རྩོམ་བསྡུའི་བརྡ་སྦྱོར།

[ཟླ་ཚེས། 2015-01-21 11:09:33][རྩོམ་པ་པོ། གངས་ཏི་སེའི་རིག་གནས་རྒྱུད་འཛིན་ཚོགས་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   iu.jpg

   ཨ་མྱེ་ཚོས་བདེན་དོན་བསྩོལ་བའི་མེས་པོ་ཡི་རྒྱུད་འཛིན་རྣམ་པ་ཏི་ཙེ་ཡི་གླེགས་བམ་གྲངས་མང་ཆུ་བོ་འདིའི་འབབ་རྒྱུན་འཚོལ་བའི་ལྗོངས་ཆེན་པོའི་རྣམ་རིག་གི་རྩལ་ལས་འཁྱུག་པའི་སྨྱུག་ཐོགས་པ་དང་རིག་གཞུང་ལ་མངའ་ཐང་མཐོ་བའི་སྐྱེས་བུ་དམ་པ་སྟེ་རྣམ་དཔྱོད་ཀྱི་ཉམས་རྩལ་བློ་ལ་རྫོགས་ཤིང་བདེན་དོན་གྱི་གསུང་གླེང་ངག་ལ་རྩེན་པའི་རྒྱལ་ཁབ་ཕྱི་ནང་ཀུན་ལ་བཞུགས་པའི་རི་ཁ་བ་ཅན་གྱི་མཁས་དབང་རྣམ་པ་ཚོ་དང་དཔྱོད་ལྡན་པ་རྣམ་པ་ཚོ་མ་ཟད་རྩོམ་རིག་གི་ལམ་ལུགས་ལ་དད་མོས་ཡོད་པའི་གསར་བྱུང་རྩོམ་པ་པོ་གཙོས་རང་རིགས་ཀྱི་རྩོམ་པ་པོ་ཡོངས་ཀྱིས་དོ་སྣང་རེ་གནང་རོགས། ༼གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་༽ཀྱི་ཟུར་གཏོགས་ཚོགས་པ༼་ཁམས་ཡན་ལག་ཚོགས་པ༽ས་གཙོ་སྒྲུབ་དང་གཙོ་འཛིན་འོག་ཉེ་ཆར་དུས་དེབ་༼བོན་གྱི་འཕྲུལ་ལྡེ༽་ཟེར་བ་ཞིག་ཕུད་ཆ་ཡོད་པས་ཁྱེད་རྣམ་པས་རྩོམ་རེ་གནང་རྒྱུའི་རེ་བ་ཡོད། རྩོམ་ལུས་ཀྱི་ཆ་ནས་ལྷུག་རྩོམ་ཡིན་པ་དང་ནང་དོན་གྱི་ཆ་ནས་ཁམས་ཡན་ལག་ཚོགས་པས་གཡུང་དྲུང་བོན་ལ་ཆེད་དམིགས་ཀྱི་དུས་དེབ་ཅིག་ཡིན་སྟབས་ངེས་ཅན་དུ་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་རྩོམ་དང་ལོ་རྒྱུས་གླེང་བརྗོད་མ་ཟད་དྲི་བ་དྲིས་ལན་བཅས་ཡིན་དགོས་པའི་རེ་བ་དང་ལྷག་པར་དུ་ཞང་ཞུང་གི་རིག་གནས་དང་ཐེག་པ་རིམ་དགུ་སྒོ་བཞི་མཛོད་ལྔའི་སྐོར་དང་སྟོན་པ་དང་འབྲེལ་བའི་ལོ་རྒྱུས་བཅས་ད་དུང་རྩ་ཆེན་དགོན་སྡེའི་ངོ་སྤྲོད་དང་སྐྱེས་ཆེན་དམ་པའི་ཞལ་གདམས་སོགས་ཀྱིས་གྲུབ་པའི་རྩོམ་སྣ་རེ་གནང་རྒྱུ་བཀའ་དྲིན་ཆེ།།

འབྲེལ་བ་གནང་ཡུལ་དང་རྩོམ་བསྐུར་ཡུལ།
གཤམ་གསལ་གྱི་ཁ་པར་ཨང་གྲངས་དང་འཕྲིན་ཕྲན་ཡིག་ཟམ་བཅས་བརྒྱུད་རོགས།

རྩོམ་བསྡུ་ཡུན་སྤྱི་ཟླ་༢པོའི་ཚེས་༡ནས་སྤྱི་ཟླ་༦་པའི་ཟླ་མཇུག་ཚུན་ཆད་ངེད་རྩོམ་སྒྲིག་ཁང་དུ་ངེས་པར་དུ་འབྱོར་བ་གནང་རོགས།
ཁ་པར་ཨང་གྲངས། རྨེའུ་དྲི་ཟ། 13540995955 ཧྱོ་དུང་མདའ། 13684390225 ཟླ་མེ་ལྕེ། 15108166697 ཟྭ་ཚོད། 15196203600 འཕྲིན་རྒྱལ། 18783638772 ཟླ་བསོད་བློ། 15183713522 འཕྲིན་ཕྲན། 本教的灵魂 Gqdz0225 དོན་ཚེ། ifydvtby ཟླ་བའི་གསལ་ཆ། t5676599 ཡིག་ཟམ། zhaxilangjia6@163.com 2966990864@sq.com

གངས་ཏི་སེའི་རིག་གནས་རྒྱུད་འཛིན་ཚོགས་པའི་རྩོམ་སྒྲིག་ཚན་ཆུང་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།