གལ་ཆེའི་གསལ་བརྡ།

[ཟླ་ཚེས། 2013-12-06 23:33:16][རྩོམ་པ་པོ། བཀོད་སྒྲིག་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཐེངས་བཞི་བའི་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབ་གྲོས་ཚོགས་འཚོགས་རྒྱུའི་གསལ་བརྡ།
10.jpg

དེ་ཡང་༢༠༡༠ལོ་ནས་རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཀོད་སྒྲིག་འོག་ལོ་རེ་བཞིན་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབ་གྲོས་ཚོགས་ཐེངས་རེ་འཚོགས་ཀི་ཡོད་པ་བཞིན། ད་ལོ་ཡང་གྲོས་ཚོགས་ཀྱིས་བཀོད་སྒྲིག་ལྟར་དུ་གཟི་རྩ་སྡེ་དགུའི་རབ་དབེན་དགོན་གྱི་བོན་མཁར་སྐལ་བཟང་རིན་ཆེན་མཆོག་དང་རྔ་བ་སྣང་ཞིག་དགོན་གྱི་པཎ་ཙ་བསྟན་འཛིན་དར་རྒྱས་རྣམ་གཉིས་འགན་འཛིན་འོག་གནང་བ་བཞིན་དུ་ཁོང་རྣམ་གཉིས་ནས་བཀོད་སྒྲིག་ལྟར་དུ་སྤྱི་ལོ་༢༠༡༤་ལོའི་དང་པོའི་ཚེས་བདུན་ནས་ཚེས་བཅུའི་བར་དུ་ཐེངས་བཞི་བའི་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབ་གྲོས་ཚོགས་དེ་ཁྲེན་ཏུའུ་གྲོང་ཁྱེར་དུ་འཚོགས་ཀི་ཡོད་པས་ཕྱོགས་སོ་སོར་བཞུགས་པའི་བོད་རྒྱ་སྐད་གཉིས་སྨྲ་བའི་དབང་བོ་རྣམས་ཕེབས་པའི་དགའ་བསུ་དང་བཅས་ཞུ་བ་ལགས།

འབྲེལ་གཏུགས་གནང་ཡུལ། བོན་མཁར་སྐལ་བཟང་རིན་ཆེན། 13990424988
པཎ་ཙ་བསྟན་འཛིན་དར་རྒྱས། 13308912555
2010120817183592.jpg
ཐེངས་དང་པོའི་ཚོགས་ཞུགས་པ།
ཐེངས་དང་པོའི་སྐབས་སུ་ཕབ་བསྒྱུར་གནང་བའི་ཐ་སྙད།
http://old.himalayabon.com/article/research/translation/20101214442.html
312.jpg
ཐེངས་གཉིས་པའི་ཚོགས་ཞུགས་པ།
ཐེངས་གཉིས་པའི་སྐབས་སུ་ཕབ་བསྒྱུར་གནང་བའི་ཐ་སྙད།
http://old.himalayabon.com/article/research/translation/20111214698.html
2013012200172162.jpg
ཐེངས་གསུམ་པའི་ཚོགས་ཞུགས་པ།
ཐེངས་གསུམ་པའི་སྐབས་སུ་ཕབ་བསྒྱུར་གནང་བའི་ཐ་སྙད།
http://old.himalayabon.com/article/research/translation/20130222948.html

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།