ཐར་བདེ་སྤྲུལ་སྐུ་ཚང་བོན་འཛིན་གཡུང་དྲུང་གླིང་དུ་ཕེབས་པ།

[ཟླ་ཚེས། 2014-11-24 22:31:06][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན་གྱིས་སྒྲིག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

Fl201411230952438003.jpg
བོན་འཛིན་གཡུང་དྲུང་གླིང་གི་ཚོགས་ཁང་།
Fl201411230953443901.jpg
ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད་དང་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་རྣམ་གཉིས།

   ༢༠༡༤ལོའི་ཟླ་བ་༡༡་པའི་ཚེས་༢༠ཉིན་ལ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད་ཚང་དང་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་རྣམ་གཉིས་སི་ཁྲོན་ཉིང་ཧྲན་ཁུལ་གྱི་བོན་འཛིན་གཡུང་དྲུང་གླིང་༼དེ་སྔའི་ལོ་རྒྱུས་སུ་ཁྲོད་དུ་བོན་གྱི་དགོན་ཆེ་ཆུང་དྲུག་ཡོད་པར་གྲགས་༽གི་བླ་གྲྭ་དམངས་ཚོགས་ཀྱིས་གདན་ཞུས་གནང་བ་ལྟར་དུ་ཕེབས་པ།

 Fl201411230954545570.jpg
Fl201411230956439198.jpg

   དེ་ཡང་ཐར་བདེ་ཚང་དང་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་རྣམ་གཉིས་ཁྲིན་ཏུའུ་སྤོས་ངད་ལྡན་པའི་གྲོང་ཁྱེར་བརྒྱུད་དེ་ཉིང་ཧྲན་ཁུལ་གྱི་བོན་འཛིན་གཡུང་དྲུང་གླིང་དུ་ཕེབས་པ་དང་། དེར་ཡོད་ཀྱི་བླ་སེར་དང་དམངས་ཚོགས་སོགས་ནས་ཕེབས་བསུ་ཞུས།

Fl201411230957174938.jpg
Fl201411230958216814.jpg

   ཐར་བདེ་མཆོག་གིས་དེར་བཞུགས་ཀྱི་དད་ལྡན་དམངས་ཚོགས་རྣམས་ལ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་ཁུངས་དང་ཁྱད་པར་དུ་ད་ལྟའི་དུས་ཀྱི་བོན་བསྟན་གྱི་འཕེལ་རིམ་དང་འབྲེལ་ཏེ་བོན་བསྟན་འདི་ཉིད་རྒྱལ་ཕྱི་ནང་ཀུན་དང་ལྷག་པར་དུ་བོད་མདོ་དབུས་ཁམས་གསུམ་དུ་དར་རྒྱས་སུ་འགྲོ་བཞིན་པའི་སྐོར། དེར་མ་ཟད་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ལུང་དང་རྟོགས་པའི་བསྟན་པ་གཉིས་སུ་འདུས་ཚུལ་དང་གྲྭ་བཙུན་རྣམས་ལ་ཕྱིའི་ཚུལ་དང་ནང་གི་ཁྲིམས་སྲུང་དགོས་ཚུལ་སོགས་ཀྱི་ཐད་ལ་སློབ་སྟོན་གནང་བ་དང་།

Fl201411230958474988.jpg
Fl201411231000138462.jpg

   གཞན་གྲྭ་བ་དང་དམངས་ཚོགས་ཀྱི་ན་གཞོན་རྣམས་ལ་སློབ་གཉེར་གྱི་གོ་སྐབས་ཡག་པོ་དགོས་ཚུལ། མ་འོངས་པར་མི་རིགས་དང་ཆོས་ལུགས། དགོན་སྡེ་བཅས་ཀྱི་བདག་པོ་ཁོང་ཚོ་ཡིན་ཚུལ། ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་ཡུལ་ལུང་དེ་ཉིད་བདག་སྐྱོང་ཡག་པོ་གནང་དགོས་ཚུལ་བཅས་ཀྱི་བཀའ་སློབ་སོགས་ཟབ་རྒྱས་སུ་གནང་ཡོད་པ་དང་།

Fl201411230959206841.jpg
Fl201411231000524177.jpg
Fl201411231001367800.jpg

   དེ་བཞིན་ཁོང་གིས་དེར་བཞུགས་ཀྱི་གྲངས་ཉུང་མི་རིགས་ཀྱི་དམངས་ཚོགས་རྣམས་ལ་བཀའ་དབང་གནང་སྟེ་མཛད་འཕྲིན་བསྐྱངས། བོན་འཛིན་གཡུང་དྲུང་གླིང་ལ་རྒྱལ་བའི་བཀའ་འགྱུར་ཆེན་མོ་རིན་པོ་ཆེ་ཚར་གཅིག་རྟེན་བཞག་གནང་བ་བཅས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།