གནས་མཆོག་བོན་རི་རིག་གནས་འབྱུང་ཁམས་ཁུལ་དུ་བཙུད་པ།
[ཟླ་ཚེས། 2014-07-22 08:52:30][རྩོམ་པ་པོ། ལྷ་གཡག་རག་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཉིང་ཁྲི་རྫོང་མི་དམངས་སྲིད་གཞུང་གིས་༼ཀོང་པོ་བོན་རི༽རྗོང་རིམ་པའི་རིག་གནས་འབྱུང་ཁམས་ཚོད་ལྟའི་ཁུལ་དུ་བཙུད་པའི་སྐོར་གྱི་ཆོག་མཆན་ཐོབ་པ།
གནས་མཆོག་༼བོན་རི་ཆེན་མོ༽རྫོང་རིམ་པའི་རིག་གནས་འབྱུང་ཁམས་ཚོད་ལྟ་སྲུང་སྐྱོབ་ཁུལ་དུ་བཙུད་པའི་ཡིག་ཆ།
ཉིང་ཁྲི་རྫོང་རིག་གནས་རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན་ཅུས།
ཁྱེད་ཚོའི་ཅུས་ཀྱིས་ཡར་ཞུ་བྱས་པའི༼ཀོང་པོ་བོན་རི༽རྫོང་རིམ་པའི་རིག་གནས་འབྱུང་ཁམས་ཚོད་ལྟ་སྲུང་སྐྱོབ་ཁུལ་དུ་བཙུད་རྒྱུའི་ཆོག་མཆན་ཡི་གེ་དང་ལེན་བྱས་ཤིང་། རྫོང་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད་ད་ལྟ་དངོས་སུ་ཆོག་མཆན་གནང་བ་གཤམ་ལྟར།
གཅིག རྩ་དོན་ནི༼ཀོང་པོ་བོན་རི༽ རྫོང་རིམ་པའི་རིག་གནས་སྐྱེ་ཁམས་ཚོད་ལྟ་སྲུང་སྐྱོབ་ཁུལ་དུ་བཙུད་རྒྱུའི་ཆོག་མཆན་དང་སྦྲགས། འབྲེལ་ཡོད་ཀྱི་གོ་རིམས་བརྒྱུད༼ཀོང་པོ་བོན་རི༽ ཁུལ་རིམ་པའི་རིག་གནས་སྐྱེ་ཁམས་ཚོད་ལྟ་སྲུང་སྐྱོབ་ཁུལ་དུ་ཚུད་ཕྱིར་ཡར་ཞུ་བྱེད་རྒྱུ།
གཉིས། ཁྱེད་ཚོའི་ཅུས་ཀྱིས་ཀོང་པོ་བོན་རིའི་ཁོར་ཡུག་དང་རིག་དངོས་སྲུང་སྐྱོབ་ལས་གཞི་ལེགས་པར་བསྒྲུབ་ནས་རང་རྫོང་གི་རིག་གནས་ཐོན་ལས་དར་རྒྱས་ཡོང་བར་ཤུགས་སྣོན་རྒྱག་དགོས།
ཐོག་མར་སྒེར་སེམས་ཅན་ཁག་གཅིག་གིས་༼བོན་རི་ཆེན་མོའི༽ཁོར་ཡུག་གཏོར་བཤིགས་གཏོང་བཞིན་པའི་སྐབས་ཀྱི་པར་རིས་འགའ།
བོད་ལྗོངས་ནག་ཆུ་སྦྲ་ཆེན་རྫོང་སྨན་རིའི་དགེ་བཤེས་གཡུང་དྲུང་བསྟན་རྒྱལ་དང་གཙང་ཚྭ་བསམ་གཏན་འགྱུར་མེད་སོགས་བོན་ལ་ལྷག་བསམ་ཅན་མི་སྣ་མང་བོ་ཞིག་གཏོར་བཤིགས་གཏོང་མཁན་གྱི་མི་སྣ་ཁག་དང་རྫོང་རིམ་པ་སོགས་ལ་༼གནས་མཆོག་བོན་རི་༽འདི་རིག་གནས་འབྱུང་ཁམས་སྲུང་སྐྱོབ་ཁུལ་དུ་བཙུད་དགོས་པའི་ཡར་ཞུ་དང་གཏོར་བཤིགས་མཁན་དགག་འགོག་བྱེད་བཞིན་པ།
༼གསལ་མཆན།༽ ད་ཐེངས་ཀྱི་གྲུབ་འབྲས་འདི་དཀོན་མཆོག་གི་མཐུགས་རྗེ་དང་བླ་སྤྲུལ་རྣམ་པའི་ཐུགས་བསྐྱེད་སྨོན་ལམ། ང་ཚོ་གནས་སྲུང་གྲོས་རའི་རྒྱབ་སྐྱོར་ནུས་པ་བཅས་ལས་ཐོན་པ་ཞིག་རེད་ལགས། ད་དུང་ང་ཚོ་ཚང་མས་ནུས་ཤུགས་བཏོན་སྟེ་༼གནས་མཆོག་བོན་རི༽འདི་ཉིད་རྒྱལ་ཁབ་རིམ་པའི་རིག་གནས་འབྱུང་ཁམས་སྲུང་སྐྱོབ་ཁུལ་དུ་ཚུད་པའི་ཆོག་མཆན་ཐོབ་པར་ནུས་ཤུགས་ཐོན་རྒྱུ་ཡིན་པས་རྒྱལ་ཕྱི་ནང་དང་བོད་མདོ་དབུས་ཁམས་གསུམ་ལ་བཞུགས་པའི་བླ་སྤྲུལ་སྐྱེས་ཆེན་དང་རྒྱ་ཆེ་བའི་གཞུང་ལས་པ། དད་ལྡན་མང་ཚོགས་རྣམས་ནས་རྒྱབ་སྐྱོར་གྱི་ནུས་ཤུགས་འདོན་པར་བཀའ་དྲིན་ཆེ་ཞུ།
༼ངེད་དྲ་བས་གསལ་བཤད།༽གནས་ཚུལ་གལ་ཆེན་འདི་ཉིད་འགྲུབ་འབྲས་ཐོབ་ནས་དུས་ཚོད་ཅུང་ཕྱིན་སོང་མོད། དུས་ལྟར་དུ་བོད་ཡིག་ཅན་གྱི་མཚམས་སྦྱོར་མ་བྱུང་བས་དུས་ལྟར་དུ་སྤེལ་མ་ཐུབ་པ་དང་། དེ་རིང་ལྷ་གཡག་རག་པ་ལགས་ནས་བོད་ཡིག་ཐད་ནས་མཚམས་སྦྱོར་འདྲ་པར་དང་བཅས་བསྐུར་གནང་བར་བཀའ་དྲིན་ཆེ་ཞུས་པ་ལགས།