རྩོམ་པ་པོ་ཞིག་གི་ལག་རྗེས།

[ཟླ་ཚེས། 2014-10-05 13:41:59][རྩོམ་པ་པོ། བླ་མ་ཡེ་ཤེས་ཐབ་མཁས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཀོང་ཡུལ་བོན་རི་ཆེན་མོའི་གནས་ཀྱི་དུས་སྟོན་རྟ་ལོ་སྐོར་ཆེན་དང་འབྲེལ། སྤྱི་ལོ་༢༠༡༤ལོའི་ཧོར་ཟླ་༨པའི་ཚེས་༡༠ཉིན། བོན་རིའི་མདུན་ཞོལ་དུ་གནས་མཆོག་ཀོང་པོ་བོན་རིའི་དཀར་ཆག་རྒྱས་པ་༼རབ་གསལ་ཉི་མ་གཞོན་ནུའི་འོད༽ཅེས་པ་ལེགས་གྲུབ་བྱུང་བའི་མཛད་སྒོའི་དུས་སྟོན་ཞིག་ཚུགས་པ།
20141003_085423.jpg

   བཀྲ་ཤིས་པའི་གཏམ་ཞིག་ལ། འདི་ལོར་ཀོང་ཡུལ་བོན་རི་ཆེན་མོའི་གནས་ཀྱི་དུས་སྟོན་རྟ་ལོ་སྐོར་ཆེན་དང་འབྲེལ། སྤྱི་ལོ་༢༠༡༤ལོའི་ཧོར་ཟླ་༨པའི་ཚེས་༡༠ཉིན། བོན་རིའི་མདུན་ཞོལ་དུ་གནས་མཆོག་ཀོང་པོ་བོན་རིའི་དཀར་ཆག་རྒྱས་པ་༼རབ་གསལ་ཉི་མ་གཞོན་ནུའི་འོད༽ཅེས་པ་ལེགས་གྲུབ་བྱུང་བའི་མཛད་སྒོའི་དུས་སྟོན་ཞིག་ཚུགས་པ། མཛད་སྒོའི་དུས་སྟོན་འདི་བཞིན་ཚུགས་ཐུབ་པ་ནི། གཙོ་བོ་བོན་རིའི་མཐའ་སྐོར་གྱི་དགོན་སྡེ་རྣམས་དང་། ཉིང་ཁྲི་ས་ཁུལ་གྱི་ཀྲང་ཡེ་དང་། ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། ས་ཁུལ་རིག་གནས་ཇུས་ཀྱི་ཅུས་ཀྲང་སོགས་ཀྱིས་རྒྱ་ཆེའི་མཐོང་ཆེན་དང་རྒྱབ་སྐྱོར་འོག་དངོས་སུ་༼རྩོམ་པ་པོ་ཞིག་གི་ལག་རྗེས༽ཞེས་པའི་བརྗོད་གཞིའི་ཐོག སྒོ་འབྱེད་མཛད་སྒོ་དེ་ཟབ་རྒྱས་ངང་ཚོགས་ཐུབ་པ་བྱུང་འདུག།

20141003_103706.jpg

མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་གཡུང་དྲུང་གླིང་གི་མཁན་ཆེན་རིན་པོ་ཆེ་གཙོས་དགེ་བཤེས་བླ་སྤྲུལ་སྐྱེས་ཆེན་རྣམ་པ་དང་། ས་ཁུལ་རིག་གནས་ཅུས་ཀྱི་ཅུས་ཀྲང་། རྫོང་མི་རིགས་ཆོས་དོན་ཅུས་ཀྱི་ཅུས་ཀྲང་སོགས་དབུས་བཞུགས་ཐོག། དད་ལྡན་མང་ཚོགས་ཁྲི་ཕྲག་ལས་བརྒལ་བ་མཉམ་འཛོམས་གནང་འདུག

20141003_103025.jpg

མཛད་རིམ་སྐོར་ལ།
༡༽མཛད་སྒོའི་གཙོ་སྐྱོང་པ་བླ་མ་ཡེ་ཤེས་ཐབ་མཁས་ལགས་ནས་དབུ་འཛུགས་ཀྱི་ཁྱབ་བསྒྲགས་དང་མཛད་སྒོའི་ངོ་སྤྲོད་གནང་བ།

20141003_102252.jpg

༢༽གཡུང་དྲུང་གི་མཁན་ཆེན་རིན་པོ་ཆེས་༼གནས་མཆོག་བོན་རི་ཆེན་མོའི་དཀར་ཆག་རབ་གསལ་ཉི་མ་གཞོན་ནུའི་འོད༽དཔེ་དེབ་སྒོ་འབྱེད་གནང་བ།
༣༽རྩོམ་པ་པོ་མཁས་དབང་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་ནས་བཀའ་སློབ་སྙིང་བསྡུས།

BE1E87$E_X52G)(2L{D}O@8.jpg

༤༽རྩོམ་པ་པོས་འབྲེལ་ཡོད་སྡེ་ཁག་དང་བླ་མ་རྣམས་ལ་དཔེ་དེབ་གཟིགས་སྐྱེས་ཕུལ་བ།

8$B_3WN_[FT19LN40$IVH(9.jpg
20141003_102824.jpg

༥༽སྤྲུལ་སྐུ་ཤེས་རབ་ཕར་ཕྱིན་གྱིས་འདིར་བཞུགས་སེར་སྐྱ་ཡོངས་ཀྱི་ཚབ་ཞུས་ཏེ་རྩོམ་པ་པོ་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་རིན་པོ་ཆེ་ལ་ཐུགས་རྗེ་ལེགས་འབུལ་ཞུས་པ་དང་ཆབས་ཅིག་སྒོ་བཞི་མཛོད་ལྔའི་གྲངས་མཚུངས་ཀྱི་མཛད་སྒོ་དེ་བཀྲ་ཤིས་བདེ་ལེགས་ངང་འཇུག་བསྡུ་གནང་སོང་།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།