སྣང་ཞིག་དགོན་ཆེན་གྱི་རྡོ་རམས་དམ་བཅའ་ཆེན་མོའི་མཛད་སྒོ་འཚོགས་པ།

[ཟླ་ཚེས། 2013-10-24 22:15:01][རྩོམ་པ་པོ། ཀ་ཤུལ་བསོད་རིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 སྤྱི་ལོ༢༠༡༣ལོའི་མདོ་སྨད་སྣང་ཞིག་དགོན་ཆེན་གྱི་རྡོ་རམས་དམ་བཅའ་ཆེན་མོའི་མཛད་སྒོ་ཟབ་རྒྱས་ངང་འཚོགས་པ།
IMG_4306.JPG
IMG_4292.JPG

དེ་ཡང་ལོ་ལྔ་རེའི་ནང་རྡོ་གཅལ་སྟེང་དུ་འཛིན་གྲྭ་གཅིག་རེ་འཕར་བའི་མཛད་ཆེན་ནམ་མདོ་སྨད་སྣང་ཞིག་དགོན་ཆེན་གྱི་རྡོ་རམས་དམ་བཅའི་མཛད་སྒོ་སྣང་དགོན་རྡོ་གཅལ་ཐང་དུ་ཟབ་རྒྱས་ངང་ཉེ་བའི་ཆར་འཚོགས།

IMG_4295.JPG

དེ་ཡང་སྔ་དྲོའི་དུས་ཚོད་བཅུའི་སྟེང་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་བླ་བྲང་ནས་མདོ་སྨད་བསྟན་པའི་བདག་ཉིན་ཆེན་པོ་༧སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་དང་། འཚོགས་ཆེན་དཔོན་སློབ་བསྟན་འཛིན་སྨོན་ལམ་རིན་པོ་ཆེ་མཆོག

IMG_4830.JPG

དེ་མིན་ད་ལོའི་རྡོ་རམས་འཛིན་གྲྭའི་དབུ་བཞུགས་སམ་མདོ་སྨད་སྣང་ཞིག་དགོན་གྱི་ནང་ཆེན་ཆེ་དྲུག་གི་ཡ་གྱལ། ཀོང་པོ་སྐུ་ཤུག་དགོན་གྱི་དགོན་བདག་ཨ་གྲགས་སྤྲུལ་སྐུ་ཤེས་རབ་དཔལ་ཆེན་རིན་པོ་ཆེ་དང་། བབ་བཟོ་མདའ་ཆེན་དགོན་གྱི་དགོན་བདག་བླ་མ་ཤེས་རབ་བློ་གསལ་རིན་པོ་ཆེ། ཟིང་ཆུ་མཁར་ཡག་དགོན་གྱི་དགོན་བདག་སྤྲུལ་སྐུ་ཚུལ་ཁྲིམས་དབང་རྒྱལ་རིན་པོ་ཆེ། ཅོག་ལོ་དགོན་གྱི་སྤྲུལ་སྐུ་ཀུན་དགའ་ཚུལ་ཁྲིམས། ཁྱུང་མཆུ་རྫོང་ཚ་ལུང་དགོན་གྱི་སྤྲུལ་སྐུ་ཕུན་ཚོགས་རྣམ་རྒྱལ་སོགས་གཙོ་ཡིན་པའི་རྡོ་རམས་འཛིན་གྲྭ་ཡོངས་ཚོགས་ཆེན་འདུ་ཁང་ཆེན་མོར་གདན་འདྲེན་ཞུས།

IMG_4832.JPG

དུས་ཚོད༡༢སྟེང་བླ་གྲྭ་སྟོང་ཕྲག་གཅིག་ལྷག་སྣང་དགོན་རྡོ་གཅལ་ཐང་དུ་དགྱེས་འཛོམ་བྱུང་ཞིང་། སྣང་དགོན་དབུ་མཛད་ཆེན་མོས་བླ་མ་སངས་རྒྱས་ཞེས་པའི་ཇ་མཆོད་དེ་བོན་གྱི་བསྟན་པའི་གསལ་བྱེད་གྱུར་པའི་མཁས་ཆེན་རྣམས་ལ་བསྟོད་ཚིག་གིས་དབུ་འཛིན་བཟུང་སྟེ་རེབ་འདིའི་མཛད་སྒོ་དངོས་སུ་སྤེལ།

IMG_4309.JPG

དུས་ཚོད༡༢དང་ཕྱེད་མཚམས་ནས་དགུང་ཁའི་དུས་ཚོད་ལྔའི་བར་ད་ལོའི་རྡོ་རམས་འཛིན་གྲྭའི་དགེ་བཤེས་ཡོངས་དམ་བཅའ་ལ་བཞུགས་ཏེ། རིམ་བཞིན་འཛིན་གྲྭ་སོ་སོའི་སྐྱོར་དཔོན་རྣམས་ཀྱིས་མདོ་སྔགས་རྫོགས་གསུམ་གྱི་དཀའ་གནད་རྣམས་རྩོད་སྒྲུབ་ཀྱི་ལམ་དུ་བསྲིངས་ཏེ་རྣམ་དཔྱོད་ཤེས་རབ་ཀྱི་རལ་གྲི་མཐོན་པོར་ཕྱར། དུས་ཚོད་ལྔའི་སྟེང་སྣང་ཞིག་སྐྱབས་མགོན་མཆོག་གིས་བཀྲ་ཤིས་སྨོན་ལམ་གསུངས་པའི་མཛད་འཕྲིན་བསྐྱངས་ཤིང་།

IMG_4313.JPG

འཚོགས་ཆེན་དགེ་སྐོས་ཆེན་མོས་རྡོ་རམས་འཛིན་གྲྭ་རྡོ་གཅལ་སྟེང་དུ་འཛིན་སྤོར་བྱས་རྗེས་འཛིན་གྲྭ་སོ་སོ་རིམ་བཞིན་འཛིན་སྤོར་བྱས།

IMG_4268.JPG

དེ་མིན་ཉིན་དེར་རྡོ་རམས་འཛིན་གྲྭའི་རྟེན་བཞག་གི་འཚབ་ཏུ་ཨ་གྲགས་སྤྲུལ་སྐུ་ཤེས་རབ་དཔལ་ཆེན་རིན་པོ་ཆེས་བཞེངས་པའི་དབལ་བོན་སྟག་ལྷ་མེ་འབར་གྱི་སྐུ་སོགས་རྟེན་བཞེངས་རྒྱ་ཆེ་བྱས།

88.JPG 

སྤྱི་ཟླ༡༠བའི་ཚེས༡༢ནས་ཉིན་གསུམ་གྱི་རིང་ད་ལོའི་རྡོ་རམས་འཛིན་གྲྭ་ཡོངས་དགྱེས་སྟོན་གྱི་ཚུལ་དུ་བླ་མ་ཚེ་དབང་རིག་འཛིན་གྱི་གདན་ས་གླང་ཆེན་འགྱིང་རི་དང་སྟོན་པ་ཆུ་གཟིགས་སོགས་སུ་མཇལ་སྐོར་དུ་ཕེབས་ཏེ་ད་ལོའི་རྡོ་རམས་མཛད་ཆེན་མཇུག་གྲུབ་པར་བྱས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།