གཡུང་དྲུང་བོན་གྱི་འཁོར་ཆེན་དང་རྣམ་བཅུ་དབང་ལྡན་ཆེན་མོ་ལེགས་གྲུབ་ཀྱི་རབ་གནས་མཛད་པ།
[ཟླ་ཚེས། 2014-11-16 00:35:15][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
མདོ་སྨད་ཟིང་ཆུ་ཡུལ་དུ་གཡུང་དྲུང་བོན་གྱི་འཁོར་ཆེན་དང་རྣམ་བཅུ་དབང་ལྡན་ཆེན་མོ་ལེགས་གྲུབ་ཀྱི་རབ་གནས་མཛད་པ།
གཡུང་དྲུང་བོན་གྱི་འཁོར་ཆེན་རབ་གནས་གནང་བར་ཕེབས་པའི་མཁན་པོ་དང་བླ་སྤྲུལ་གྲྭ་བཙུན།
རྣམ་བཅུ་དབང་ལྡན་ཆེན་མོ་རབ་གནས་ལ་ཕེབས་པའི་མཁན་པོ་བླ་སྤྲུལ་སོགས།
དེ་ཡང་མདོ་སྨད་གཡུང་དྲུང་བོན་གྱི་ཡུལ་མཆོག་ཤར་ཁོག་ཟིང་ཆུ་ཡུལ་དུ་རག་གསེར་ལས་གྲུབ་པའི་༼གཡུང་དྲུང་བོན་གྱི་འཁོར་ཆེན་༽དང་པོ་དང་། གཡུང་དྲུང་བོན་གྱི་ཐུན་མིན་གྱི་༼རྣམ་བཅུ་དབང་ལྡན་༽ཆེན་མོ་གཉིས་ལེགས་གྲུབ་ཀྱི་རབ་གནས་མཛད་སྒོ་སྤེལ་བ་སྟེ། སྣང་ཞིག་དངུལ་སྐུ་དགོན་པའི་དགོན་བདག་དང་ཟིང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཆེན་མོ་༧སྣང་ཞིག་ཚང་ཤེས་རབ་འོད་ཟེར་རྒྱལ་རིན་པོ་ཆེས་བཀས་བཀོད་ལྟར་དུ་ཟིང་ཆུ་རྫོང་ཨ་འབེལ་གྲོང་ཚོར་༼གཡུང་དྲུང་བོན་གྱི་འཁོར་ཆེན་༽དང་པོ་དེ་གསར་བཞེངས་གནང་བ་དང་། འཁོར་ཆེན་དེ་ལ་མཐོ་ཚད་རྨིས་ཉི་ཤུ་ལྷག་༼ཁྲུ་ཙེ་དྲུག་ཅུ་ལྷག་༽དང་གཟུངས་རྫོངས་ལ་ཡང་སྙིང་པོ་རྣམ་གསུམ་དང་འབུམ་དགུ་སོགས་ཚར་གྲངས་འབུམ་ཕྲག་དུ་མ་ཡོད་པ་དང་། གཡུང་དྲུང་བོན་གྱི་འཁོར་ཆེན་འདི་འདྲ་ཞིག་ལོ་རྒྱུས་སུ་དང་པོར་ཆགས་ཡོད། ༼ འཁོར་ཆེན་དཀར་ཆག་རྒྱས་པ་གཞན་དུ་གསལ། ༽
གཡུང་དྲུང་བོན་གྱི་འཁོར་ཆེན་དང་པོ།
གཡུང་དྲུང་བོན་གྱི་འཁོར་ཆེན་དང་པོར་རབ་གནས་གནང་བཞིན་པ།
༧ མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་༧སྣང་ཞིག་ཚང་ཤེས་རབ་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་རྣམ་གཉིས།
རབ་གནས་མཛད་སྒོར་བཞུགས་པའི་མཁན་སློབ་བླ་སྤྲུལ་སོགས།
དེ་ནས་ཟིང་ཆུ་རྫོང་གཙོ་ཚང་དགོན་གྲོང་རྡལ་དུ་༧སྣང་ཞིག་ཚང་ཤེས་རབ་འོད་ཟེར་རྒྱལ་རིན་པོ་ཆེས་བཀས་བཀོད་ལྟར་དུ་རྫོང་སྲིད་གཞུང་སོགས་ནས་གསར་བཞེངས་གནང་བའི་རག་གསེར་ལས་གྲུབ་པའི་༼རྣམ་བཅུ་དབང་ལྡན་ཆེན་མོ་༽ལེགས་གྲུབ་ཀྱི་རབ་གནས་ཀྱི་ཆོ་ག་སྤེལ།
རྣམ་བཅུ་དབང་ལྡན་ཆེན་མོར་རབ་གནས་གནང་བཞིན་པ།
རྣམ་བཅུ་དབང་ལྡན་ཆེན་མོར་རབ་གནས་གནང་བཞིན་པ།
རབ་གནས་ལ་ཡང་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དགའ་མལ་དགོན་ཆེན་གྱི་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་། སྣང་ཞིག་ཚང་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་རིན་པོ་ཆེ། ཡེ་ཤེས་དགོན་པའི་སེང་སྤྲུལ་རིག་འཛིན་ཉི་མ་མཆོག བྲག་འགོ་གཞི་རིང་དགོན་པའི་མཁན་པོ་ཚེ་རིང་ནོར་བུ་མཆོག བོད་ལྗོངས་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་རག་ཤི་ཀུན་གསལ་སྙིང་པོ་མཆོག བྲག་གཡུང་དྲུང་དགོན་པའི་བླ་མ་འབྲས་བུ་བོན་འཛིན་མཆོག འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག རྔ་ཡུལ་རྟོགས་ལྡན་དགོན་ཆེན་གྱི་རྟོགས་ལྡན་བསྐལ་ཁོ་མཆོག་སོགས་བོད་མདོ་དབུས་ཁམས་གསུམ་གྱི་བླ་སྤྲུལ་ཁག་གཅིག་ཆེད་དུ་ཕེབས་ཏེ་རབ་གནས་ཀྱི་མཛད་སྒོ་སྤེལ་བ་རེད།