དགའ་མལ་དགོན་ཆེན་གྱི་སྒྲུབ་སློབ་ཁྲི་བཞེངས་མཛད་སྒོ།

[ཟླ་ཚེས། 2014-02-25 12:08:58][རྩོམ་པ་པོ། དགོན་ཆེན་དྲུང་ཡིག་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་ཀུན་ཁྱབ་བདེ་ཆེན་གླིང་ངམ་དགའ་མལ་དགོན་ཆེན་གྱི་སྒྲུབ་གྲྭའི་སློབ་དཔོན་ཁྲི་རབས་གསུམ་པ་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་མཆོག་ཁྲི་བཞེངས་ཀྱི་མཛད་སྒོ་སྤེལ་བ།
DSC_0638.jpg
སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་མཆོག
DSC_0621.jpgDSC_0619.jpg
བླ་གྲྭ་ཁག་གིས་༧སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་ལགས་ཕེབས་བསུ་བྱེད་བཞིན་པ།

   དེ་ཡང་གཤེན་གྱི་འབྱུང་ལྡན་༣༠༡ནང་ཚན་བོད་རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ལོའི་༼ཨ་མདོ་ལུགས་ཀྱི་ཤིང་རྟ་ལོའི་ཟླ་བ་དང་པོ༽ཟླ་བ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན་ལ་མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་ཀུན་ཁྱབ་བདེ་ཆེན་གླིང་ངམ་༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་སྒྲུབ་གྲྭ་མདོ་སྔགས་བཤད་སྒྲུབ་གླིང་གི་སློབ་དཔོན་ཁྲི་རབས་གསུམ་པ་ཁྲི་བཞེངས་ཀྱི་མཛད་སྒོ་སྤེལ་བ་རེད།

DSC_0626.jpg
༧ མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་༧དཔོན་སློབ་ཤེས་རབ་མཐར་ཕྱིན་མཆོག ༧སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་མཆོག་བཅས།
DSC_0861.jpgDSC_0873.jpg
༧ མཁན་སློབ་རྣམ་པ་གཙོས་པའི་དགོན་ལག་ཁག་གི་བླ་སྤྲུལ་བཅས།
DSC_0828.jpgDSC_0624.jpg
༧ སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་མཆོག་ཁྲི་བཞེངས་ཀྱི་ཕེབས་བསུ་བྱེད་བཞིན་པ།

   ཀུན་གྱིས་མཁྱེན་གསལ་ལྟར་བྱང་བྱ་དུར་དགའ་མལ་དགོན་ཆེན་ནི་ཕྱི་དགོན་ལག་བཅུ་གསུམ་དང་ནང་དགོན་ཁག་ལྔ་ལྷན་འཚོགས་ཀྱི་དགོན་ཆེན་ཞིག་ཡིན་པ་ལ། སྒྲུབ་སློབ་ཀྱང་དེ་སྔ་ཁྲི་རབས་དང་པོ་དཔོན་སློབ་བསྐལ་བཟང་དར་རྒྱས་མཆོག་དང་། ཁྲི་རབས་གཉིས་པ་སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་མཆོག་གཉིས་ཡིན་ལ། དེ་ནས་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་མཆོག་དགོན་ཆེན་གྱི་སྒྲུབ་སློབ་ཁྲི་རབས་གསུམ་པའི་ཁྲི་བཞེངས་གནང་བ་རེད། ཁོང་ཉིད་ཀྱང་ཕྱི་དགོན་ལག་བཅུ་གསུམ་དང་ནང་དགོན་ཁག་ལྔའི་དགོན་བདག་བླ་མ་དང་སྤྲུལ་སྐུ། མཁན་པོ་དམངས་གཙོ་བདག་གཉེར་གྱི་ཀྲུའུ་རེན་རྒན་གཞོན་སོགས་བླ་གྲྭ་ཡོངས་གཅིག་མཐུན་ངང་ནས་ཁོང་ཉིད་སྒྲུབ་སློབ་ཀྱི་ཁྲི་བཞེངས་གནང་བ་དང་། ཁྲི་བཞེངས་མཛད་སྒོ་ལ་ཡང་༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་། དཔོན་སློབ་ཤེས་རབ་མཐར་ཕྱིན་རྣམ་གཉིས་གཙོས་པའི་དགོན་ལག་ཁག་གི་དགོན་བདག་བླ་མ་དང་སྤྲུལ་སྐུ། མཁན་པོ་གྲྭ་བ་སོགས་བླ་གྲྭ་ལྔ་བརྒྱ་ལྷག་དང་། དད་ལྡན་དམངས་ཚོགས་སྟོང་ཕྲག་འགའ་ལྷན་བཅས་ཀྱིས་མཛད་སྒོར་བཞུགས་པ་རེད། 

ཅེས་རང་དགོན་གྱི་སྒྲུབ་སློབ་ཁྲི་བཞེངས་མཛད་སྒོའི་གནས་ཚུལ་གནད་བསྡུས་ཙམ་ཞིག་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་དྲུང་ཡིག་ཚན་ཁག་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།