རྗེས་དྲན་རྩོམ་བསྡུའི་བརྡ་སྦྱོར་ཡི་གེ།

[ཟླ་ཚེས། 2016-04-12 22:25:05][རྩོམ་པ་པོ། རྗེས་དྲན་རྩོམ་སྒྲིག་ཚན་ཆུང][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

00.jpg
༧ རང་སྐྱོན་ངོས་ཟིན་གྱི་ཚུལ་དུ་སྨྲས་པ་གཞན་ཕན་སྒྱུ་མའི་མགུར་དབྱངས་ལས།
གནས་ལུགས་རང་གིས་མ་མཐོང་བར།།
གཞན་ལ་གསལ་འདེབས་བྱེད་པ་རྫུན།།
ཚིག་གི་སྒྲོ་འདོགས་མ་ཆོད་ཀྱང་།།
དོན་གྱི་གནད་རྣམས་ཤེས་ཟེར་རྫུན།།
ཞེས༧ རྒྱལ་ཚབ་བསྟན་འཛིན་དབང་གི་རྒྱལ་པོས་རང་སྐྱོན་རང་ལ་ངན་དུ་བགྲངས་པའོ།།

གཤམ་དུ་མུ་འགོད།

   ཀློག་མཁན་རྣམ་པ་ལགས། ངེད་ཅག་འགྲོ་བའི་བླ་མ། བརྩེ་ཆེན་སྙིང་རྗེའི་རང་གཟུགས། ༧ རྒྱལ་ཚབ་མཐོང་བ་དོན་ལྡན། སྐུ་མི་རྟག་ཚུལ་བསྟན་གྱི་མཛད་པར་ཞུགས་ཤིང་། གསུང་མི་རྟག་འགག་ཚུལ་གྱི་བདེན་པ་སྤར་ཏེ། མི་ཡུལ་འདི་དང་ཞལ་གྱེས་ཚུལ་ནི ༧ བླ་མ་ཁོང་ལ་མཚོན་ན། སངས་རྒྱས་ཁོང་ལ་གཞལ་ན། སེམས་དཔའ་ཁོང་ལ་བསམ་ན། སྐུ་ཚེ་མཐར་ཕྱིན་གྱི་དགོངས་པ་རྫོགས་ཏེ་དོན་གཉིས་མ་ལུས་པར་ལྷུན་གྱིས་འགྲུབ་ཡོད་ཀྱང་། ངེད་ཅག་འགྲོ་བར་བལྟས་ན། ཕེབས་པ་སྔ་སོང་བས་སྡུག་ཡུས་བཙན་ལ། བཞུད་པ་བྲེལ་སོང་བས་ན་ཟུག་ཆེ་བཞིན། ཉི་མ་ཞག་གིས་བདས་ཏེ་ལོ་འཁོར་གསུམ་ལ་ཉེ་བའི་མཚམས་འདིར། ངེད་གྲྭ་རྐྱང་གཉིས་ཀྱིས་བླ་མ་སངས་རྒྱས་སུ་མཐོང་བའི་དག་སྣང་ཉག་གཅིག བླ་མ་དྲིན་ཅན་དུ་ཤེས་པའི་གདུང་འབོད་དང་འགྲོགས་ཏེ། བླ་མ་ཁོང་དྲན་པའི་ན་ཟུག་ཞུ་ས། སངས་རྒྱས་ཁོང་དྲན་པའི་གསོལ་འདེབས་བགྱི་ས། མི་ཡུལ་གྱི་དྲང་སྲོང་ཆེན་པོ་ལ་རྗེས་དྲན་གྱི་སླད་དུ ༼རྒྱ་འོབས་བླ་མ་རྗེས་སུ་དྲན་པ༽ ཞེས་པའི་དེབ་གཉིས་པ་བསྐྲུན་འདོད་ཡོད་པས། ཀློག་པོ་ཁྱེད་ཀྱིས་བཅད་ལྷུག་གང་རུང་གི་རྗེས་དྲན་གྱི་རྩོམ་ཡིག་ཅིག་གནང་རྒྱུའི་རེ་ཞུ་ཕུལ་བ་ཡིན། ཞོར་དུ་རྩོམ་བསྡུ་བའི་ཟླ་ཚེས་ལྟར་བསྐུར་རྒྱུ་མ་བརྗེད་ཅིག

རྩོམ་བསྡུ་བའི་ཟླ་ཚེས། 2016. 4. 12.ནས། 2016. 6. 12. བར་བསྡུ་རྒྱུ་ཡིན། 

འབྲེལ་གཏུག་བྱ་ཡུལ།
གདོང་སྐལ་བཟང་བསམ་གཏན། 18283744456。
微信 18283744456
QQ 813680610
རིག་པའི་མེ་ལྕེ།
13408378655
微信 13408378655
QQ 1791017852

རྟགས་གསལ་གླིང་རྩོམ་སྒྲིག་ཁང་དང་རྗེས་དྲན་རྩོམ་སྒྲིག་ཚན་ཆུང་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི༼རྒྱ་འོབས་བླ་མ་རྗེས་སུ་དྲན་པ༽ ཞེས་པའི་རྩོམ་བསྡུའི་བརྡ་སྦྱོར།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།