར་ཐུག་གི་ཕྱག་བཞེས་ཉི་མའི་འཁོར་ལོ།
༤༦ གསང་ཆེན་རོལ་པ་ཟང་ཐལ་གྱི་རྒྱུད་ལས་ལས་ཀྱི་མཐའ་བསྒྱུར་བསྲུང་ཟློག་བསད་པའི་ལས་བྱང་ཡིད་བཞིན་ནོར་བུ།
༤༧ མ་རྒྱུད་གསང་ཆེན་རོལ་པ་ལས་རྒྱུད་བསྐང་རིན་ཆེན་གཏེར་འཕྲེང་།
༤༨ གསང་ཆེན་རོལ་པ་ཟང་ཐལ་གྱི་རྒྱུད་ལས་རྒྱུད་ཕྱག་མུ་ཏིག་འཕྲེང་བ།
༤༩ ཟབ་ལམ་གཅོད་ཀྱི་གེ་སར་ཙེར་དབྱངས་བྱ་རྗེའི་པི་ཝང་དྲུག་འགྱུར།
༥༠ གསང་ཆེན་རོལ་པ་ཟང་ཐལ་གྱི་རྒྱུད་ལ་གཤེད་འདུལ་དྲག་པོ་ཁོལ་ཕྱུང་གི་ཆ་ལག་ཁྲོ་ཆུའི་འཕྲེང་བ།
༥༡ གསང་ཆེན་རོལ་པ་ཟང་ཐལ་གྱི་རྒྱུད་ལས་བསད་པ་ལས་ཀྱི་སྦྱོར་བ་གནམ་ལྕགས་སྤུ་གྲི་རེག་ཆོད།
༥༢ གསང་ཆེན་རོལ་པ་ཟང་ཐལ་གྱི་རྒྱུད་ལས་གནས་འདྲེན་ཐར་པའི་ལམ་མཆོག་གི་ཆ་ལག་ཡིག་ཆུང་ཐུགས་རྗེའི་རྒྱུན་ཞགས།
༥༣ དབང་ལྡན་ཞུ་ཡི་ལུགས་ཀྱི་ཉེར་མཁོ།
༥༤ གཞི་གནས་ཡུལ་སའི་བརྔན་བསང་།
༥༥ ཡུལ་གྱི་བདག་པོ་ཚོགས་ལ་གསོལ་མཆོད་ཉུང་བསྡུས།
༥༦ སྦས་གནས་རྫོང་ཆུང་དཀར་མོའི་གསོལ་མཆོད་ཉུང་བསྡུས།
༥༧ སྒྲ་བླའི་གསོལ་མཆོད་ཉུང་བསྡུས།
༥༨ གཞི་གནས་མཆོད་ཐབས་ཕན་བདེའི་དཔལ་གཏེར།
༥༩ གཙུག་གཏོར་རིགས་སྔགས་རྒྱལ་མོའི་རྒྱུད་འདེབས།
༦༠ འདུལ་དྲུག་སྐབས་ཀྱི་ཆོ་གའི་གཤེད་ཕྲལ་ཡིག་ཆུང་ཟུར་བཀོད།
༦༡ ཧོར་གྱི་ཡུལ་ལྷའི་གསོལ་མཆོད་དཔལ་སྒྲགས་ཕན་བདེའི་དཔལ་གཏེར།
༦༢ ཡུལ་སྐྱོང་དྲེག་པའི་བསྐུལ་ཆུང་།
༦༣ བླ་མའི་རྣལ་འབྱོལ་ཐུགས་དམ་དབྱིངས་བསྡུས།
༦༤ རྒྱལ་ཐེབ་དབང་ཁྲིད་ལས་རིགས་དྲུག་རང་སྦྱོང་གི་གདམས་པ་ཟབ་མོའི་ལག་ལེན།
༦༥ སྨོན་ལམ་བདེ་ཆེན་ཞིང་བསྒྲོད།
༦༦ གཏོར་མ་བཅའ་ཐབས།
༦༧ དྲན་པ་གསང་སྒྲུབ་ཀྱི་ཆ་ལག
༦༨ དབང་ཁྲིད་བྱིན་རླབས་ཆར་འབེབས།
༦༩ དྲན་པ་གསང་སྒྲུབ་ཀྱི་ལག་ལེན་མན་ཤེལ་ཕྲེང་བ།
༧༠ དྲན་པ་གསང་སྒྲུབ་རྒྱུད་ཕྱག
༧༡ མཆོད་བསྐོང་མེ་ཏོག་ཕྲེང་མཛེས།
༧༢ བོན་སྐྱོངས་རྒྱ་མཚོའི་དགོངས་གསོལ་འཕྲིན་ལས་མྱུར་འགྲུབ།
༧༣ སྐྱེ་རབས་ལྷ་བཀོད་མུ་ཏིག་འཕྲེང་བ།

༼ ༢ ༽སྤ་སྟོན་མཁས་པའི་དབང་པོ་གཡུང་དྲུང་འབྲུག་གྲགས་མཆོག་གི་གསུང་འབུམ་བསྐོར།

༡ ཚེ་སྒྲུབ་བཱེ་རོའི་ཐུགས་ཏིག་ལས་འཆི་བསླུའི་ཡིག་ཆུང་།
༢ ཚེ་སྒྲུབ་བཱེ་རོའི་ཐུགས་ཏིག་ལས་ཕྱཱ་གཡང་འདོད་དགུའི་ཆར་འབེབས།
༣ བདེར་གཤེགས་རིགས་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་གཏེར་བདག་སྡེ་ལྔའི་མཆོད་ཐབས་ཕྲིན་ལས་ཡོངས་སྒྲུབ།
༤ བདེར་གཤེགས་རིག་འཛིན་དགོངས་པ་འདུས་པ་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་ཚོམ་བུ་ཚོགས་སྒྲུབ་ཆེན་མོའི་ཕྱག་བཞེས་རིན་ཆེན་གཏེར་གྱི་སྒོ་འབྱེད་གསང་དོན་གསལ་བའི་ཨ་དར་ཤ།
༥ བདེར་གཤེགས་རིག་འཛིན་དགོངས་པ་འདུས་པ་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་ཚོགས་བསགས་མར་མེའི་ཤོག་ཆུང་།
༦ བདེར་གཤེགས་རིག་འཛིན་དགོངས་པ་འདུས་པ་འཆི་མེད་གསང་བ་སུམ་དྲིལ་ཞི་དྲག་ཕྱག་གི་ཁ་སྐང་རྒྱུད་ཕྱག་ཨུཏྤལ་འཕྲེང་བ།
༧ བདེར་གཤེགས་རིག་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་སྨན་མཆོད་ཁ་སྐོང་།
༨ བདེར་གཤེགས་རིག་འཛིན་དགོངས་པ་འདུས་པ་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་བདུད་རྩི་སྨན་གྱི་བྱང་བུ་འོད་དཀར་སྣང་བ།
༩ བདེར་གཤེགས་རིག་འཛིན་དགོངས་པ་འདུས་པ་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་རྒྱུད་འདེབས་བྱིན་རླབས་མྱུར་འཇུག
༡༠ འོད་གསལ་རྫོགས་ཆེན་ལྟ་བའི་གླུ་དབྱངས་སྐལ་བཟང་ཐེག་ཆེན་དབྱར་གྱི་ལང་ཚོ་དར་བའི་དགའ་སྟོན་རྣལ་འབྱོར་རྐང་དྲུག་དགྱེས་པའི་མགྲིན་ངག
༡༡ རྒྱུན་འཁྱེར་ཉེར་མཁོ་ཡེ་སྲིད་འཕྲུལ་གྱི་ཇུ་ཐིག
༡༢ སྤ་སྟོན་གཡུང་དྲུང་བསྟན་པ་འབྲུག་གྲགས་ཀྱི་སྐྱེས་རབས་བྱིན་རླབས་ཆར་འབེབས།
༡༣ རྩ་གསུམ་བསྐང་བཤགས་ཉུང་འདུས།
༡༤ རྫོགས་པ་ཆེན་པོའི་ལམ་ཉམས་སུ་ལེན་པའི་གནད།
༡༥ གཞན་ཕན་འཕོ་བ་བཏབ་ཚུལ་མགུར་མ་ལེའུ་ཆུང་།
༡༦ རང་བྱུང་ཀ་དག་ཞེས་པའི་མགུར་ཆུང་།
༡༧ བྲག་བཙན་དམར་པོའི་སྲོག་གི་དྲིལ་སྒྲུབ་ཀྱི་ཆ་ལག་འདོད་ཡོན་གཏེར་ལྡན།
༡༨ རྩ་གསུམ་ཐུགས་དམ་རྒྱུད་བསྐང་ཨུད་མོ།
༡༩ རྒྱལ་མོ་ཐུགས་ཀྱི་གཟེར་བུའི་ཕྲིན་ལས་ཉུང་བསྡུས།
༢༠ གནས་མཆོག་བྱ་རྒོད་རྫོངས་དཀར་གྱི་གསོལ་འདེབས།
༢༡ སྲིད་རྒྱལ་ཚོགས་བསྡུས་མ་མང་མ།
༢༢ རྒྱལ་པོའི་འཛབ་སྒོམས།
༢༣ ཕོ་ལྷ་གནམ་ཐེལ་དཀར་པོའི་ཚོགས་མཆོད་བསྡུས་དོན།
༢༤ དགྱེས་སྤྱོད་བསྐལ་བཟང་ཚོགས་ཀྱི་འཁོར་ལོ་མེ་ཏོག་མཆོད་སྤྲིན།
༢༥ དབལ་ཆེན་གེ་ཁོད་ཀྱི་སྟོད་པ་ཀ་ཁ་རྒྱན་གྱི་ཕྲེང་བ།
༢༦ ཀུན་བཟང་ཞི་བའི་གསང་མཆོད་མེ་ཏོག་སྤྲིན་དཔུང་།
༢༧ འབར་བ་ཁྲོ་བོའི་བསང་མཆོད་བར་ཆད་མྱུར་ཞི།
༢༨ འདོད་ཁམས་དབང་སྒྱུར་སྲིད་གསུམ་རྣམ་རྒྱལ་ལྷ་མོ།
༢༩ སྲིད་པའི་རྒྱལ་མོ་རིགས་ལྔའི་ཐུགས་སྒྲུབ་རིག་གནས་པད་ཚལ་བཞད་པའི་ཉི་མ།
༣༠ རྒྱལ་བ་དམུ་སྲས་མགོན་པོའི་རྣམ་ཐར་རྟོགས་བརྗོད།
༣༡ སྲིད་པའི་རྒྱལ་མོའི་རིགས་ལྔའི་ཐུགས་སྒྲུབ་ཀྱི་ཆ་ལག་རིག་པའི་སྒྲོན་མེ།
༣༢ གཏོ་དཀར་ནག་ཁྲ་གསུམ་ཀུན་འདུས་མན་ངག་གཏོ་སྒྲོ་ཆེན་མོའི་ཁ་བསྒྱུར་སོམ་ཉིའི་དྲ་བ་བཀྲལ་བའི་རལ་གྲི།
༣༣ ཀུན་འཇོམ་ཁྲོ་བོའི་དབང་མཆོག་གཟའ་བདུད་ཟིལ་གནོན།
༣༤ དཔལ་ཆེན་པདྨ་ཐོད་ཕྲེང་གུ་རུ་རྩ་གསུམ་རྒྱུད་པ་ཚེ་སྒྲུབ་རྡོ་རྗེའི་གུར་ཁང་།
༣༥ ཚེ་སྒྲུབ་རྡོ་རྗེའི་གུར་ཁང་ཆ་ལག་རྡོ་རྗེའི་ཕྲེང་བ།
༣༦ མན་ངག་ཀུན་འདུས་རད་ན་གཅེས་བཏུས།
༣༧ ཤེར་ཕྱིན་རྒྱན་འགྲེལ་དང་བཅས་པའི་སྐབས་དང་པོའི་མཐའ་སྤྱོད་དབྱར་གྱི་སྔ་སྒྲ་བློ་གསལ་མདོངས་མཐའ་དག་པའི་དགྱེས་གླུ།
༣༨ ཤེར་ཕྱིན་རྒྱན་འགྲེལ་དང་བཅས་ཀྱི་སྐབས་དང་པོའི་སྲིད་ཁམས་ཀྱི་མཐའ་དཔྱོད་དབྱར་གྱི་རྔ་སྒྲ་བློ་གསལ་མདོངས་མཐའ་དགའ་པའི་དགྱེས་གླུ།
༣༩ ཤེར་ཕྱིན་རྒྱན་འགྲེལ་དང་བཅས་ཀྱི་སྐབས་གཉིས་པ་རྒྱུན་ཁམས་ཀྱི་མཐའ་དཔྱོད་དབྱར་གྱི་རྔ་སྒྲ་བློ་གསལ་མདོངས་མཐའ་དགའ་པའི་དགྱེས་གླུ།
༤༠ ཤེར་ཕྱིན་རྒྱན་འགྲེལ་དང་བཅས་ཀྱི་སྐབས་གསུམ་པ་སྣང་ཁམས་ཀྱི་མཐའ་དཔྱོད་དབྱར་གྱི་རྔ་སྒྲ་བློ་གསལ་མདོངས་མཐའ་དགའ་པའི་དགྱེས་གླུ།
༤༡ ཤེར་ཕྱིན་རྒྱན་འགྲེལ་དང་བཅས་ཀྱི་སྐབས་བཞི་པ་སྟོང་ཁམས་ཀྱི་མཐའ་དཔྱོད་དབྱར་གྱི་རྔ་སྒྲ་བློ་གསལ་མདོངས་མཐའ་དགའ་པའི་དགྱེས་གླུ།
༤༢ ཤེར་ཕྱིན་རྒྱན་འགྲེལ་དང་བཅས་ཀྱི་སྐབས་ལྔ་པ་སོ་སོའི་ཁམས་ཀྱི་མཐའ་དཔྱོད་དབྱར་གྱི་རྔ་སྒྲ་བློ་གསལ་མདོངས་མཐའ་དགའ་པའི་དགྱེས་གླུ།
༤༣ ཤེར་ཕྱིན་རྒྱན་འགྲེལ་དང་བཅས་ཀྱི་སྐབས་དྲུག་པ་རིགས་ཁམས་ཀྱི་མཐའ་དཔྱོད་དབྱར་གྱི་རྔ་སྒྲ་བློ་གསལ་མདོངས་མཐའ་དགའ་པའི་དགྱེས་གླུ།
༤༤ ཤེར་ཕྱིན་རྒྱན་འགྲེལ་དང་བཅས་ཀྱི་སྐབས་བདུན་པ་ཀློང་ཆེན་དབྱིངས་ཀྱི་ཁམས་ཀྱི་མཐའ་དཔྱོད་དབྱར་གྱི་རྔ་སྒྲ་བློ་གསལ་མདོངས་མཐའ་དགའ་པའི་དགྱེས་གླུ།
༤༥ཤེར་ཕྱིན་རྒྱན་འགྲེལ་དང་བཅས་ཀྱི་སྐབས་བརྒྱད་པ་མཉམ་ཁམས་ཀྱི་མཐའ་དཔྱོད་དབྱར་གྱི་རྔ་སྒྲ་བློ་གསལ་མདོངས་མཐའ་དགའ་པའི་དགྱེས་གླུ།
༤༦ འཛབ་སྒོམ་བཏང་ལུགས་འབྲིང་པོ་སྡེ་ཚན།
༤༧ མ་རྒྱུད་གསས་མཁར་སྡེ་ལྔའི་ཐུགས་སྒྲུབ་མན་ངག་གནད་འདུས་ཀྱི་བསྐང་བཤགས་ཉམ་གསོ་རབ་བསྐང།
༤༨ མ་རྒྱུད་གསས་མཁར་སྡེ་ལྔའི་ཐུགས་སྒྲུབ་མན་ངག་གནད་འདུས་ཀྱི་རྒྱུད་བསྐང་ཉུང་འདུས།
༤༩ མ་རྒྱུད་གསས་མཁར་སྡེ་ལྔའི་ཐུགས་སྒྲུབ་མན་ངག་གནད་འདུས་ཀྱི་སྐྱབས་སེམས་གསོལ་འདེབས།
༥༠ མ་རྒྱུད་མཁའ་འགྲོ་དགོངས་པ་ཀུན་འདུས་གསས་མཁར་སྡེ་ལྔ་ལས་བརྒྱུད་པའི་གསོལ་འདེབས་སྤྲིན་གྱི་རྔ་སྒྲ།
༥༡ ཡེ་ཤེས་གཡུང་དྲུང་བསྟན་པའི་ཉི་མའི་ཞབས་བསྟན་བདེན་ཚིག
༥༢ རྣལ་འབྱོར་ལམ་འཁྱེར་གྱི་ཚོགས་མཆོད་ཉུང་བསྡུས།
༥༣ སྡེ་བརྒྱད་གསེར་སྐྱེམས་ཕུལ་བའི་འཕྲིན་བཅོལ་འདོད་གསོལ།
༥༤ ཡེ་ཤེས་གཡུང་དྲུང་གསོལ་འདེབས་རྒྱལ་འཕགས་གཅིག་བསྡུས།
༥༥ བསང་དང་མཆོད་བསྟོད།
༥༦ གཏན་ཚིགས་གཞུང་དོན་སྒོ་འབྱེད་བསྡུས་གྲའི་རྣམ་བཞག་འཇིག་མེད་སྨྲ་བའི་སེང་གེའི་གད་རྒྱངས་ལྟ་ངན་གཉིས་འཐུང་གཞོམ་པའི་ང་རོ།
༥༧ གཏན་ཚིགས་གཞུང་དོན་སྒོ་འབྱེད་བསྡུས་གྲའི་རྣམ་བཞག་ལས་རིག་ལམ་འབྲིང་པོའི་རྣམ་བཞག
༥༨ གཏན་ཚིགས་གཞུང་དོན་སྒོ་འབྱེད་བསྡུས་གྲའི་རྣམ་བཞག་ལས་རིག་ལམ་ཆེ་བའི་བསྡུས་ཚན་དྲུག་གི་རྣམ་་བཞག
༥༩ གཏན་ཚིགས་གཞུང་དོན་སྒོ་འབྱེད་བསྡུས་གྲའི་རྣམ་བཞག་ལས་རིག་ལམ་ཆེ་བའི་བློ་རིག་བསྐོར།
༦༠ སེང་གདོང་དང་གདུག་དཀར་ཟློག་གཟུང་།
༦༡ བསྟན་རྒྱས་སྨོན་ལམ།
༦༢ ཆང་བུ་བརྒྱ་རྩའི་ལག་ལེན།
༦༣ གཞན་དོན་དུ་བགེགས་བཀྲད་བཀའ་བགོ
༦༤ ཕུར་སྲུང་མཆོད་བསྡུས་བཀའ་སྲུང་རྗེས་གནང་།
༦༥ ཐང་ལྷའི་མཆོད་བསྟོད་ཉུང་བསྡུས།
༦༦ བསང་གི་ཤམ་སྦྱོར་ཉུང་བསྡུས།
༦༧ ཞབས་བརྟན་བདེན་ཚིག་སྐལ་བཟང་དགའ་སྟོན་ལྷ་ཡི་གླིང་བུའི་སྒྲ་དབྱངས།
༦༨ དཔལ་བོན་སྟག་ལ་མེ་འབར་གྱི་གསོལ་འདེབས་རྒྱུན་སྐྱོང་ཉམས་ཆགས་རབ་བསྐོང་།
༦༩ ཁྲོ་རྒྱལ་གཙོ་མཆོག་མཁའ་འགྲོའི་གསོལ་འདེབས་རྣལ་འབྱོར་དགའ་བའི་གླུ་དབྱངས།
༧༠ བྱམས་མའི་མངོན་རྟོགས་འདོན་ཚུལ།
༧༡ སྙིགས་དུས་འགྲོ་མགོན་གསུམ་གྱི་ཕྱག་མཆོད།
༧༢ དཔལ་ལྡན་བླ་མ་རིན་པོ་ཆེའི་ཕྱག་མཆོད།
༧༣ དུས་འཁོར་རྒྱུད་ལས་བྱུང་བའི་སྣང་གསལ་རིག་པའི་རྩིས་མོ།
༧༤ ལྷ་ཁང་བཤད་པ་ཨར་གཞས་ཚངས་པའི་དབྱངས།
༧༥ སྟག་ལའི་དུས་དྲུག་འདོན་ཟིན།
༧༦ རྣམ་རྒྱལ་ཆོག་ཁྲིག་ཟིན་རིས།
༧༧ བསྟན་སྲུང་རྒྱལ་ཆེན་ཤེལ་ཁྲབ་ཅན་གྱི་སྒྲུབ་པའི་ཚོགས་བསགས་ཉུང་བསྡུས།
༧༨ སྤུ་རྒྱལ་གསོལ་མཆོད་ཕྲིན་ལས་ཀུན་འགྲུབ་ཀྱི་བཅའ་ཐབས།
༧༩ སྤུ་རྒྱལ་གསོལ་མཆོད་ཕྲིན་ལས་ཀུན་འགྲུབ།
༨༠ དཔལ་གཤེན་བསྟན་གཡུང་དྲུང་རབ་བརྟན་གླིང་གི་བཟླས་ཆོག་རིན་ཆེན་སྒྲོན་མའི་བུམ་སྒྲུབ་ཀྱི་ཟིན་བྲིས་པདྨ་དཀར་པོའི་དོ་ཤལ།
༨༡ བཟླས་ཆོག་རིན་ཆེན་སྒྲོན་མའི་དམ་རྫས་མྱོང་གྲོལ་ཆེན་མོའི་བུམ་སྒྲུབ་ཡིད་བཞིན་ནོར་བུའི་རིན་ཆེན་དབང་གི་རྒྱལ་པོ།
༨༢ གསུར་མཆོད་བདུད་རྩི་ཀུན་ཚིམ།
༨༣ སྤ་དགོན་གཡུང་དྲུང་རབ་བརྟན་གླིང་གི་གསོལ་འདེབས།
༨༤ སྔོ་ལ་བཟང་དྲུག་རྩི་སྨན་གྱི་ཚབ་སྟངས་ཚབ་བཟོ་ནུས་པ་ཡོན་ཏན་ལྡན་པའི་ཉེར་མཁོ།
༨༥ ཆུ་ལམ་བྱེད་ཐབས།
༨༦ བདུད་རྩི་འོད་ཟེར་འབར་བའི་ཆ་ལག་ཟུར་བཀོད།
༨༧ མདོ་དྲི་མེད་གཟི་བརྗིད་ལས་བྱུང་བའི་ཆོ་ག་བཅུ་གཉིས་ལག་ལེན་བློ་གསལ་དགའ་སྟོན་དབང་ཞུ་བཀྲ་བའི་མཛེས་རྒྱན།
༨༨ འབྲས་རྩིས་མུ་ཏིག་འཕྲེང་བ།
༨༩ དྲིལ་དམར་ཤེས་རབ་བློ་འཕེལ་གྱི་སྒྲུབ་པ།
༩༠ བླ་མའི་རྣལ་འབྱོར།
༩༡ འཁོར་བ་དོང་སྤྲུགས་བདེར་གཤེགས་ཀུན་རིག་སྒྲོན་མའི་སྦྱིན་སྲེགས་སྣང་གསལ་ཡེ་ཤེས་འབར་བ་ཉི་མའི་ལག་ལེན་ཚད་མེད་སྣང་བ།
༩༢ རོལ་པ་ཟང་ཐལ་གཅོད་ཀྱི་སྒོར་སྦྱར་བའི་གྲི་འདུར་ཟིན་བྲིས།
༩༣ གསས་མཁར་སྤྱི་སྤུང་རྩོད་པ་ཟློག་པའི་ཚོམ་བུ་ཚོགས་སྒྲུབ་ཆེན་མོའི་ཕྱག་བཞེས་རིན་པོ་ཆེ་ཚོགས་གཉིས་གཏེར་གྱི་སྒོ་བརྒྱ་འབྱེད་པའི་ལྡེ་མིག
༩༤ བཀའ་སྲུང་དམ་ཅན་རྒྱ་མཚོའི་སྤྱན་འདྲེན།
༩༥ ཀེགས་རྩིས་ལས་རྒྱ་ནག་རྡེལ་བསྐོར་སུམ་རྒྱ་དྲུག་ཅུའི་སྐོར་འགོ་གསལ་བྱེད་ལྟ་བ་སྨྲ་ཤེས་ལྡེ་མིག
༩༦ བླ་མ་མཆོད་ཐབས་མདོར་བསྡུས།
༩༧ གནམ་ཐེལ་ཚོགས་བསྡུས།
༩༨ བྲག་བཙན་ཚོགས་བསྡུས།
༩༩ བྲག་བཙན་ཚོགས་བསྡུས་དང་བརྟན་བཞུགས།
༡༠༠ ཆོས་ཁྲིམས་སྐལ་བཟང་ལྷ་ཡི་རོལ་མོ།
༡༠༡ མ་མཆོག་བྱ་མ་ཉེར་གཅིག་གི་དཀྱིལ་འཁོར་སྡུས་དོན་རྗེ་གནང་ཉི་འོད་འབར་བ།
༡༠༢ ཀུན་གསལ་བྱ་མའི་གནས་འདྲེན་ཉུང་བསྡུས་ཐུགས་རྗེའི་ལྕགས་ཀྱུ།
༡༠༣ ཤེ་ནེ་ལྷ་བཙན་གསོལ་མཆོད་ཉུང་བསྡུས།
༡༠༤ མདའ་རྒྱང་རིན་ཆེན་སྤུང་པ་སོགས་རྩ་ལག་གནས་ཀྱི་ཚོགས་མཆོད་གནས་ཆེན་བྱིན་འབེབས།
༡༠༥ གནས་བདག་གཡུང་དྲུང་ལྷ་རྩེའི་མཆོད་བསྟོད།
༡༠༦ སྦྱིན་བསྲེགས་བསྡུས་པ།
༡༠༧ བདེན་གསོལ་ཉུང་བསྡུས།
༡༠༨ རྫོང་དཀར་གསང་མཆོད་ཀུན་བཟང་སྤྲིན་ཆེན།
༡༠༩ དཔལ་བོན་སྟག་ལ་མེ་འབར་ལ་འཕྲུལ་ཡིག་སུམ་ཅུའི་སྟོད་པ།
༡༡༠ རབ་འབྱམས་བོན་གྱི་གཏེར་མཛོད་དྲག་ཁྲོ་མངོན་སྤྱོད་དབར་ཕུར་ནག་པོའི་ཕྱག་བཞེས།
༡༡༡ དབལ་བོན་ཐུགས་ཏིག་སྟག་ཕུར་རྩ་སྒྲུབ་ཤེས་རབ་སྤུ་གྲི།
༡༡༢ མངོན་སྤྱོད་མདེའུ་ཁ་ཟོར་ཐུན་དགུ་སྒྲིལ་ལས་སྦྱོར་གནམ་ལྕགས་ཕྲེང་བ།

༼༣༽སྤ་སྟོན་ཡེ་ཤེས་གཡུང་དྲུང་མཆོག་གི་བཀའ་འབུམ་བསྐོར།

༡ གཏེར་བྱུང་དུས་ཀྱི་ཕོ་ཉའི་གླུ་དབྱངས།
༢ རྩ་བའི་རྒྱུད་མཆོག་རིན་ཆེན་གཏེར་མཛོད།
༣ ཁྲིད་རིམ་མདངས་གསལ་རྣལ་འབྱོར་རྒྱུད་སྤྱོད།
༤ སྔོན་འགྲོ་དྭངས་ཤེལ་མེ་ལོང་།
༥ ལས་བྱང་འདོད་འབྱུང་ནོར་བུ།
༦ ཚོགས་བསགས་མར་མེའི་ཤོག་ཆུང་།
༧ རིག་འཛིན་དགོངས་པ་ཀུན་འདུས་རྒྱུད་ལས་སྒྲུབ་གཞུང་མཁའ་འགྲོ་ངོ་མཚར་འབུམ་བཞེད།
༨ རིག་འཛིན་དགོངས་འདུས་རྒྱུད་ལས་ཉམས་བསྐང་དགའ་བའི་གཏེར་འབྱུང་།།
༩ བདེར་གཤེགས་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་རྒྱུད་ལས་འཆི་མེད་སྐུ་གསུམ་གསང་བ་སུམ་དྲིལ་གྱི་གཞུང་།
༡༠ བདེར་གཤེགས་རིགས་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་བསྐང་བ་དགྱེས་པའི་གླུ་དབྱངས།
༡༡ རྒྱུད་བསྐང་མན་དྷ་ར་བའི་མཆོད་སྤྲིན།
༡༢ གཏེར་སྲུང་སེང་ཧ་ཁྲོས་མའི་སྒྲུ་པ།
༡༣ མ་གཅིག་བཀའ་གསང་ལྷ་མོའི་བསྐུལ་པ།
༡༤ འཆི་བདག་གཤིན་རྗེ་ནག་པོའི་སྒྲུབ་ཐབས།
༡༥ གཏེར་བདག་སྡེ་ལྔའི་མཆོད་ཐབས་ཕྲིན་ལས་གཡང་སྒྲུབ།
༡༦ ཚེ་དབང་སྒྲུབ་པ་ཚེ་ལུང་ཡང་སྙིང་།
༡༧ འཆི་མེད་བདུད་རྩི་སྨན་གྱི་སྒྲུབ་ཐབས།
༡༨ སྨན་གྱི་འཛབ་དོན་གསལ་བྱེད་སྒྲོན་མ།
༡༩ ཐུགས་སྒྲུབ་གསང་བ་ཡང་ཞུན།
༢༠ ཡང་བྱང་ཐུགས་ཀྱི་སྒྲུབ་པ།
༢༡ བརྒྱུད་རིམ་བླ་མའི་དབང་ཆོག་བྱིན་རླབས་མྱུར་འཇུག
༢༢ སྲུང་བཟློག་ལས་བྱང་མེ་དཔུང་དགུ་དྲིལ།
༢༣ ཡང་གསང་བདུད་རྩི་སྨན་གྱི་དབང་ཆོག
༢༤ དབང་ཆོག་བདུད་བཞི་ཟེར་གནོན།
༢༥ སྲུང་བ་མི་ཤིག་བཙན་རྫོང་།
༢༦ སྲུང་ཟློག་ཤམ་བསྒྱུར།
༢༧ རྩང་རབས་མ་མོ་དམ་འདུ།
༢༨ གསང་ཟློག་བྱད་མ་གཏིང་ལེན།
༢༩ སྨད་ལས་ཟློག་པ་ཟློག་པའི་རྗེས་ཆོག
༣༠ ཟོར་ལས་ཐོག་མོ་དགུ་སྒྲིལ།
༣༡ སྦྱིན་བསྲེག་མེ་དཔུང་དགུ་སྒྲིལ།
༣༢ སྦྱིན་བསྲེག་ཆ་ལག་ལས་བཞི་ཀུན་ཚང་།
༣༣ སྦྱིན་བསྲེག་རྒྱུག་བྱང་མཆོད་པའི་མདེའུ།
༣༤ ཞི་རྒྱས་གཉིས་ཀྱི་མཆོད་མདེའུ།
༣༥ ཙ་ཀྲ་གསེར་གྱི་བུམ་བཟང་།
༣༦ གཉེན་རིམ་སྲུང་བ་རྡོ་རྗེའི་གོ་ཁྲབ།
༣༧ ཐོག་སྲུང་གནམ་ལྕག་གི་འཁོར་ལོ།
༣༨ སེར་སྲུང་སྤུ་གྲི་རིག་གཅོད།
༣༩ བདེར་གཤེགས་རིག་འཛིན་དགོངས་པ་འདུས་པ་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་ཆར་འབེབ་བདུད་རྩི་འཁྱིལ་པ།
༤༠ ཟབ་ལམ་མཁའ་འགྲོ་འབུམ་རྫོགས་ལས་མ་རྒྱུད་གསས་མཁར་སྡེ་ལྔའི་ཐུགས་ཀྱི་སྒྲུབ་པ་མན་ངག་གནད་འདུས།
༤༡ ཟབ་ལམ་མ་རྒྱུད་མཁའ་འགྲོ་དགོངས་འདུས་རྒྱུད་ལས་དུར་གཅོད་རོ་སྙོམས་མན་ངག་གཉན་ས་ལམ་འཁྱེར།
༤༢ ཟབ་ལམ་མཁའ་འགྲོ་འབུམ་རྫོགས་མ་རྒྱུད་གསས་མཁར་སྡེ་ལྔའི་རྒྱུད་ལས་བདག་ལུས་ཚོགས་འབུལ་རྒྱུན་སྐྱོང་ནོར་བུའི་དོ་ཤལ།
༤༣ ཟབ་ལམ་མཁའ་འགྲོ་འབུམ་རྫོགས་མ་རྒྱུད་གསས་མཁར་དགོངས་པ་འདུས་པའི་ཐུགས་སྒྲུབ་གསང་བ་གསང་ཆེན་སྒྲུབ་པ།
༤༤ ཟབ་ལམ་མཁའ་འགྲོ་འབུམ་རྫོགས་མ་རྒྱུད་གསས་མཁར་སྡེ་ལྔའི་རྒྱུད་ལས་བསྐང་བཤགས་ཉམས་གསོ་རབ་སྐང་།
༤༥ ཟབ་ལམ་མཁའ་འགྲོ་འབུམ་རྫོགས་མ་རྒྱུད་གསས་མཁར་སྡེ་ལྔའི་རྒྱུད་ལས་འཆི་མེད་ཚེ་ཡི་སྒྲུབ་པ།
༤༦ ཟབ་ལམ་མཁའ་འགྲོ་འབུམ་རྫོགས་མ་རྒྱུད་གསས་མཁར་སྡེ་ལྔའི་རྒྱུད་ལས་ལས་བྱང་དགའ་དབང་གཏེར་ཆེན།
༤༧ ཟབ་ལམ་མཁའ་འགྲོ་འབུམ་རྫོགས་མ་རྒྱུད་གསས་མཁར་སྡེ་ལྔའི་རྒྱུད་ལས་གསས་རྒྱུད་གྲུབ་པའི་་རྒྱུད་པ།
༤༨ བླ་མ་རྒྱང་འབོད་འོད་གསལ་རང་གྲོལ།
༤༩ རིག་འཛིན་དགོངས་འདུས་ཀྱི་ཁྲིད་རིམ་སྔོན་འགྲོའི་ཚིག་བཤད་བྱང་ཆུབ་ལམ་གྱི་འཕྲང་སེལ།
༥༠ རྟགས་བཞུགས་བདེན་ཚིག་སྐལ་བཟང་ལྷ་ཡི་སྒྲ་དབྱངས།
༥༡ མ་གཅིག་སྲིད་པ་རྒྱལ་མོའི་གསོལ་ཁ།
༥༢ སྤ་སྟོན་བསྟན་པ་རྒྱལ་མཚན་གསོལ་འདེབས།
༥༣ དམ་ཆོས་རྡོ་རྗེ་འཕྲེང་བ་གསོལ་འདེབས་བསམ་པ་ལྷུན་འགྲུབ།
༥༤ གསས་མཁར་རི་རོང་ནག་པོ་གསང་བ་ཐུགས་ཀྱི་བརྣག་པ་འཕྲིན་ལས་སྔགས་ཀྱི་རྒྱལ་པོ་བདུད་འདུལ་མེ་རི་འཁྱིལ་བའི་རྒྱུད་ལས་ཕྱག་རྒྱ་གར་གྱི་ལག་ལེན།
༥༥ མཁས་གྲུབ་འབྲུག་གྲགས་མཆོག་གི་ཕྱག་མཆོད།
༥༦ དབང་ལྡན་ཞུ་ཡི་རིང་ལུགས་བོན་སྐྱོངས་བསྐང་གསོལ་རྒྱས་པའི་ཟིན་རིས།
༥༧ སྤ་གཏེར་རད་ན་གླིང་པའི་ཟླ་ལུང་།
༥༨ སྐུ་གསུམ་དགོངས་པ་འདུས་པའི་རིག་འཛིན་གསང་སྒྲུབ་ཀྱི་སྔོན་འགྲོའི་ཟུར་བརྒྱན་འཕོ་བ།

༥༩ རིག་འཛིན་དགོངས་འདུས་ཀྱི་ཁྲིད་རིམ་སྔོན་འགྲོའི་མཎྜལ་་ཟུར་བརྒྱན་ཅུང་ཙམ་སྤྲོས་པ།
༦༠ གསར་མའི་རྔ་བརྡུང་།
༦༡ གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཡང་གསང་གབ་པ་དགུ་འགྲིལ་ལས་ཁྲོ་བོ་འབུམ་པ་དབང་ཆེན་གྱི་གཞུང་།
༦༢ གསས་མཁར་རི་རོང་ནག་པོའི་རྒྱུད་ལས་བདུད་འདུལ་དྲག་པོ་ཁོལ་ཕྱུང་གི་གཞུང་།
༦༣ ཨ་ཀྲོང་གསོལ་འདེབས།
༦༤ རྫོང་དཀར་གསོལ་འདེབས།
༦༥ སེང་གདོང་འཁྲོས་མའི་སྒྲུབ་གཞུང་།
༦༦ གསོལ་འདེབས་ཟབ་ལམ་མྱུར་བསྒྲོད།
༦༧ བསྟན་སྲུང་མགོན་པོ་ལེགས་བྱིན་མཆེད་གསུམ་གྱི་གསང་བསྐུལ།
༦༨ སེང་གདོང་འཁྲོས་མའི་གསང་བསྐང་ཉམས་གསོ་རབ་བསྐང་།
༦༩ སེང་གདོང་འཁྲོས་མའི་སྦྱིན་བསྲེགས་ཏན་ཏྲ་མེ་དཔུང་གཏེར་ཆེན།
༧༠ སེང་གདོང་འཁྲོས་མའི་སྦྱིན་བསྲེགས་རདྞའི་ཚོགས་ཆེན།
༧༡ སེང་གདོང་འཁྲོས་མའི་དབང་མཆོག་གསང་ཆེན་མྱུར་ལམ།
༧༢ སེང་གདོང་འཁྲོས་མའི་སྲུང་བ་མི་ཆོད་རྡོ་རྗེ།
༧༣ སེང་གདོང་འཁྲོས་མའི་ཟློག་པ་གདུག་པ་ཀུན་འཇོམས།
༧༤ སྔགས་ཀྱི་བཟློག་རིམ།
༧༥ ལས་བྱང་སྲིད་གསུམ་གཡུལ་བཟློག
༧༦ ལས་མཐའ་རྗེས་ཆོག
༧༧ སེང་གདོང་འཁྲོས་མའི་བརྣག་པ་ལས་ཀྱི་སྤུ་གྲི།
༧༨ སེང་གདོང་འཁྲོས་མའི་ཆ་ལག་གསོལ་འདེབས་ཤོག་ཆུང་།
༧༩ རྒྱུད་སྐང་རདྞ་གཏེར་འཕྲེང་།
༨༠ ཀླུ་བཙན་གཡུང་དྲུང་གཟི་འབར་གྱི་སྒྲུབ་ཐབས་ཚོགས་ཀྱི་ཆ་ལག

༼༤༽ཁའོ་རྟོགས་ལྡན་ཤེས་རབ་ཕུན་ཚོགས་རིན་པོ་ཆེའི་གསུང་འབུམ་བསྐོར།

༡ ངེས་པ་དོན་གྱི་རྣལ་འབྱོར་ཁའོ་རྟོགས་ལྡན་ཤེས་རབ་ཕུན་ཚོགས་རིན་པོ་ཆེའིརྣམ་ཐར་དད་ལྡན་ཐར་པའི་གྲུ་གཟིངས།
༢ ཡེ་ཐ་དཔོན་གྱི་ལོ་རྒྱུས།
༣ དཔྱོད་སྒོམ་ལ་འཇུག་བདེའི་བླ་མ་རྒྱང་འབོད།
༤ མི་རྟག་དྲན་མགུར།
༥ གཟུངས་འཇུག་གཙོ་བོའི་འདོད་གསོལ།
༦ སྐྱེས་རབས་གསོལ་འདེབས་ངོ་མཚར་པདྨའི་རང་མདངས།
༧ གྱད་དམག་རྒྱལ་ཆེན་སྐུ་བསྟོད།
༨ གནམ་ཐེལ་ལས་གཞུང་གི་གསོལ་འདེབས།
༩ ཞུ་ལུགས་བསྐང་འབུམ་གདངས་དབྱངས།
༡༠ མ་རྒྱུད་གཤེན་ལུགས་གྱེར་རྟ།
༡༡ གེ་ཁོད་ཞུ་ལུགས་ཀྱི་འདོན་ཟིན།
༡༢ བཱེེ་རོའི་ཐུགས་ཏིག་འདོན་ཟིན།
༡༣ སྤུ་རྒྱལ་གསོལ་མཆོད་བཅའ་ཐབས།
༡༤ མ་རྒྱུད་བྲུ་ལུགས་ལ་ཨ་གསལ་སྦྲགས་རྟ།
༡༥ གནས་བདག་མལ་སྡེར་གྱི་མཆོད་བསྟོད།

   མཇུག་ཏུ་དཔེ་ཚོགས་སྒྲིག་སྦྱོར་ཐད་ལྷག་སེམས་དཀར་ལ་མཁྱེན་རྒྱ་ཡངས་ཤིང་བརྩེ་བ་ཟབ་ལ་མཉམ་མྱོང་ཕྱུག་པ་ལྷག་ཏུ་རང་མི་རིགས་དང་རིག་གཞུང་ལ་ཁ་ཕྱོགས་པའི་སྐྱ་སེར་ཕོ་མོ་གང་ནས་དགོངས་འཆར་ལྷུག་སྩོལ་རེ་གནང་བར་མཁྱེན།༼སྤ་ཚང་དགོན་དཔེ་ཚོགས་༽ཕྱོགས་སྒྲིག་གཉེར་སྐྱོང་བ་དགེ་བཤེས་བློ་གྲོས་རྒྱལ་མཚན་གྱིས་སེམས་གཏིང་ནས་རེ་སྒུགས་བཅངས་མུས་ལགས།།

འབྲེལ་ཡུལ། ༡༣༩༨༩༩༦༣༧༣༨

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།