འོད་སྡེར་༼སྒོ་ཕུག་བར་གསུམ༽འགྲེམ་སྤེལ་བྱས་པ།

[ཟླ་ཚེས། 2014-01-02 00:45:05][རྩོམ་པ་པོ། ཀ་ཤུལ་བསོད་རིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བོད་ལྗོངས་ནག་ཆུ་སྦྲ་ཆེན་གླུ་བ་དཀོན་མཆོག་རྒྱལ་མཚན་གྱི་གླུ་གཞས་ཆེད་སྒྲིག་༼སྒོ་ཕུག་བར་གསུམ༽ཞེས་པ་འགྲེམ་སྤེལ་བྱས་པ།
03.jpeg.png

འདི་ནི་ཨ་མའི་བྱམས་དུངས་སུ་འཚེར་བའི་ཉིད་འོད་ཀྱི་ཀུ་རེ་ཡིན།
འདི་ནི་དད་པའི་བྱིན་རླབས་སུ་བསྒྲོན་པའི་ལྷ་ཆེན་གྱི་བརྩེ་བ་ཡིན།
འདི་ནི་དབྱངས་ཀྱི་རྒྱུད་སྐུད་དུ་བརྒྱུས་པའི་མི་ཡི་གསུང་སྐད་ཡིན།
འདི་ནི་དཀོན་མཆོག་རྒྱལ་མཚན་ལ་དབང་བའི་གླུ་སྐད་ཀྱི་འབོད་པ་ཡིན།
05.jpg

བདག་གི་དད་པ་དེས། བདག་གི་རིགས་ཞེན་དེས། བདག་གི་ཉིད་འོད་དེས་གླུ་སྐད་ཅིག་སང་སང་བསྒུལ་བྱུང་། ཧ་ཅང་མཛེས་པའི་གླུ་སྐད་ཅིག་སང་སང་དུ་བསྒུལ་བྱུང་། དེ་ནི་གསར་སྐྱེས་གླུ་བ་དཀོན་མཆོག་རྒྱལ་མཚན་གྱི་དུངས་པའི་བདེན་པ་རེད། དེ་ནི་བོད་ཀྱི་གླུ་བ་དཀོན་མཆོག་རྒྱལ་མཚན་གྱི་དད་པའི་དབྱངས་འགྲོས་རེད།

སྒོ་ཕུག་བར་གསུམ་གཤེན་རབ་པའི་ཤེས་རབ་འོད་ཀྱིས་བསྒྲོན་པའི་ཞི་བའི་ཕ་ས། སྒོ་ཕུག་བར་གསུམ་ཞང་ཞུང་པའི་བྱ་རུ་རླབས་ཀྱིས་བསྟོད་པའི་ལོ་རྒྱུས་ཀྱི་ཕ་ས། སྒོ་ཕུག་བར་གསུམ་སྐྱེས་ཆེན་ཚོའི་རྟོགས་བརྗོད་ཉིད་འོད་བཞིན་འཚེར་བའི་འོད་ཀྱི་རྡོག་འཕྲོས།

03.jpg

ཀྱེ་ཀྱེ་བདག་གི་སྤུན་དང་ན་ཟླ།
འདི་རུ་སྨད་ཀྱི་མདོ་ཁམས་སྒང་དྲུག་ནས། སྟོད་ཏི་སེར་ཟུག་པའི་གཞས་ཀྱི་གདངས་རབས་ཤིག་གྲགས་ནས་འོང་།
འདི་རུ་བར་དབུས་གཙང་རུ་བཞི་ནས། སྟོད་མངའ་རིས་སྐོར་གསུམ་དུ་འཐེན་པའི་དབྱངས་ཀྱི་རྒྱད་སྐུད་ཅིག་བཀྲོལ་བཞིན་ཡོང་།

འདི་ནི་ཨ་མའི་བྱམས་དུངས་སུ་འཚེར་བའི་ཉིད་འོད་ཀྱི་ཀུ་རེ་ཡིན།
འདི་ནི་དད་པའི་བྱིན་རླབས་སུ་བསྒྲོན་པའི་ལྷ་ཆེན་གྱི་བརྩེ་བ་ཡིན།
འདི་ནི་དབྱངས་ཀྱི་རྒྱུད་སྐུད་དུ་བརྒྱུས་པའི་མི་ཡི་གསུང་སྐད་ཡིན།
འདི་ནི་དཀོན་མཆོག་རྒྱལ་མཚན་ལ་དབང་བའི་གླུ་སྐད་ཀྱི་འབོད་པ་ཡིན།

གླུ་གཞས་ཀྱི་དཀར་ཆག

༡མི་འགྱུར་དད་པའི་རང་སྒྲ། ༢ཤེས་རབ་ཅན་གྱི་དང་པོ་བ། ༣ཅི་འདྲའི་བསྐལ་པ་བཟང་པོ། ༤ཤེས་རབ་ཀྱི་འོད། ༥བོད་ཀྱི་བོན་དགོན། ༦ བར་ཆད་མེད་པའི་སྨོན་ལམ་འདེབས། ༧དད་སེམས་པད་མ་དཀར་པོའི་མཆོད་སྤྲིན། ༨ཨཱོྃ་ཝ་ཀི་དྷི་ན་མ། ༩བསྐལ་བཟང་ཤར་བྱུང། ༡༠བསོན་དང་གྲོགས་པོ་ཚོ། ༡༡ཡིད་སྐྱོ་བའི་ནང་དམེ་མཚམས་འཇོག་གྱིས། ༡༢ རིགས་བཟང་བོད་ཀྱི་བུ་མོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།