རྗེ་མཉམ་མེད་པའི་བཀའ་འབུམ་དང་འབྲེལ་བའི་གསལ་བསྒྲགས་གལ་ཆེན།

[ཟླ་ཚེས། 2016-03-30 20:04:45][རྩོམ་པ་པོ། གཙང་ཚྭ་དགེ་བཤེས་ཤེས་རབ་གཡུང་དྲུང་གཙུག་ཕུད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 ༄༅། །རྒྱལ་བ་གཉིས་པ་སྨན་རི་བ་མཉམ་མེད་ཆེན་པོའི་བཀའ་འབུམ་དང་འབྲེལ་བའི་གསལ་བསྒྲགས་གལ་ཆེན།
21.jpg

   ཕྱོགས་མཐའ་གང་སར་བཞུགས་པའི་བསྟན་བདག་བླ་སྤྲུལ་དགེ་བཤེས་ཡོངས་དང་རྣམ་དཀར་བསྟན་སྦྱིན་རྣམ་པའི་སྙན་དབང་དུ་ཞུ་གསོལ། ཁོ་བོས་ན་ནིང་ ༧ རྒྱལ་བ་གཉིས་པ་སྨན་རི་བ་མཉམ་མེད་ཆེན་པོའི་བཀའ་འབུམ་ཕྱོགས་བསྒྲིགས་པར་སྐྲུན་གྲུབ་རྗེས་གཡུང་དྲུང་བོན་གྱི་དགོན་རི་ཁྲོད་ཡོད་དོ་ཅོག་ལ་ཚར་རེ་རྟེན་བཞག་ཕུལ་ཡོད་པ་ཤེས་གསལ་ལྟར་ད་དུང་ལག་སོང་མ་བྱུང་བ་ཡོད་ན་ངེས་པར་དུ་བཞེས་རོགས་ཞུ།
   དེ་རིང་ཆེད་དུ་ཞུ་རྒྱུ་ནི། ཕྲན་གྱིས་བསམ་པར་པར་ཐེངས་དང་པོའི་སྐབས་སུ་དགོན་རི་ཁྲོད་རྣམས་ལ་ཚར་རེ་ཕུལ་བའི་ལྷག་འཕྲོ་བསླུ་མཁན་བྱུང་ན་པར་ཐེངས་གཉིས་པ་ཞིག་པར་རྒྱག་སྟེ་དགོན་གནས་སོགས་བཤད་སྒྲུབ་སློབ་གླིང་ཁག་གི་སློབ་གཉེར་བ་རྣམས་ལ་ཚར་རེ་འབུལ་ཐུབ་ན་བསམ་པའི་འཆར་གཞི་ཡོད་ཀྱང་པར་ཐེངས་དང་པོ་ད་བར་དེ་ཙམ་བསླུ་མཁན་བྱུང་མ་སོང་བས། པར་ཐེངས་གཉིས་པ་གནས་སྐབས་རྒྱག་ཐུབ་མ་སོང་། དེར་བརྟེན་བསྟན་དགོན་གྱི་བདག་པོ་བླ་སྤྲུལ་དགེ་བཤེས་རྣམས་དང་རྣམ་དཀར་བསྟན་སྦྱིན་རྣམས་ཀྱིས་གཏོང་ཕོད་ཀྱི་ཕྱག་ཟུང་རིང་དུ་བསྲིངས་ཏེ་བཤད་སྒྲུབ་སློབ་གླིང་ཁག་གི་སློབ་མ་རྣམས་ལ་བོན་སྦྱིན་གནང་རྒྱུའི་ཆེད་དུ་བཀའ་འབུམ་རིན་པོ་ཆེ་བླུ་མཁན་རྣམས་ལ་རིན་གོང་ཆུང་ཐུབ་ཐུབ་བྱེད་རྩིས་ཡོད།
   བླུ་མཁན་རྣམས་ཀྱིས་ཚར་ ༢༥ ནས་ ༥༠ བར་དུ་བླུས་ན་ཚར་རེར་སྒོར་ ༢༨༠ བྱེད་རྒྱུ་དང་། ཚར་ ༥༠ ནས་ ༡༠༠ བར་བསླུས་ན་ ༢༧༠ བྱེད་རྒྱུ། ཚར་ ༡༠༠ ནས་ ༢༠༠ བར་བསླུས་ན་ ༢༦༠ བྱེད་རྒྱུ། ཚར་ ༢༠༠ ཡན་བསླུས་ན་ ༢༥༠ བྱེད་རྒྱུ་ཡིན་པས་དེ་དོན་ཡིད་འཇགས་གནང་སྟེ་བཤད་སྒྲུབ་སློབ་གཉེར་བ་རྣམས་ལ་བོན་སྦྱིན་གནང་བའི་རེ་བ་ཞུ་རྒྱུ་ཡིན། གཞན་ཚོང་ཁེའི་ཆེད་དུ་ཉོས་ནས་ཕྱིར་སིལ་ཚོང་བྱེད་བསམ་མཁན་ཡོད་ན་དེ་རིགས་གོང་ཚད་སྔོན་མ་ལས་དམིགས་བསལ་གང་ཡང་མེད། དེས་ན་རྣམ་པ་ལྷན་རྒྱས་ནས་དེ་འདྲ་མི་བྱེད་པའི་ཁ་གསལ་གནང་དགོས། གལ་ཏེ་བྱུང་ན་རྗེས་སུ་རྙོག་གྲ་ཆགས་ངེས་ཡིན་པས་དགོངས་འཇག་ཡོད་པ་ཞུ།།

འབྲེལ་གཏུགས་ཁ་པར། 13659564999_13990418773

གུས་གཙང་ཚྭ་དགེ་བཤེས་ཤེས་རབ་གཡུང་དྲུང་གཙུག་ཕུད་ནས། 2016- 3-28 ཉིན་ པེ་ཅིང་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།